Part of the same original manuscript as IOL Tib J 468 and 667

Section: 1
l.1r.1: ༄། །ཡང་ལ་ལས་པསམ་གཏན་དུ་འཇུག་པ་ལ་ཐབས་མྱེད་དུ་མྱྀ་རུང་ནའ།། པསམ་གཏན་གྀ་ཐབས་ཅྀ་ལྟར་བྱ་བའ་ཡང་ཡོད་
l.1r.2: དེའ། གང་པསམ་གཏན་ཐམས་ཅད་སྤངས་ནས་མྱྀ་སེམས་པར་འདུག་པ་དེ་ཉྀད་། ཐེག་པ་ཆེན་པོའྀ་པསམ་གཏན་
l.1r.3: དུ་འཇུག་པའྀ་ཐབས་ཡྀན་ནོའ། །ཡང་ལ་ལ་མུ་སྟེགས་ཅན་གྀ་པསམ་གཏན་ལ་སྩོགས་པའ་ཡོད་
l.1r.4: སྙམ་དུ་ཐེ་ཙོམ་དུ་འགྱུར་བ་ཡང་སྲྀད་དེ། མུ་སྟགས་ཐམས་ཅད་ནྀ་གཞྀ་བདག་དུ་ལྟ་བ་ལ་བརྟེན་ནས་། རྟག་པ་འམ་
l.1r.5: ཆད་པ་གཅྀག་དུ་བསྒྲུབས་སྟེ། ཁམས་གསུམ་སེམས་ཙམ་དུ་མྱྀ་འདོད་ཀྱྀ། རྒྱུ་རྐྱེན་མྱེད་པ་འམ། མཁན་པོ་ལ་རེག་ལགས་
l.1v.1: པ་ལྟར་ལྟ་སྟེ། འདུ་ཤེས་ཀྱྀས་སྐྲག་ཅྀང་སྐྱོ་ནས། ཅྀ་ཡང་མྱེད་པ་ལ་དགའ་སྟེ།། ཇྀ་ཡང་མྱེད་པ་དེ་བསམ་གཏན་དུ་བསྒྲུབས་ནས།
l.1v.2: གཟུགས་མྱེད་པའྀ་ལྷར་སྐྱེའོ།། དེ་ནས་བསྐལ་པ་མང་པོར་ལོན་བ་དང༌། མྱ་ངན་ལས་འདས་པ་ཡང་མྱེད་དོ་སྙམ་
l.1v.3: དུ་འདུ་ཤེས་གཡོས་ནས་ཐལ་བྱུང་སེམས་ཅན་དམྱལ་བར་ལྟུང་བས་ནའ་། ཁྱད་བར་ཆེའོ།། ཿ ཿ །།
l.1v.4: ཡང་ཉན་ཐོས་ཀྀ་འགོག་པའྀ་པསམ་གཏན་དང་འདྲ་བར་དོགས་པ་ཡང་ཡོད་དེའ། ཉན་ཐོས་ཀྱྀ་བསམ་གཏན་ནྀ་
l.1v.5: རྣམ་པ་མང་མྱོད་ཀྱྀ་།མདོར་འདྲ་སྟེ། གཞྀ་གང་ཟག་ལ་བདག་མྱེད་པ་ལ་བརྟེན་ནས། འདུས་བྱས་ཐམས་ཅད་མྱྀ་རྟག་པ་དང༌།
l.2r.1: ༄། །ཀྱྀ་རྒྱུར་མྱྀ་སྩོགས་པ་མ་ཡྀན་ཀྀས།ཕ་རོལ་དུ་ཕྱྀན་པ་དྲུག་ཀྱང་ཅྀ་ནུས་སུ་གྱིས་ཤྀག།། བསམ་གཏན་དུ་འདུག་པའྀ་ཚེ་
l.2r.2: ན་སེར་སྣ་དང་སྦྱྀན་པའྀ་སེམས་གཉྀས་ཀྱང་རྟོག་པའྀ་བག་ཆགས་སུ་འདྲ་བས་ནའ། ཕ་རོལ་དུ་ཕྱྀན་པ་དྲུག་སྤྱད་པ་དང།
l.2r.3: བསམ་གཏན་གཉྀས་ག་ཡང་ཡྀད་ལ་མྱྀ་བྱ་བར་ལང་ངོ།། དཔེར་ན་ཉྀ་མ་ལ་སྤྲྀན་དཀར་གནག་གཉྀས་ཀ་ཡང་
l.2r.4: སྒྲྀབ་པར་མཚུངས་པ་དང་འདྲའོ། ཿ ཿ ། ཡེ་ནྀ་ཕ་རོལ་དུ ཕྱིན་པ་ལ་རྣམ་པ་གསུམ་སྟེ། འཇྀག་རྟེན་འདྀ་དང་།འཇྀག་རྟེན་ལས་འདས་པ་དང༌། འཇྀ
l.2r.5: ག་རྟེན་ལས་འདས་པ་དང།འཇིག་རྟེན་ལས་འདས་པའྀ་མཆོག་གོ །མཆོག་གྀ་ཕ་རོལ་དུ་ཕྱྀན་པ་ནྀ་མྱྀ་དམྱྀགས་པཱ་
l.2v.1: རྟོག་པ་མྱེད་པ་སྟེ། མྱྀ་རྟོག་པའྀ་སེམས་སྐད་ཅྀག་ལ། ཕ་རོལ་དུ་ཕྱྀན་པ་དྲུག་ཆར་རྫོགས་སོ། །དེ་མ་ཡྀན་པ་གཉྀས་ནྀ་རྟོག་པ་དང།
l.2v.2: དཔྱོད་པ་ཡོད་པས་ན་བསམ་གཏན་དུ་འདུག་པའྀ་ཚེ་ཚོར་བས་གནན་ཏོ།། ཕ་རོལ་དུ་ཕྱྀན་པ་ལ་རྣམ་པ་གཉྀས་ཏེ། གཅྀག་
l.2v.3: ནྀ་ཕྱྀ་རོལ་གྱི་སྤྱོད་པ་སྟེ་ཐབས་ཀྱྀས་ཕ་རོལ་ཏུ་ཕྱྀན་པ་འོ།། གཉྀས་ནྀ་ནང་གྀ་སེམས་མྱྀ་གཡོ་བ་སྟེ།།
l.2v.4: ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱྀན་པ་འོ།། དེ་ལྟ་བས་ན་ཐབས་ཀྱྀ་ཕ་རོལ་དུ་ཕྱིན་པ་མངོན་སུམ་དུ་སྤྱོད་པར་མྱྀ་སྣང་
l.2v.5: ཡང། ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱྀན་པ་དང་རང་བཞྀན་གྀས་ལྡན་ནོ། །ཡང་ལ་ལ་མང་དུ་ཐོས་པར་བྱས་ལ་། དེ་ནས་
l.3r.1: ༄། །གདོད་བསམ་གཏན་དུ་འཇུག་གོ་ཟེར་བ་ཡང་ཡོད་དེ། མང་དུ་ཐོས་པ་ཞེས་བྱ་བ་ནྀ་ཆོས་ཐམས་ཅད་མ་སྐྱེས་པར་ཁོང་དུ་
l.3r.2: ཆུད་ནའ། མང་དུ་ཐོས་པ་ཞེས་བྱ་བ་ཡྀན་གྱྀ། འབྲུ་དང་ཚིག་ལ་ཞུགས་པ་ནྀ་མང་དུ་ཐོས་པ་མ་ཡྀན་ནོ། དེ་ཇྀའྀ་ཕྱྀར་
l.3r.3: ཞེ་ན། མཐོང་བས་ཆོས་མྱྀ་མཐོང། ཐོས་པས་ཆོས་མྱྀ་ཐོས་། ཚོར་བས་ཚོས་མྱྀ་ཚོར། རྣམ་པར་ཤེས་
l.3r.4: པས་ཆོས་མྱྀ་ཤེས།པས་ནའ། གང་མཐོང་བ་དང། ཐོས་པ་དང། ཚོར་བ་དང༌། རྣམ་པར་ཤེས་པ་ཚོལ་བས་ནི་
l.3r.5: དེ་རྣམས་ཚོལ་བ་ཡྀན་གྱྀ། ཆོས་ཚོལ་བ་མ་ཡྀན་ནོ།། དེ་དག་ཀྱང་མདོ་ཙམ་བཤད་ཀྱྀ་། ཐེ་ཙོམ་དང་ཡྀད་མྱྀ་ཆེས་སོ་
l.3v.1: ཆོས་སྨོས་སུ་ཟྀན་ནའ། ལམ་མྱྀ་མཐུན་པའྀ་སེམས་ཅན་གྲངས་མྱེད་པས་། རྣམ་པར་རྟོག་པའྀ་ཐེ་ཙོམ་ཟད་མྱྀ་ཤེས་
l.3v.2: ཏེ། མདོར་ན་ཅྀ་ཙམ་དུ་ཡྀད་མྱྀ་ཆེས་ཤྀང་ཐེ་ཙོམ་དུ་འགྱུར་ཏོ་ཆོག །རང་གྀ་རྟོག་པས་བསླུས་ཤྀང༌། སྔོན་དེ་བཞྀན་
l.3v.3: གཤེགས་པའྀ་བསམ་གཏན་ལ་མ་བསྒོམས་པའྀ་མཐའ་ཡྀན་བས། དེ་ཀུན་མྱྀ་བསམ་ཞྀང་
l.3v.4: ཚོར་བར་བྱའོ། །དེ་བཞྀན་གཤེགས་པའྀ་བསམ་གཏན་ཅྀག་ཅར་འཇུག་པ་ལ་། སེམས་བསྐྱེད་པ་
l.3v.5: ཙམ་གྱིས་ཀྱང་ཁམས་སུམ་ཟྀལ་གྱྀས་གནོན་པར་འགྱུར་ན། མ་ནོར་བར་སྒོམ་བ་ལྟ་སྨོས་ཀྱང་ཇྀ་དགོས་ཏེ། དཔེར་
l.4r.1: ༄ ་ན་སེང་འགེའྀ་ཕྲུ་གུ་མྱྀག་མ་བྱེ་བ་ཡང༌། བྱོལ་སོང་གཞན་སྐྲག་པར་བྱེད་པ་དང། ཀ་ལ་པྀང་ཀའྀ་ཕྲུ་གུ་སྒོ་ང་ན་ཀ་ལ་ལྷགས་
l.4r.2: ནས། མ་ཡང་འཕུར་བུ་ཡང་འཕུར་བ་དང་མཚུངས་ཏེ། བསམ་གཏན་འདྀའི་ཡོན་ཏན་ནྀ་འཇྀག་རྟེན་ན་། །
l.4r.3: དཔེ་བྱ་བ་སླ་བ་མ་ཡྀན་པས་ནའ། མཐུ་དང་དོན་ཆེའོ།། བསམ་གཏན་འདྀ་ནི་ཐེག་པ་ཆེད་(ཆེན)པོའྀ་ཆོས་ལ་
l.4r.4: དད་ཅྀང༌། ཆོས་ཐམས་ཅད་སེམས་ཙམ་དུ་ཡྀད་ཆེས་པ་ཐམས་ཅད་། སུ་ཡང་བསྒོམ་ཞྀང་བསྩལ་དུ་རུང་ངོ། །
l.4r.5: མ་བསྒོམས་ཕན་ཆད་གཅྀག་དུ་ཆགས་པ་ནྀ། ཕྱུག་པོའྀ་ནོར་རྟག་ཏུ་བགྲངས་ཀྱང༌། བདག་ཕྱུག་ལ་མྱྀ་ཕན་པ་དང༌
l.4v.1: མཚུངས་ཏེ་དོན་མྱེད་དོ།། ༈ །།ཐེག་པ་ཆེན་པོ་དབུ་མའྀ་དོན་བསྒོམ་བའྀ་ཐབས་ནྀ་། མདོར་བསྟན་པ་ཀུན་རྫོབ་
l.4v.2: དུ་ཕྱྀ་ནང་གྀ་ཆོས་ཐམས་ཅད་ནྀ།ཐོག་མ་ནས་རང་གྀ་རྣམ་པར་རྟོགས་པས་འཁྲུལ་པར་མཐོང་བ་འམ།།
l.4v.3: རྟེན་ཅྀང་འབྲེལ་ཏེ་བྱུང་བ་སྒྱུ་མའྀ་མཚན་ཉྀད་ཙམ་ཡྀན་བས་། དོན་དམ་པར་དངོས་པོ་མྱེད་དོ།།
l.4v.4: དངོས་པོ་མྱེད་པས་སྐྱེ་བ་མྱེད། སྐྱེ་བ་མྱེད་པས་འགག་པ་མྱེད། མྱྀ་སྐྱེ་མྱྀ་འགག་པ་ནྀ་ཆོས་ཀྱྀ་དབྱྀངས་ཀྱྀ་
l.4v.5: ཆོས་ཀྱྀ་དབྱྀངས་ནྀ་ཆོས་ཀྱྀ་སྐུ་འོ། །དེ་བས་ན་ཆོས་ཐམས་ཅད་ཀྱྀ་རང་བཞྀན་འདྀ་ལྟ་བུ་ཡྀན་པས།ཇྀ་ལ་ཡང་མྱྀ་
l.5r.1: ༄། །རྟོག་པར་སྒོམས་ཤྀག།། དྲྀས་པ་འདྀ་ལྟར་བསྒོམ་པའྀ་ཚེ་། རྣམ་པར་རྟོག་པ་བྱུང་བ་ཅྀ་ལྟར་བྱུང།། བཤད་པ།
l.5r.2: རྣམ་པར་རྟོག་པའྀ་སེམས་དེ་ཉྀད་དངོས་པོ་མྱེད་པའ། སྐྱེ་བ་མྱེད་པ་། འགག་པ་མྱེད་པ། ཆོས་ཀྱྀ་དབྱྀ
l.5r.3: ངས་ཀྱྀ་སྐུ་ཉྀད་པས། བཅོས་མྱྀ་དགོས་ཀྱྀས། དེ་ལ་རྗེས་སུ་འབྲང་བར་ཡང་མྱྀ་བྱའ། དགག་པར་
l.5r.4: ཡང་མྱྀ་བྱ། མྱྀ་བཅོས་པར་ཡེ་དེ་བཞྀན་ཞོག་ཅྀག། །དེ་ཇྀའྀ་ཕྱྀར་ཞེ་ན། སེམས་ནྀ་ཡེ་ནས་མྱྀ་གནས་པའ་
l.5r.5: ཡྀན་པས། ད་མྱྀ་གནས་པར་བྱ་མྱྀ་དགོས་། སེམས་ནྀ་ཡེ་ནས་མྱྀ་རྟོག་པ་ཡྀན་པས། །ད་མྱྀ་རྟོག་པར་བྱ་མྱྀ་དགོས་ཏེ།།
l.5v.1: ཡེ་ནས་དེ་བཞྀན་ཉྀད་ཀྱྀ་ཕྱིར་བཅོས་པའོ།། མདོ་ལས་ཀྱང༌བདག་མྱེད་པ་འྀ་ཆོས་ལས་བྱུང།།སངས་རྒྱས་བྱང་ཅུབ་
l.5v.2: རྫོགས་བྱེད་པ། །རྣམ་པར་མྱྀ་རྟོག་དམྱྀགས་སུ་མྱེད། །བྱང་ཆུབ་སེམས་འདྀ་བརྟན་བར་བསྒོམ། །
l.5v.3: ཡང་མདོ་ལས་།། ཆོས་ནྀ་སེམས་ཀྱྀ་གཟུགས་བརྙན་ཡྀན། །སེམས་ནྀ་དམྱྀགས་སུ་མྱེད་པ་ཉྀད། །
l.5v.4: མྱྀ་སྐྱེ་མྱྀ་འགག་ཐུགས་ལས་འདས། །ནམ་མཁའ་ཁོད་སྙོམས་མྱྀ་རྟོག་བཞྀན།།དེ་ལྟར་བསྒོམས་ནའ།
l.5v.5: མུ་སྟེགས་ལྟར་འཁོར་བར་ཡང་མྱྀ་གནས་།། ཐབས་དང་ཤེས་རབ་དུ་ལྡན་བས་། བསྒྲྀབ་པ་དང་ཉོན་མོངས་པ་གཉྀས་
l.6r.1: ༄། །བསལ་ཅེས་བྱ་།། བསོད་ནམས་དང་ཡེ་ཤེས་ཀྱྀ་ཚོགས་གཉྀས་འཕེལ་། བདག་དང་གཞན་གྀ་དོན་ཕུན་སུམ་
l.6r.2: ཚོགས་པ་ཡང་གྲུབ། བསོད་ནམས་ཀྱྀ་སྐུ་དེའ། ས་གཉྀས་ཆོས་སྐུ་ཐོབ་ཅྀང༌། མྱྀ་གནས་པའྀ་མྱ་ངན་ལས་
l.6r.3: འདས་པ་དང།། འཁོར་བའྀ་མཐའ་ཅྀ་ཙམ་བར་།། སེམས་ཅན་གྀ་དོན་མཛད་པ་འགྲུབ་པར་འགྱུར་རོ། ཿ །


Section: 2
l.6r.4: ༄། །བསམ་གཏན་གྀ་སྐྱོན་རྣམས་བསྟན་པའ་། །བགེགས་རྣམ་པ་ལྔ་ལ། ལུས་དང་ལོངས་སྤྱོད་ལ་ལྟ་
l.6r.5: བ་ནྀ་ཞྀ་གནས་ཀྱྀ་བགེགས་སོ།། འཕགས་པའྀ་གཏམ་འདོད་པ་མ་ཐོས་པ་ནྀ་། ལྷག་མཐོང་གྀ་བགེགས་ཡྀན་ནོ།
l.6v.1: འདྲེས་པར་གནས་པ་དང་ཅུང་ཟད་ཚམ་(ཙམ་)གྀས་ཆོག་པར་འཛིན་པ་ནྀ་། གཉྀ་གའྀ་བགེགས་ཡྀན་ནོ།། དེ་ལ་ཡང་གཅིག་གིས་
l.6v.2: ནྀ་སྦྱོར་བར་མྱི་བྱེད་དོ།། གཅྀག་ཤོད་ཀྱིས་ནྀ་སྦྱོར་བ་མཐར་ཐུག་པར་མྱྀ་འགྱུར་རོ། ཿ ཿ །སྒྲྀབ་པ་ལྔ་ལ་། དགོད་
l.6v.3: པ་དང་འགྱོད་པ་ནྀ་ཞི་གནས་ཀྱྀ་སྒྲིབ་པ་ཡྀན་ནོ།། རྨུགས་པ་དང་གཉྀད་དང་ཐེ་ཙོམ་ནྀ་ལྷག་མཐོང་གི་སྒྲིབ་
l.6v.4: པ་ཡྀན་ནོ།། འདོད་པ་ལ་འདུན་པ་དང་གནོད་སེམས་ནྀ། གཉྀ་གའྀ་སྒྲྀབ་པ་ཡྀན་ནོ། །གཡེང་བ་རྣ་
l.6v.5: པ་ལྔ་ལ། ཡྀད་ལ་བྱེད་པའྀ་རྣམ་པར་གཡེང་བ་དང༌། ཕྱྀ་རོལ་དུ་སེམས་རྣམ་པར་གཡེང་བ་དང། ནང་དུ་སེམས་རྣམ་
l.7r.1: ༄། །པར་གཡེང་བ་དང། མཚན་མའྀ་རྣམ་པར་གཡེང་བ་དང། གནས་ངན་ལེན་གྀ་རྣམ་པར་གཡེང་བ་འོ། །དེ་ལའ་
l.7r.2: ཐེག་པ་ཆེན་པོ་ཡྀད་ལ་བྱེད་པ་བཏང་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱྀ་ཡྀད་ལ་བྱེད་པར་རབ་ཏུ་ལྟུང་ནའ།།
l.7r.3: དེ་ནྀ་ཡྀད་ལ་བྱེད་པའྀ་རྣམ་པར་གཡེང་བ་ཡྀན་ནོ། །གལ་ཏེ་ཕྱྀ་རོལ་གྀ་འདོད་པ་ལྔ་པོ་དག་དང།།
l.7r.4: འདུ་འཛི་དང་མཚན་མ་དང༌། རྣམ་པར་རྟོག་པ་དང། ཉེ་བའྀ་ཉོན་མོངས་པ་དང། ཕྱྀ་རོལ་གྀ་དམྱྀགས་པ་
l.7r.5: རྣམས་ལ་སེམས་རྣམ་པར་འཕྲོ་བར་གཏོང་ན་། དེ་ནྀ་ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་ཡྀན་ནོ།། གལ་ཏེའ་
l.7v.1: རྨུགས་པ་དང་གཉྀད་ཀྱིས་བྱིང་སྙོམས་པར་འཇུག་པའྀ་ཉེ་བའྀ་ཉོན་མོངས་པ་གང་ཡང་རུ་བས་ཉོན་མོངས་པར་
l.7v.2: གྱུར་ནའ། དེ་ནྀ་ནང་དུ་སེམས་རྣམ་པར་གཡེང་བ་ཡྀན་ནོ། གལ་ཏེ་ཕྱི་རོལ་གྀ་མཚན་མ་ལ་བརྟེན་ནས།
l.7v.3: ནང་གྀ་ཏིང་ངེ་འཛྀན་གྀ་སྤྱོད་ཡུལ་གྀ་མཚན་མ་ཡྀད་ལ་བྱེད་ན། དེ་ནྀ་མཚན་མའྀ་རྣམ་པར་གཡེང་བ་
l.7v.4: ཡྀན་ནོ། །གལ་ཏེ་ནང་གྀ་ཡིད་ལ་བྱེད་པ་ལ་བརྟེན་ནས་། བྱུང་བའྀ་ཚོར་བ་ལ་། གནས་ངན་ལེན་གི་
l.7v.5: ལུས་ཀྱྀས་ང་འོ་སྙམ་པའྀ་རློམ་སེམས་སུ་བྱེད་ན་། དེ་ནྀ་གནས་ངན་ལེན་གྀ་གཡེང་བ་ཡྀན་ནོ།། ཿ ཿ ཿ །།
l.8r.1: ༄། །གཞན་ཡང་བསམ་གཏན་དང།ཏྀང་ངེ་འཛིན་སྒོམ་པ་ཐམས་ཅད་ལ།སྐྱོན་རྣམ་པ་དྲུག་ཡོད་དེ།། དེ་དག་གང་ཞེ་ན།
l.8r.2: ལེ་ལོ་དང། དམྱིགས་པ་བརྗེད་པ་དང། བྱྀང་བ་དང། རྒོད་པ་དང། མྱི་རྩོལ་བ་དང། རྩོལ་བ་འོ། །དེ་དག་སྤོང་བའྀ་
l.8r.3: གཉེན་པོར་དམྱིགས་པའྀ་འདུ་བྱེད་རྣམ་པ་བརྒྱད་བསྒོམ་དགོས་སོ།། དེ་དག་གང་ཞེ་ནའ། དད་པ་དང།
l.8r.4: མོས་པ་དང། སྩོལ་བ་དང། ལས་སུ་རུང་བ་དང། དྲན་བ་དང། ཤེས་བཞིན་དང། སེམས་པ་དང། བཏང་སྙོམས་
l.8r.5: སཱོ།། དེ་ལ་དང་པོ་གཞྀ་ནྀ་ལེ་ལོའྀ་གཉེན་པོ་སྟེ། ཏྀང་ངེ་འཛིན་གྀ་ཡོན་ཏན་ལ་མངོན་བར་ཡྀད་ཅེས་(ཆེས་)པ་ལས་དད༌
l.8v.1: པ་སྐྱེ་འོ།། དེ་ནས་ཤྀན་ཏུ་མོས་ཤིང་དགའ་བར་འགྱུར་རོ།། དགའ་བས་བརྩོན་འགྲུས་རྩོམ་སྟེ།། བརྩོན་འགྲུས་གྀ་
l.8v.2: མཐུས་བསྒོམས་པ་དང༌། སེམས་གསལ་ཞིང་ཡངས་ལུས་ཀི་མདོག་བདེ་སྟེ། སེམས་དང་ལུས་ལས་སུ་
l.8v.3: རུང་ངོ།། ལས་སུ་རུང་བས་ལེ་ལོའྀ་དབང་དུ་མྱྀ་འགྱུར་ཏེ། ལེ་ལོ་དང་སྙོམ་ལས་ལ་ཕྱིར་ལྡོག་པར་
l.8v.4: འགྱུར་རོ།། དྲན་བ་ནྀ་དམྱྀགས་པ་བརྗེད་པའྀ་གཉེན་པོ་སྟེ། ཞྀ་གནས་དང་ལྷག་མཐོང་རྒྱུན་དུ་མཉམ་
l.8v.5: པར་བཞག་པའྀ་རིག་པ་ལས་། འདུ་ཤེས་ཀྱི་དབང་དུ་གྱུར་ཏེ་བརྗེད་ན་། དེ་མ་ཐག་ཏུ་ཚུལ་བཞྀན་ཡྀད་ལ་བྱེད་པ་
l.9r.1: ༄། །དྲན་བར་བྱ་འོ།། ཤེས་བཞིན་གིས་ནྀ་བྱིང་བ་དང་དགོད་པའྀ་གཉེན་པོ་སྟེ། དེ་ནས་དེ་གཉྀས་རིག་ནས་བརྟགས་ཏེ་
l.9r.2: སྤོང་བར་འགྱུར་རོ།། བྱིང་བ་དང་རྒོད་པ་གཉྀས་གསལ་ཞྀང་ཞྀ་བར་བྱ་བའྀ་དུས་ན། མྱྀ་རྩོལ་བ་ཡང་ཉེས་པ་
l.9r.3: ཡྀན་ཏེ།། དེའྀ་གཉེན་པོར་སེམས་བསྒོམ་པ་ཡིན་ནོ་། གལ་ཏེ་བྱིང་བ་དང་རྒོད་པ་གཉིས་ཞི་ནས་། སེམས་
l.9r.4: མཉམ་པར་རྣལ་དུ་ཕབ་ཅིང་ལས་སུ་རུང་བ་ལས། ཡང་གསལ་བར་བྱས་ན་དེ་ཡང་ཉེས་པ་ཡྀན་ཏེ།།
l.9r.5: དེའྀ་གཉེན་པོ་མཉམ་བར་བཏང་སྙོམས་སུ་གཞག་གོ།། ནམ་བཏང་སྙོམས་གྀ་སེམས་དེ་ཉྀད།ཞྀ་གནས་དང་ལྷག་
l.9v.1: མཐོང་ངོ་བོ་ཉིད་མྱི་གཉིས་ཤྀང་དབྱེར་མྱེད་དེ། ལུས་དང་སེམས་ལས་སུ་རུང་ཞིང་མ་ནོར་བའྀ་ཚད་ནྀ། དང་པོ་རྨུག་
l.9v.2: ཤྀང་བྱིང་བ་ནྀ་གསལ། རྒོད་ཅིང་གཡེང་བ་ནྀ་ཞི་བའྀ་དུས་ནའ།། ལུས་དང་སེམས་ཀྀ་ཟོ་མདོག་བདེ་ཞིང་གསལ་ཏེ།
l.9r.3: གཉྀད་ཆུང། ཟས་འཇུའ། ནད་འབྱང་ཞྀང་ཤེས་རབ་སྐྱེ་བ་ལ་ཙོགས་པའྀ་ཡོན་ཏན་འབྱུང་སྟེ། དེ་ལྟར་
l.9v.4: གྱུར་པའྀ་དུས་ན་ཡང༌། རློམ་སེམས་མྱྀ་བྱ་འོ།། ཿ ཿ ཿ །།བསམ་གཏན་བསྒོམ་པའྀ་དུས་ན། ཡང་དག་པ་མ་
l.9v.5: ཡྀན་པའྀ་འདུ་ཤེས་ལ་རྟོག་ཅིང་ལོག་པར་ལྟ་བའྀ་སྐྱོན་བཞྀ་བསྟན་པ། །རྒྱ་སྐད་དུ་། ཤབ་སིམ་འདོའི་ཇེའུ།།
l.10r.1: ༄། །བོད་སྐད་དུ་སེམས་བསྡུ་ཞྀང་ནང་དུ་རྟོག་པ།། རྒྱ་སྐད་དུ་། ཁྀ་སིམ་པའུ་ཧྭེའྀ།། བོད་སྐད་དུ་སེམས་ལྡང་
l.10r.2: ཞྀང་སྐྱེ་བའོ།། རྒྱ་སྐད་དུ་། འགྀང་སིམ་ཤ་བྱི་དེང།། བོད་སྐད་དུ་།སེམས་ལྷན་ནེ་འདུག་ཅིང་རྩེ་གཅིག་
l.10r.3: དུ་འཇུག་པ།། རྒྱ་སྐད་དུ། ཐེའུ་སྀམ་ཁན་ཙེང།། བོད་སྐད་དུ་།སེམས་གནས་ཤྀང་དབེན་པ་ལ་
l.10r.4: དམྱྀགས་པ།། སྤྱོད་པ་འདྀ་བཞྀ་སྐྱོན་ཡྀན་པར་རྟོགས་ན། ལམ་མ་ནོར་ཏེ། ཡང་དག་པའྀ་དོན་
l.10r.5: རྀག་ཅིང་ཁོང་དུ་ཆུད་པར་འགྱུར་རོའ། །ཡང་དག་པའྀ་ལམ་རྟོག་(རྟོགས་)པ་གང་ཞེ་ན་། བདག་དང་ཆོས་སུ་མྱྀ་དམྱྀགས་
l.10v.1: ཤྀང།། སེམས་ཡང་དག་པ་ཉྀད་དུ་གསལ་བའྀ་ཤེས་བཞྀན་དུ་བར་མ་ཆད་ན། སངས་རྒྱས་ཀྱྀ་རང་བཞྀན་མཐོང་
l.10v.2: བ་ཡྀན་ནོ།། ཕྱྀ་ནང་གྀ་ཆོས་ཐམས་ཅད་ནྀ། སྒྱུ་མ་སྨྱྀག་རྒྱུ་ཆུ་ཟླའ་སྤྲུལ་པ་ལྟ་བུ་ལ། རྣལ་
l.10v.3: འབྱོར་པས་མཉམ་པར་བཞག་པའྀ་དུས་ན། དེ་ལ་ཡང་མྱྀ་དམྱྀགས་པར་བཞག་སྟེ། མ་བླངས།
l.10v.4: མ་བོར་། མ་འོངས། མ་སོང༌། མྱྀ་ལེན། མྱྀ་གནས། མྱྀ་ཆགས་པ། ཅྀ་སྐད་དུ་ཡང་མ་གྲུབ་པའྀ་ཆོས་
l.10v.5: མཚན་མ་ཏྀལ་ཙམ་ཡང་བརྗོད་པ་འམ། །གདགས་པ་མ་མཆྀས་པས། མཉམ་པར་བཞག་པའྀ་དུས་ན།།
l.11r.1: ༄། །མཚན་མ་ཅྀ་བྱུང་ཡང་རང་གྀ་དབེན་པའྀ་སེམས་ཡྀན་ནོའ།།


Section: 3
l.11r.2: ༄༅། །འཇམ་དཔལ་གཞོ་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་ཚངས་ལ་
l.11r.3: ཕན་སེམས་ཀྱིས་།། འཇམ་དཔལ་གཞོ་ནུར་གྱུརད་པ་ལ་གསོལ་པ། །ཡང་དག་པར་གཤེགས་པའྀ་
l.11r.4: སའ། །བར་བར་ནྀ་དྲྀ་མའྀ་ཚོསྒ་གཙང་མར་བཤད། །བར་བར་ནྀ་གཙང་མའྀ་ཆོས་དྲྀ་མར་བཤད།།
l.11v.1: བར་བར་ནྀ་སངས་རྒྱས་འཇྀག་རྟེན་དུ་འབྱུང་ངོ་ཞེས་བཤད། །བར་བར་ནྀ་མྱྀ་འབྱུང་ངོ་ཞེས་བཤད། །བར་བར་ནྀ་སང་
l.11v.2: རྒྱས་ཀྱྀས་ཆོས་བཤད་དོ།། བར་བར་ནྀ་སངས་རྒྱས་ཀྱྀས་ཆོས་མ་བཤད་དོ།། བར་བར་ནྀ་མྱེ་ངན་ལས་
l.11v.3: འདས་པ་ཡོད་པར་བཤད།། བར་བར་ནྀ་མྱེ་ངན་ལས་འདས་པ་མྱེད་པར་བཤད།། བར་བར་ནྀ་
l.11v.4: སེམས་ཅན་ཡོད་ཅེས་བཤད།། བར་བར་ནྀ་སེམས་ཅན་མྱེད་ཅེས་བཤད་ན། །འདྀའི་དོན་ཇྀ་ལྟར་འཚལ་
l.11v.5: བར་བགྱྀའ། །འཇམ་དཔལ་གྀས་བཤད་པའ། སངས་རྒྱས་ཀྱིས་མཁྱེན་པ་ནྀ་བསམ་གྱྀས་མྱྀ་ཁྱབ་ཏེ།།
l.12r.1: ༄། །སེམས་སོ་སོ་རྒྱུ་ཅྀ་དང་ལྡན་པ་བཞྀན་དུ་ཆོས་འཆད་དོ། །འདྀ་ལྟ་སྟེ་སེམས་ཅན་ལ་ལ་ཞིག་འཕྱོ་གཡེམ་
l.12r.2: ལ་སྲེད་པ་ཅྀག་ཡོད་ན། །འཕྱོ་གཡེམ་ལ་ལ་རྟག་པར་སྤྱད་ན་གྲོལ་ཐར་པ་འཐོབ་བོ། །མ་སྤྱད་ན་མྱི་
l.12r.3: ཐོབ་སྟེ་དེ་ལྟ་བུའྀ་རྒྱུ་དང་ལྡན་པ་ཡང༌། །སངས་རྒྱས་ཉག་ཅིག་གིས་མཁྱེན་ཏོ། །སེམས་
l.12r.4: ཅན་ལ་ལ་འཞྀག་ཞེ་སྡང་ལ་སྲེད་པ་ཡོད་ན།། ཉེས་པ་ལ་རྟག་པར་སྤྱད་ན་གྲོལ་ཐར་པ་ཐོབ་བོ།།
l.12r.5: བྱམས་པའྀ་སེམས་སྤྱད་པ་མ་ཡིན་ཏེ།། དེ་ལྟ་བུ་ཡང་སངས་རྒྱས་ཉག་ཅིག་གྀས་མཁྱེན་ཏོ། །
l.12v.1: སེམས་ཅན་ལ་ལ་ཞིག་ལ་གཏྀ་མུག་པ་ཡོད་ན།། མ་སྨྲས་པས་གྲོལ་ཐར་པ་འཐོབ་སྟེ། །ཆོས་བཤད་པ་སྤྱད་
l.12v.2: པ་མ་ཡྀན་བ་ཡང༌། །སངས་རྒྱས་ཉག་ཅིག་གིས་མཁྱེན་ཏོ།། སེམས་ཅན་ལ་ལ་ཞིག་ཤས་(བཤད)མཉམ་
l.12v.3: བ་ལ་སྤྱོད་པ་ཞིག་ཡོད་ན་ཡང།། འཕྱོ་གཡེམ་ལ་མ་སྤྱད། ཞེ་སྡང་ལ་མ་སྤྱད་། གཏྀ་མུག་
l.12v.4: ལ་མ་སྤྱད།པས་གྲོལ་ཐརད་པ་ཐོབ་སྟེ། །སྤྱད་པས་མྱྀ་ཐོབ་པ་ཡང་སངས་རྒྱས་ཉག་ཅིག་གིས་མཁྱེན་
l.12v.5: པས། །མདོར་ན་ཇྀ་བཤད་པ་ཡང་ཡིད་ཆེས་པར་བྱས་ཏེ། །དྲྀ་མའྀ་ཆོས་གཙང་མར་བཤད་ན་ཡང་ཡིད་
l.13r.1: ༄། །ཡྀད་ཆེས་པར་བྱ་འོ།། དེ་ཇྀའི་ཕྱིར་ཞེ་ན། །ཉོན་མོངས་པའྀ་རང་བཞྀན་ཡེ་ནས་དག་པས་།། སྤང་དུ་མྱེད་
l.13r.2: པ་ལ་དགོངས་པ་ཡྀན་ནོ།། གཙང་མའྀ་ཆོས་དྲྀ་མར་བཤད་ན་ཡང་ཡྀད་ཆེས་པར་བྱ་འོ།། དེ་ཇྀའི་ཕྱིར་
l.13r.3: ཞེ་ན།། གཙང་མའྀ་ཆོས་ལ་འདོད་ཅྀང།། ཆགས་པ་སྤང་བའྀ་ཕྱྀར་དགོངས་པ་ཡྀན་ནོ།། སངས་རྒྱས་
l.13r.4: འཇྀག་རྟེན་དུ་འབྱུང་ངོ་ཞེས་བཤད་ན་ཡང་ཡྀད་ཆེས་པར་བྱ་འོ།། དེ་ཇྀའི་ཕྱིར་ཞེ་ན། ཆོས་ཀྱྀ་ཆོས་ཉྀད་ལ་
l.13r.5: འབྱུང་བ་མྱེད་པ་ལས་དགོངས་པ་ཡྀན་ནོ།། སངས་རྒྱས་ཀྱྀ་ཆོས་ཀྱྀ་འཁོར་ལོ་བསྐོར་ཏོ་ཞེས་ཐོས་ན་
l.13v.1: ཡང་ཡྀད་ཆེས་པར་བྱ་འོ།། དེ་ཅིའི་ཕྱིར་ཞེ་ན།། ཚྀག་དང་ཡྀ་གེའྀ་འབྲུ་ལ་དགའ་བའྀ་བསམ་གཏན་རྣམས་ཀྱི་དོན་
l.13v.2: ལ་དགོངས་པ་ཡྀན་ནོ།། སངས་རྒྱས་ཀྱིས་ཆོས་གི་འཁོར་ལོ་མ་བསྐོར་ཏོ་ཞེས་བཤད་ན་ཡང་ཡྀད་
l.13v.3: ཅེས་པར་བྱའོ།། དེ་ཇྀའི་ཕྱིར་ཞེ་ན། ཆོས་ཀྱྀ་ཆོས་ཉྀད་ལ་བཤད་དུ་མྱེད་པ་ལ་དགོངས་པ་ཡྀན་ནོ།།
l.13v.4: སངས་རྒྱས་མྱེ་ངན་ལས་འདས་པ་ཡོད་ཅེས་བཤད་ན་ཡང་ཡིད་ཅེས་པར་བྱའོ།། དེ་ཇྀའྀ་ཕྱིར་ཞེ་ན།
l.13v.5: ཕྱྀན་ཅྀ་ལོག་གིས་མྱེ་ངན་ལ་སྐྱེས་པ་བཀག་པ་ལས་དགོངས་པ་ཡྀན་ནོ།། མྱེ་ངན་ལས་འདས་པ་མྱེད་ཅེས་
l.14r.1: ༄། །བཤད་ན་ཡང་ཡིད་ཆེས་པར་བྱ་འོ།། དེ་ཅིའི་ཕྱིར་ཞེ་ན་ཆོས་ལ་སྐྱེ་ཤི་མྱེད་པ་ལས་དགོངས་པ་ཡྀན་ནོ།། སེམས་
l.14r.2: ཅན་ཡོད་ཅེས་བཤད་ན་ཡང་ཡིད་ཆེས་པར་བྱ་འོ།། དེ་ཇྀའི་ཕྱིར་ཞེ་ན་། འཇྀག་རྟེན་པའྀ་བདེན་པའྀ་སྒོ་
l.14r.3: མོར་གཞུག་པའྀ་ཕྱིར་དགོངས་པ་ཡིན་ནོ།། སེམས་ཅན་མྱེད་ཅེས་བཤད་ན་ཡང་ཡིད་ཅེས་
l.14r.4: པར་བྱ་འོ།། དེ་ཇིའི་ཕྱིར་ཞེ་ན། ཡང་དག་པའྀ་དོན་ལ་དགོངས་པ་ཡིན་ནོ།། ཚངས་ལ་ཕན་སེམས་
l.14r.5: གང་གིས་དོན་དེ་ལྟ་བུ་ཤེས་པ་ནྀ། སྒྲ་སྐད་རྣམས་ལ་དོགས་པ་དང་ཐེ་ཙོམ་མྱེད་དེ།། སེམས་ཅན་གྲངས་
l.14v.1: མྱེད་པའྀ་དོན་བྱེད་པར་ནུས་སོ། ཚངས་ལ་ཕན་སེམས་ཀྱིས་འཇམ་དཔལ་ལ་གསོལ་པའ།། ཡང་དག་
l.14v.2: པར་གཤེགས་པས་ཐབས་སུ་བཀའ་སྩལ་པའ།། ཕ་རོལ་ཏུ་ཕྱྀན་པ་དྲུག་ཡང་དག་པའི་ངེས་པའྀ་དོན་ལགས་སམ་
l.14v.3: མ་ལགས།། འཇམས་དཔལ་གིས་བཤད་པའ།། སྦྱིན་པ་ནྀ་འཁོར་བ་ཡིན་ཏེ། ཇྀའི་ཕྱིར་ཞེ་ནའ།
l.14v.4: ལོངས་སྤྱོད་འདོད་པའྀ་རྒྱུའྀ་ཕྱིར་གང་སྦྱྀན་པ་གཏོང་བ་འོ།། ཚུལ་ཁྲྀམས་ནྀ་འཁོར་བ་ཡིན་ཏེ། མཐོའ་
l.14v.5: རྀས་ལ་ཆགས་པའྀ་ཕྱྀར་རོ།། བཟོད་པ་ནྀ་འཁོར་བ་ཡིན་ཏེ། བྱད་བཞྀན་བཟང་པོ་ལ་ཆགས་པའྀ་ཕྱིར་རོ།།
l.15r.1: ༄། །བརྩོན་འགྲུས་ནྀ་འཁོར་བ་ཡྀན་ཏེ།། འདོད་པའྀ་ཡོན་ཏན་རྣམ་ལྔ་བསྒྲུབ་པར་རྩོལ་བའྀ་ཕྱྀར་རོ།། བསམ་
l.15r.2: གཏན་ནྀ་འཁོར་བ་ཡིན་ཏེ་། བདེ་བ་ལ་ཆགས་པའྀ་ཕྱིར་རོ།། ཤེས་རབ་ནྀ་འཁོར་བ་ཡྀན་ཏེ་སྐྱོན་དང་
l.15r.3: ཡོན་ཏན་དུ་རྟོག་པའྀ་ཕྱིར་རོ།། ཚངས་ལ་ཕན་སེམས་གང་གྀས་དོན་དེ་ལྟར་ཤེས་པ།། ཕ་རོལ་
l.15r.4: ཏུ་ཕྱྀན་པ་དྲུག་སྤྱད་ཀྱང༌། ཡོན་ཏན་དུ་ལྟ་བ་མྱེད་དོ།། ཚངས་ལ་ཕན་སེམས་ཀྱིས་འཇམ་དཔལ་ལ་གསོལ་པྰ།།
l.15r.5: སྐྱེ་ཤྀའི་རྩ་བ་། འདོད་ཆགས་ཞེ་སྡང་གཏྀ་མུག་གྀ་རང་བཞྀན་དོན་དུ་ཇྀ་ལྟར་བལྟའ།། འཇམ་དཔལ་གིས་བཤད་པྰ་།།
l.15v.1: འདོད་ཆགས་ནྀ་མྱེ་ངན་ལས་འདས་པ་ཡྀན་ནོ།། དེ་ཇྀའི་ཕྱྀར་ཞེ་ན་། ཆོས་ཉིད་ལ་འདོད་ཆགས་མྱེད་པའྀ་ཕྱྀར།།
l.15v.2: ཞེ་སྡང་ནྀ་མྱེ་ངན་ལས་འདས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན་ཆོས་ཉྀད་ལ་ཞེ་སྡང་མྱེད་པའྀ་ཕྱྀར་རོ།།
l.15v.3: གཏྀ་མུག་ནྀ་མྱེ་ངན་ལས་འདས་པ་ཡྀན་ནོ།། དེ་ཇིའྀ་ཕྱིར་ཞེ་ན་ཆོས་ཉྀད་ལ་གཏྀ་མུག་མྱེད་པའྀ་
l.15v.4: ཕྱྀར་རོ། །སྐྱེ་ཤྀ་ནི་མྱེ་ངན་ལས་འདས་པ།།
l.16r.1: ༄། །མྱྀང་ནྀ་ཆོས་བཞྀན་སྤྱོད་པ་ཞེས་བྱ་འོ།། ལ་ལ་ཞིག་སེམས་ལ་ངས་ཆོས་འདྀ་ལྟ་ཞྀག་སྤྱད་དོ་སྙམ་སེམས་ན།། དེ་ནྀ་འགྲན་
l.16r.2: དོར་ཡིན་ཏེ། ཆོས་བཞྀན་སྤྱོད་པ་མ་ཡྀན་ནོ།། ཆོས་སོ་ཆོག་ལ་མ་ཆགས་ན་གདོད་ཆོས་བཞྀན་སྤྱོད་པ་འོ།། ཆོས་སོ་
l.16r.3: ཆོག་ལ་དྲན་བཞྀན་བསམ་པ་མྱེད།། བྱེ་བྲག་འབྱེད་པ་མྱེད།། ཅྀ་ཡང་སྤྱོད་པ་མྱེད་ན།། དེའྀ་མྱྀང་ནི་ཆོས་བཞྀན་
l.16r.4: སྤྱོད་པ་འོ།། ཅྀའི་ཕྱིར་ཞེ་ན་སངས་རྒྱས་ཀྱྀ་ཆོས་ནྀ་དམྱྀགས་སུ་མྱེད་དེ།། ཡོད་མྱེད་ཅེས་བྱེ་བྲག་དུ་དབྱེར་མྱེད་དོ།། །།
l.16r.5: ཚངས་ལ་ཕན་སེམས་ཀྱིས་འཇམ་དཔལ་ལ་གསོལ་པའ། །ཇྀ་ལྟ་བུར་སྤྱད་ན་། དགེ་སློང་གིས་དེ་བཞིན་གཤེགས་
l.16v.1: པའྀ་བསྟན་པ་འཕེལ་ཞྀང་རྒྱས་པར་བྱས་ཏེ་མྱྀ་ཞིག་པར་ནུས།། མཉམ་སྙོམས་པ་དང་མ་གལ་(འགལ)ན་།། ཆོས་ཉྀད་ཀྱི་ངོ་བོ་
l.16v.2: ཉྀད་མ་ཞིག་པ་སྟེ།། དེས་བསྟན་པ་འཕེལ་ཞྀང་རྒྱས་པར་བྱས་པ་ཡྀན་ནོ།། ཇྀ་ལྟར་སྤྱད་ན་དགེ་སློང་གིས་སངས་
l.16v.3: རྒྱས་ལ་ཉེ་བསྙེན་ཅེས་བྱ།། ཆོས་སོ་ཆོག་ལ་ཉེ་རིང་འདྲ་སྟེ།། ཡོད་པར་མ་མཐོང་ན་དེའི་མྱིང་ནྀ་སངས་རྒྱས་
l.16v.4: ལ་ཉེ་བསྙེན་པ་ཞེས་བྱ་འོ།། ཅྀ་ལྟར་སྤྱད་ན་དགེ་སློང་གྀས་སངས་རྒྱས་ཀྱྀ་ཞ་(ཞབས)འབྲིང་ནས་མྱྀ་བྲལ་ཞིང་མངག་
l.16v.5: གཞུག་བྱེད་པ་ཡྀན།། ལུས་དང་ངག་དང་ཡིད་གསུམ་གྀ་སྒོ་ནས་བྱ་བ་མྱེད་པ་། དེའྀ་མྱིང་སངས་རྒྱས་ཀྱི་ཞ་(ཞབས)འབྲྀང་ནས་
l.17r.1: ༄། །མྱྀ་འབྲལ་བ་སྟེ། མངག་གཞུག་པ་ཞེས་བྱ་འོ།། སུ་སངས་རྒྱས་ལ་ཡོན་གསོལ་ནུས།། མྱྀ་གཡོ་བའྀ་ལས་ལ་བརྩོན་པས་
l.17r.2: ནུས་སོ།། སུས་སངས་རྒྱས་མཐོང་བར་ནུས།། དམྱྀག(ས)་ལྔ་ལ་མ་ཆགས་པ་དེས་སངས་རྒྱས་མཐོང་བར་ནུས་སོ།། སུས་
l.17r.3: ཆོས་ཐོས་པར་ནུས། རྒྱུ་རྐྱེན་གྀ་ཆོས་རྣམས་དང་མ་གལ་(འགལ)བས་ནུས་སོ།། སུས་རྒྱུ་རྐྱེན་གྀ་ཆོས་རྣམས་དང་མ་
l.17r.4: གལ་བར་མཐོང་བར་ནུས།། སུ་མཉམ་སྙོམས་པས་ནུས་སོ།། སུས་ཡང་དག་པའྀ་ཡེ་ཤེས་ཐོབ། སུ་སྐྱེ་འགག་
l.17r.5: མྱེད་པས་ཐོབ་བོ།། སུས་དེ་བཞིན་གཤགས་ (གཤེགས)པ་བཞྀན་དུ་སློབ་ནུས།། ཆོས་རྣམས་མ་བསྐྱེེད་མ་བཀག་མ་བླངས་མ་བཏང་བས་ནུས་སོ།།
l.17v.1: སུ་དྲང་སྲོང་གྀ་སྤྱོད་པ་ཅན་ཡྀན།། འཁམས་(ཁམས་)གསུམ་ལ་མྱི་འབྲང་བ་འོ།། སུ་དགེ་བའྀ་མྱི་ཞེས་བྱའ། ཕྱྀ་མའྀ་ལུས་
l.17v.2: མྱྀ་ལེན་པ་འོ།། སུ་བདེ་བའྀ་མྱི་ཡིན།། ང་དང་ངའྀ་གནས་མྱེད་པ་འོ།། སུ་ཐར་པ་ཐོབ་པ་ཡྀན་། སུ་བཅིངས་
l.17v.3: པ་མ་ཞྀག་པས་ཐོབ་བོ།། སུ་གྲོལ་བ་ཐོབ་པ་ཡྀན།། སུ་སྐྱེ་ཤྀ་དང་མྱེ་ངན་ལས་འདས་པ་ལ་མྱྀ་གནས་པས་
l.17v.4: ཐོབ་བོ།། སུ་ཟག་པ་ཟད་པ་ཡྀན།། ཟག་པ་རྣམས་ཀྱྀ་གཟུགས་སྟོང་པར་ཤེས་ན།། དེའི་མྱིང་ཟག་པ་ཟད་པ་ཞེས་བྱ་འོ།།
l.17v.5: སུ་བདེན་པའྀ་ཚིག་ཡྀན།། སུ་ཆོས་ལམ་བཤད་པའྀ་ཚིག་རྣམས་དང་བྲལ་བ་འོ།། སུ་ལམ་དུ་ཞུགས་པ་རྣམས་
l.18r.1: ༄། །ཡྀན། བྱ་བ་ཡོད་དོ་ཆོག་གི་ཆོས་འོངས་པའྀ་གནས་ཀྱང་མྱེད།། སོང་བའྀ་གནས་ཀྱང་མྱེད་པར་ཤེས་པའྀ་མྱི་དེ་ལམ་
l.18r.2: དུ་ཞུགས་པ་ཞེས་བྱ་༠འོ།། སུ་བདེན་བ་མཐོང་བ་ཞེས་ཡྀན།། སུ་བདེན་པ་མཐོང་བ་མྱེད་པ་འོ།། དེ་ཇིའི་
l.18r.3: ཕྱྀར་ཞེ་ན། ཡོད་པ་མཐོང་ངོ་ཆོག་ལ་འབྲང་བ་ནྀ།། ཀུན་མྱྀ་བདེན་པ་མཐོང་བ་ཡིན་ནོ།། ཅྀ་ཡང་མཐོང་
l.18r.4: བ་མྱེད་ན་གདོད་མྱིང་བདེན་བ་མཐོང་བ་ཡིན་ནོ།། ཆོས་གང་ལ་ཡང་མ་མཐོང་ནའ་མྱིང་བདེན་པ་མཐོང་
l.18r.5: བ་ཞེས་བྱ།། མཐོང་བ་ནྀ་ཆོས་མ་མཐོང་ན་། མྱྀ་བདེན་བ་མཐོང་བ་ཞེས་བྱ་འོ།། བདེན་བ་དེ་གང་དུ་བཙལ་བའྀ་རིགས།།
l.18v.1: ཕྱྀན་ཅྀ་ལོག་བཞྀའི་ནང་དུ་བཙལ་བའྀ་རིགས་སོ།། དེ་ཇྀའི་ཕྱྀར་ཞེ་ན། ཕྱིན་ཅི་ལོག་བཞྀ་ནྀ་ཡོད་པ་མ་ཡྀན་ཏེ།།
l.18v.2: གང་མྱེད་པ་དེ་ལ་ཐོབ་པར་མྱི་རུང་ངོ།། ཐོབ་པ་མྱེད་ན་དེའི་མྱིང་ནྀ་བདེ་བ་ཞེས་བྱ་འོ།། དེ་སྐད་ཅེས་བཤད་ནས།
l.18v.3: དེའི་ཚེ་ཆོས་ཀྱི་རྒྱལ་བུ་འཇམ་དཔལ་ཀྱིས་སངས་རྒྱས་ལ་གསོལ་པའ།། མྱྀ་ལ་ལ་ཞིག་བྱང་ཆུབ་
l.18v.4: དོན་དུ་གཉེར་བའྀ་ཕྱིར།། སྨོན་ལམ་འདེབས་པ་ནྀ་རབ་དུ་ནོར་པ་ལགས་ཏེ། ཡོན་པོ་ལ་སྤྱོད་པ་ལགསོ།།
l.18v.5: དེ་ཇྀའི་སླད་དུ་ཞེ་ན།། བྱང་ཆུབ་ནྀ་འདོད་པའྀ་འཁམས་ན་ཡང་མ་མཆྀས།། གཟུགས་ཀྱྀ་ཁམས་ན་ཡང་མ་
l.19r.1: ༄། །ཀྱྀས་ཀུན་ཤེས་པའྀ་མྱིང་ནྀ་ཀུན་ལ་སྙོམས་པའྀ་ཡེ་ཤེས་སོ། །ཅྀ་ལྟ་བུ་ཡང་དག་པའྀ་ཤེས་རབ་ཅེས་བྱ་ཞེ་ནའ།།
l.19r.2: འགྱུར་ཞིང་ཐ་དད་པའྀ་གཟུགས་མྱེད་པ་སྟེ།། སེམས་ཅན་ལ་འབྱུར་(འགྱུར་)ཞིང་ཐ་དད་པའྀ་གཟུགས་མྱེད་ནའ།།
l.19r.3: ཡང་དག་པའྀ་ཤེས་རབ་ལ་ཡང་འགྱུར་ཞྀང་ཐ་དད་པའྀ་གཟུགས་མྱེད་དོ།། འཇམ་དཔལ་བྱང་ཆུབ་ཀྱི་
l.19r.4: སྤྱོད་པ་གང་ཡྀན་།། ཆོས་སོ་ཆོག་ལ་སྤྱོད་ཀྱང༌། སྤྱོད་པ་མྱེད་པ་དེའྀ་མྱྀང་ནྀ་བྱང་ཅུབ་ཀྱྀ་སྤྱོད་པ་ཡྀན་ནོ།། དེ་ཇྀའི་
l.19r.5: ཕྱྀར་ཞེ་ན། སྤྱོད་དོ་ཆོག་ལས་འབྱུང་སྟེ། འདས་པར་སྤྱོད་པ་དེ་བྱང་ཆུབ་ཀིའྀ་(ཀྱྀ་)སྤྱོད་པའོ། ཇྀ་ལྟར་ན་སྤྱོད་དོ།
l.19v.1: ཆོག་ལས་འབྱུང་སྟེ།། འདས་པར་སྤྱོད་པ་དེ་བྱང་ཆུབ་ཀྱྀ་སྤྱོད་པ་ཡྀན།། དབང་པོ་ལྔ་སྤྱོད་ཡུལ། འདོད་པ་ལྔའྀ་ཡོན་
l.19v.2: ཏན་ལས་འབྱུང་ཞྀང་འདས་པ་དེ་བྱང་ཆུབ་ཀྱྀ་སྤྱོད་པ་ཡིན་ནོ།། འབྱུང་ཞིང་འདས་པར་སྤྱོད་པ་ལ་གཞུང་ཅི་ཡོད།།
l.19v.3: མཉམ་སྙོམས་པ་ལས་མ་འདས་པ་འོ། དེ་ཇྀའི་ཕྱིར་ཞེ་ན་། ཆོས་སོ་ཆོག་མཉམ་སྙོམས་ན་།།
l.19v.4: དེའྀ་མྱིང་ནྀ་བྱང་ཆུབ་ཡྀན་ནོ།། །།ཚངས་ལ་ཕན་སེམས་ཀྱྀས་འཇམ་དཔལ་ལ་ཞུས་པ་རྫོགས་སོྰ།།


Section: 4
l.20r.1: ༄། །རྟག་ཏུ་བག་ཆགས་དག་ཅྀང་བསྐྱེད། །རྩ་བ་ཟུག་ཅིང་གནས་ཀྱང་བརྟན། །སྤྱོད་ཡུལ་དག་དུ་སེམས་འཁྱམས་ཏེ། །
l.20r.2: ཁབ་ལོང་(ལེན)གི་ནི་ལྕགས་བཞིན་ནོ། །ལུས་དང་ལོང་སྤྱོད་གནས་ལྟ་བུར་མྱིའི་རྣམ་པར་ཤེས་པ་སྣང།། ལོག་པའ་
l.20r.3: གློག་ལྟར་མགྱོགས་པས་ནའ།། མཁས་པ་རྣམས་ལ་སྣང་བ་ལྟར། །བྱིས་བ་རྣམས་ལ་མྱི་སྣང་སྟེ། །
l.20r.4: གསེར་མྱིན་གསེར་ལྟར་སྣང་བ་ཡྀ། །ར་གན་སྤུངས་ལ་བྱིས་བའྀ་རྣམས། །གསེར་དུ་ཅྀ་ལྟར་རྟོག་པ་བཞིན། 
l.20r.5: དབང་པོ་རྣམས་དང་དབང་པོའྀ་དོན། །མཁས་ལ་མ་ཡྀན་བླུན་པོ་ལ། །བྱྀས་བ་རྣམས་ནྀ་མྱིང་གིས་འཛྀན། །
l.20v.1: འཕགས་པ་མྱྀང་གྀས་དོན་ལ་མཁས། །འདྲྀ་བ་ན་རེ།། སྣོད་དང་བཅུད་ཀྱི་འཇྀག་རྟེན་ནྀ། །ཐབས་དེ་ལྟར་གནས་པའ་
l.20v.2: ལགས་ནའ།། སེམས་ཅན་རྣམས་འཁྲུལ་པའྀ་དབང་གྀས་རྟོག་པས་འཁོར་ན། སངས་རྒྱས་ཀྱི་ཆོས་ཇྀ་ལྟ་
l.20v.3: བུ་ཞིག་ཐུགས་སུ་ཆུད་ནས།། མྱེ་ངན་ལས་འདས་ཏེ།། སངས་རྒྱས་ཀྱྀ་ཆེ་བའྀ་ཡོན་དང་ལྡན།།
l.20v.4: སྟོན་པ་ན་རེ། །སེམས་ཙམ་སྟེ་ནྀ་སྣང་བ་མྱེད། །རྟག་ཆད་སྤངས་ལ་དབུ་མའྀ་ལམ། །དེ་བཞྀན་གཤེག(ས)་
l.20v.5: པའྀ་སྙིང་པོ་དགེ། །སོ་སོ་རང་རྀག་ཆོས་མཐོང་བས། །རྟག་ཏུ་ཞྀ་བ་རྣམས་བསྒོམས་ཏེ། །ནཾ་ཞྀག་མྱི་རྟོག་ཡེ་ཤེས་ན། །
l.21r.1: ༄། །དེ་ཚེ་སངས་རྒྱས་མྱ་ངན་འདའ། །དེ་བཞྀན་གཤེགས་རྀགས་དག་པ་སྟེ། །ཀུན་དུ་རྒྱུ་བ་སྤངས་པ་འོ། །མངོན་བར་ཤེས་
l.21r.2: དང་དབང་གིས་དག། །ཏྀང་ངེ་འཛྀན་དང་སྟོབས་ཀྱྀས་བརྒྱན། །ཡྀད་ཀྱི་ལུས་ནྀ་སྣ་ཚོགས་པའ། །དེ་བཞིན་
l.21r.3: གཤེགས་པ་དགེ་བའྀ་རིགས། །སོ་སོ་རང་རིག་དྲི་མ་མྱེད། །རྒྱུ་བའྀ་མཚན་ཉྀད་སྤངས་པ་འོ། །འདྲྀ་བ་ན་རེ།།
l.21r.4: རྟོག་པས་ནྀ་ཁམས་གསུམ་དུ་འཁོར། །མྱྀ་རྟོག་པས་མྱེ་ངན་འདའ་ན། །སེམས་ཅན་ཐམས་ཅད་ལ་ཡང༌། །དེ་བཞིན་
l.21v.1: གཤེགས་པའྀ་སྙིང་པོ་རྣམ་པར་དག་པ་མཆྀས་པ་ལྟ་ན། ཅྀ་ཞིག་གིས་བསྒྲྀབས་ཏེ་མ་མཐོང།། སྟོན་པ་ན་རེ།།
l.21v.2: ཇྀ་ལྟར་བྱིས་བ་སོར་མོ(མོའི)་རྩེར།། འཛྀན་ཅྀང་ཟླ་བ་མྱྀ་ལྟ་བའ། །དེ་བཞིན་ཚིག་ལ་ཆགས་པའྀ་(པ)རྣམས། །
l.21v.3: ང་འྀ་ཡང་དག་ཉྀད་མྱྀ་ཤེས། །སྦྲུམ་མར་གྱུར་པའྀ་བུ་རྣམས་དང༌། །ཇྀ་ལྟར་སྨན་གྱྀས་བཟོད་པ་དང།། 
l.21v.4: ཇྀ་ལྟར་མྱེ་ནི་ཤིང་རྣམས་ལ། ཡོད་བཞྀན་དུ་ནྀ་མྱི་སྣང་བ། །དེ་བཞྀན་གང་ཟག་ཕུང་པོ་ལ། །བདེར་གཤེགས་
l.22r.1: ༄། །སྙྀང་པོ་ཡེ་ནས་གནས། །རྀག་པ་མྱི་ཤེས་དེས་མྱི་མཐོང། །རྔ་འམ་དུང་ངམ་ཕྱི་བང་(པི་ཝང་)ལ། །སྒྲ་སྙན་ཕུན་སུམ་ཚོགས་
l.22r.2: པ་དག། །མྱྀ་མཁས་ལ་ལ་འཚལ་བར་བྱེད། །སྒྲ་ཕྱིར་འབྲང་བའྀ་བྱིས་བ་དག། །སངས་རྒྱས་གཞན་དུ་
l.22r.3: ཚོལ་བར་བྱེད། །སྨོན་ལམ་བསོད་ནམས་ཚོགས་བསྩོགས་པའ། །གྲྀབ་མ་ལ་ནྀ་ནད་གསོས་བྱེད།། 
l.22r.4: འདྲྀ་བ་ན་རེ། །དེ་བཞྀན་གཤེགས་པའྀ་སྙིང་པོ་མཚན་དང་དཔེའ་བྱད་དུ་ལྡན་བ་། །ཡེ་ནས་བདག་ལ་རྫོགས་
l.22v.1: པར་མཆྀས་ན། །དེ་བསྟན་ཅིང་ལུང་དབོག་(འབོག་)པར་གསོལ། །སྟོན་པ་ན་རེ། མར་དང་ཁ་(ཀ)ར་སྦྲང་རྩྀ་ལ། །དེ་དག་དངར་(མངར་)
l.22v.2: པའྀ་རོ་ཡོད་ཀྱང། །མ་མྱངས་རབ་ཏུ་རྟོགས་མྱི་འགྱུར། །སངས་རྒྱས་མཚན་ལྡན་མ་ཡྀན་ཏེ། །དེ་དག་འཁོར་
l.22v.3: ལོ་སྒྱུར་ཡོན་ཏན། །སངས་རྒྱས་མཚན་ནྀ་ཡེ་ཤེས་ཏེ། །སོ་སོ་རང་རྀག་ལྟ་བས་རྟོགས། །འདྲྀ་བ་ན་རེ།།
l.22v.4: དེ་ལྟར་ཁམས་སུམ་འཁྲུལ་པས་མཐོང་སྟེ། །དམྱིགས་སུ་མྱེད་པ་ལགས་ན། །དེ་བཞྀན་གཤེགས་པའྀ་སྙིང་པོ་།།
l.23r.1: ༄། །སོ་སོ་རང་གིས་རྀག་པ་སྟེ་བཤད་དུ་མ་མཆྀས་ནའ། །དེ་བཞིན་གཤེགས་པས་ཆོས་ཀྱྀ་སྒོ་མོ་བརྒྱད་ཁྲྀ་བཞྀ་སྟོང་
l.23r.2: གསུངས་པ་ཇྀའི་སླད་དུ་བཀའ་སྩལ། །སྟོན་པ་ན་རེ། ནད་པའྀ་དབང་དུ་སྨན་པ་རྣམས། །བྱ་བ་ཐ་དད་བྱེད་མོད་ཀྱྀ།། 
l.23r.3: དེ་ལ་གཙུག་ལག་ཐ་དད་མྱེད། །ནད་པའྀ་དབང་གིས་ཐ་དད་དོ། །དེ་བཞིན་ངས་ཀྱང་སེམས་ཅན་རྒྱུད།།
l.23r.4: ཉོན་མོངས་ཉེས་པའྀ་སྐྱོན་ཆགས་པའ། །དབང་པོ་དག་གིས་སྟོབས་ཤེས་ནས། །བྱིས་བ་དག་ལ་
l.23r.5: ཚུལ་བཤད་པའ། །ཟབ་ཡངས་རྒྱ་ཆེའི་ཡེ་ཤེས་(ནི)ཕུན་སུམ་ཚོགས་པའྀ་ཞིང་གི་རྣམས། །རྒྱལ་བའྀ་སྲས་པོ་རྣམས་ལ་
l.23v.1: བསྟན། །ཉན་ཐོས་རྣམས་ལ་མྱི་རྟག་པ། །ཆོས་ལ་ཆགས་མྱེད་དབེན་སྤྱོད་པའ། །རང་རྒྱལ་སྲས་པོ་རྣམས་ལ་བསྟན།། 
l.23v.2: ཅྀ་ལྟར་རྒྱལ་པོ་ཚོང་དཔོན་བུ། །རྀ་དགས་འདྲ་བ་སྣ་ཚོགས་ཀྀས། །བུ་བྲིད་(ཁྲིད)ཁྱིམ་ནས་རྩེར་བཅུག་ནས། །ཕྱྀ་ནས་རྀ་དགས་
l.23v.3: བསྟན་པ་ལྟར། །གཟུགས་བརྙན་མཚན་ཉྀད་སྣ་ཚོགས་ཀྱྀས། །སོ་སོ་རང་རིག་ཡང་དག་མཐའ།། 
l.23v.4: བུ་རྣམས་ལ་ནྀ་ངས་འཆད་དོ། །ཉོན་མོངས་དབང་པོ་ཐ་དད་པས། །ངེའྀ་(ང་ཡི་)བསྟན་པ་དབྱེར་མྱྀ་ཕྱེད། །ཡན་
l.23v.5: ལག་བརྒྱད་ལྡན་ཞྀ་བའྀ་ལམ། །ལམ་ནྀ་ཐེག་པ་གཅིག་ཡིན་ནོ། །འདྲྀ་བ་ན་རེ། །འོ་ན་བཅོམ་ལྡན་འདས་ཀྱྀས། །
l.24r.1: ༄། །བྱང་ཅུབ་སེམས་དཔའ་རྣམས་ལ་། །ཐེག་པ་ཆེན་པོའྀ་ཆོས། ཕ་རོལ་ཏུ་ཕྱིན་པ་བཅུ་དང།། ས་བཅུའྀ་རིམ་
l.24r.2: པ་བཀའ་སྩལ་པ་ཡང། འཁྲུལ་པ་ལགས་སམ། །སྟོན་པ་ན་རེ། །བསྡུ་བ་དག་གིས་སེམས་ཅན་འདུལ།། 
l.24r.3: ཚུལ་ཁྲྀམས་དག་གིས་དབང་དུ་བྱ། །ཤེས་རབ་དག་གྀས་ལྟ་བ་གཞིག། །རྣམ་པར་ཐར་པ་ཤྀན་ཏུ་སྤེལ།།
l.24r.4: འདྀ་ཀུན་མུ་ལ་གནས་པ་སྟེ། །རྒྱུ་དང་འབྲས་བུ་ཡོད་ལྟ་བས། །རང་གྀ་གྲུབ་པའྀ་མཐའ་ཡང་མྱེད།། 
l.24r.5: དང་པོ་དེ་ནྀ་བཅུ་པོ་སྟེ། །བཅུ་པོ་དེ་ཡང་དང་པོ་ཡིན། །དངོས་པོ་རྣམས་ལ་འཛྀན་མྱེད་ཚེ། །སྣང་བ་མྱེད་ལ་རིམ་པྰ་
l.24v.1: མྱེད། །བྱིས་བ་དངོས་འཛིན་ཀྱྀས་གཡོགས་པའ། །གཟེར་ལ་གཟེར་ཀྱིས་ཇྀ་བཞྀན་དུ། །བྲྀད་ནས་འཛྀན་པ་ཟློག་
l.24v.2: པར་བྱེད། །ང་འདའ་གཅིག་པུ་རང་གྲུབ་མཐའ། །བཟོད་པ་ཞྀ་བའྀ་ཁྱད་བར་ལ། །དེ་བཞིན་གཤེགས་ཀྱི་ཡེ་ཤེས་གནས།། 
l.24v.3: འདྲྀ་བ་ན་རེའ། བཅོམ་ལྡན་འདས་ཀྱྀས་གསུངས་པའྀ་མདོ་དག་ལས། །མཚམས་མྱེད་པ་ལྔ་སྤྱད་
l.24v.4: ན་། བྱང་ཅུབ་དུ་མངོན་བར་འཚང་རྒྱ་འོ་ཞེས་གསུངས་པ་དེ་དོན་ཇི་ལྟ་བུ། །སྟོན་པ་ན་རེ། སྲིད་པ་དག་ནྀ་
l.24v.5: མར་བཤད་དེ། །མ་རྀག་པ་ཡང་ཕར་ཤེས་སོ། །རྣམ་ཤེས་ཡུལ་རྣམས་རྀག་པས་ན། །སངས་རྒྱས་སུ་ནྀ་དེ་
l.25r.1: ༄། །ཡང་བསྟན། །བག་ལ་ཉལ་ནྀ་དགྲ་བཅོམ་སྟེ། །ཕུང་པོ་ལྔ་འདུས་དགེ་འདུན་ནོ། །མཚམས་མྱེད་པར་ནྀ་
l.25r.2: མཚམས་བཅད་པས། །དེ་ནི་མཚམས་མྱེད་ལས་ཡྀན་ནོ། །འདྲྀ་བ་ན་རེ། །ཆོས་ཉྀད་ཀྱང་སྤང་བར་བྱ་ནའ།།
l.25r.3: ཆོས་མ་ཡིན་པ་ལྟ་ཅི་སྨོས་ཤེས་པ་ཇྀ་ལྟ་བུ། །སྟོན་པ་ན་རེ། །ཉོན་མོངས་རྒྱ་མཚོ་མཐའ་མྱེད་ལའ།། 
l.25r.4: ཕ་རོལ་ཕྱྀན་བཅུ་སྒྲོལ་བའྀ་གཇིངས། །ཉོན་མོངས་ཆུ་པོ་མཐར་ཕྱིན་ནའ། །སྒྲོལ་བའྀ་གཟྀངས་ལ་རག་མ་ལུས། 
l.25v.1: ཐོས་མཐོང་ཤེས་དང་རྟོགས་པ་དང། །འདུ་ཤེས་དག་གིས་བྱིས་བ་བཅིངས། །ཡང་དག་བློ་ཡིས་རྣམ་བཞིགས་ན།།
l.25v.2: དགྲུབ་(གྲུབ་)པའྀ་དངོས་པོ་ཡོང་མྱེད་པས། །དེ་ཕྱིར་ཆོས་རྣམས་སྤངས་པ་ཡིན། །རྀ་བོང་རྭ་དང་མོ་ཤམ་བུ། 
l.25v.3: མྱེད་བཞྀན་ཚིག་དུ་བརྗོད་པ་ལྟར། །འཇྀག་རྟེན་ཐ་སྙད་དེ་དང་འདྲ། །ཆོས་མྱེད་པ་ཡང་སྤངས་པ་ཡིན།། 
l.25v.4: གཟུང་འཛྀན་གཉིས་དང་རྣམ་བྲལ་ན། །ཐེག་པ་མྱེད་ཅིང་གྲོལ་བ་ཡང་མྱེད། །དེ་སྐད་བསྟན་པ་དང༌། སྣོད་དུ་གྱུརད་
l.26r.1: ༄། །པའྀ་སློབ་མ་དེས། །ཡང་དག་པའྀ་དོན་ལ་། །ཤེས་རབ་ཀྱི་བློས་ཕྲིགས་(འཕྲིགས་)ནས། །དོན་དང་མཐུན་པའྀ་ཚིགས་སུ་བཅད་
l.26r.2: པས་བསྟོད་པའ། །འཇྀག་རྟེན་སྐྱེ་འཇྀག་མ་མཆིས་ཏེ། །ནམ་ཁའྀ་མེན(མཁའི་མེ་)ཏོག་རབ་ཏུ་འདྲ། །ཆོས་རྣམས་ཐམས་
l.26r.3: ཅད་སྒྱུ་མ་བཞྀན། །སེམས་དང་རྣམ་པར་ཤེས་པ་སྤངས། །འཇྀག་རྟེན་རྟག་དང་ཆད་སྤངས་པའ།། 
l.26r.4: མཚན་མ་མྱེད་པར་རབ་དུ་དག། །དབང་པོ་དོན་དང་རྣམ་བྲལ་བས། །སྣང་མྱེད་དེའི་གཟྀགས་པ་བས།།
l.26r.5: བློ་དང་རིག་པར་བགྱྀད་དང་བྲལ། །ཡོད་དང་མྱེད་པའྀ་ཕྱོགས་ཀྱང་སྤངས། །དེ་ལྟར་སྐྱེ་འཇྀག་སྤངས་པ་འི(ཡིས)།།
l.26v.1: ཐུབ་པ་ཞྀ་བ་སུས་མཐོང་བའ། །དེ་དག་འདྀ་དང་སླད་མར་ཡང། །ཆགས་མྱེད་ཉེར་ལེན་མ་མཆིས་འགྱུརད། །
l.26v.2: །། །། །། །།


Section: 5
l.27r.1: ༄། །སློབ་དཔོན་བྱང་ཅུབ་ཀླུ་དབང་གིས་བཤད་པའ། །བྱང་ཅུབ་སེམས་དཔའྀ་བདེན་པའྀ་ཚིག་གང་ཞེ་ན།།
l.27r.2: འདྀ་ལྟ་སྟེ། །དེ་ནི་གང་སྨྲ་བ་དེ་བྱེད། །གང་བྱེད་པ་དེ་སྨྲ་བ་འོ། །ཡང་དྲན་བས་བརྗོད། །བརྗོད་པས་དྲན་ནོ།།
l.27r.3: ཤྀན་ཏུ་ཡང་ནྀ་བག་ལྡན་བ། །དབང་པོ་རྣམས་ཀྱྀ་ཕྱིར་ཞྀང་མཉམ། །དཔེར་ན་མཉམ་བ་འམ་གཞའ་བའྀ་
l.27r.4: ཐབས། །དབུགས་ཀྱང་བསྐྱུང་ཞིང་བག་དང་ལྡན། །ཅི་ལ་ཡང་བག་མྱེད་བྱས་ནས་ནྀ། །གང་ལ་ཡང་བག་
l.27r.5: བྱ་གནས་མྱེད་དོ། །དེ་ལྟར་བག་བྱ་གནས་མྱེད་ལ། །དེ་ལ་ཤྀན་ཏུ་བདག་གིས་བལྟའ། །བལྟ་བ་མྱེད་ཅྀང་བལྟའ་
l.27v.1: བར་བྱའ། །དེ་ཚེ་སེམས་ཀྱི་འོད་ཀྱང་གསལ། །དག་ཅིང་སྤྲོ་བའྀ་སེམས་ཀྱིས་ནྀ། །སྒྲྀབ་པ་རྣམས་ཀྱང་སེལ་པར་
l.27v.2: འགྱུར། །བྱང་ཆུབ་སེམས་དཔའ་གང་ཞེ་ན། །ཆོས་རྣམས་ཐམས་ཅད་མྱི་བརྗེད་པའོ། །མྱྀ་བརྗེད་པ་ནི་
l.27v.3: གང་ཞེ་ན། །ཆོས་ཀྱྀ་ཆོས་ཉྀད་དྲན་བ་འོ། །ཆོས་ཀྱི་ཆོས་ཉྀད་དྲན་བ་ནྀ། །དྲན་བ་མྱེད་བཅིང་དྲན་བ་འམ།། 
l.27v.4: དམྱྀགས་པ་མྱེད་ཅིང་དམྱིགས་པ་འོ། །དམྱིགས་པ་མྱེད་ཅིང་བརྗོད་མྱེད་ཚིག། །དེ་ནྀ་དྲན་པ་མྱྀ་བརྗེད་པ་འོ།། 
l.27v.5: དྲན་བ་མྱྀ་བརྗེད་དེ་ཡང་ནྀ། །ཡངས་ཤིང་ལུས་ཁློད་(གློད)དབང་པོ་ཕྱེ། །བག་དང་ལྡན་བའྀ་སེམས་ཀྱིས་ནི། །དབུགས་ཀྱང་
l.28r.1: ༄། །ཤྀན་ཏུ་བསྐྱུང་བར་བྱ། །རྐྱེན་གྀ་གོ་སྐབས་མྱྀ་དབྱེ་བར། །སྤྱོད་ལམ་རྣམ་བཞྀར་སྙོམས་པར་སྤྱད། །དེ་ནི་
l.28r.2: ཤེས་རབ་ཐབས་མཁས་པའོ། །དབང་པོ་དྲུག་ཕྱེ་མཉམ་པའྀ་ཐབས། །མྱེ་ལོང་ཤིན་ཏུ་ཕྱིས་ནས་སུ།།
l.28r.3: ལམ་གྀ་བཞྀ་མདོར་བཞག་པ་ལ། །ཐམས་ཅད་གསལ་ཞིང་སྣང་བ་སྟེ། །དག་པས་མཐོང་བ་གསལ་བ་
l.28r.4: ལྟར། །རྣལ་འབྱོར་སྤྱོད་པས་དེ་ལྟར་བསྒོམ། །ཐམས་ཅད་མཁྱེན་པ་མྱྀ་བརྗེད་པའྀ། །དྲན་པ་ཉེ་བར་བཞག་པ་འི། 
l.28r.5: རྐྱེན་དང་གཉེན་པོ་ཐམས་ཅད་ནྀ། །སྐུལ་མ་དྲན་བར་བྱེད་པ་འྀ། །གཞྀན་ནི་འབྱུང་གནས་ཤེས་རབ་བོ། །དེ་བས་ཤེས་
l.28v.1: རབ་རལ་གྱྀ་(གྲི)སྟེ། །དྲན་བ་གཞུ་རུ་མཛེས་པ་ཡྀན། །དབང་པོ་རྣོན་པོ་མ་ཡིན་ནོ་ཞེས་མདོ་སྡེ་དག་གི་ནང་ནས། །དེ་སྐད་
l.28v.2: འབྱུང་བས་ན། །མདོར་ན་ཤེས་རབ་སྟོང་ཕྲག་བརྒྱ་པ་ལས་འབྱུང་བ་བཞྀན་དུ། །ཡང་ནས་ཡང་དུ་བལྟས། །ཡང་ནས་
l.28v.3: ཡང་དུ་བསྒོམས་ནའ། །འཕགས་པ་རང་གིས་རིག་པའྀ་ཡེ་ཤེས་རང་འབྱུང་ངོ། །དེ་ལས་མཐོང་འདོད་།
l.28v.4: ཤེས་འདོད། ལྷག་འདོད་དེ་། སེམས་བཅོས་ལེགས་མང་པོ་བྱས་ན། །སེམས་འཁྲུལ་པ་འམ། །གཡེང་
l.28v.5: བ་མ་ཞྀ་བ་ལས་སྩོགས་ཏེ། ཞྀ་གནས་དང་ལྷག་མཐོང་ཆ་མ་མཉམ་སླན་ (བརླན)ཅད། །ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱིན་པ་ཞེས་
l.29r.1: ༄། །མྱྀ་བྱ་འོ། །ལུས་མྱྀ་བཅོས་སེམས་མྱི་བཅོས། །བསམ་བ་མྱི་བཅོས། །སྨྲ་བ་མྱྀ་བཅོས། །སྤྱོད་ལམ་མྱི་བཅོས་ཏེ།།
l.29r.2: ཆོས་ཉྀད་ཀྱྀ་རང་བཞིན་མྱྀ་འཁྲུགས་པའ། ཅྀ་བཞྀན་བར་སྤྱོད་ལམ་རྣམ་བཞྀར་མྱྀ་ཉམས་པར་བགྱྀ་འོ།།
l.29r.3: །། །། །། །། །། རྫོགས་སོ །།
l.29r.4: །། །། །། །། །། །།
l.29r.5: །། །། །། །། །། །།


Section: 6
l.29v.1: ༄། །འཇམ་དཔལ་གཞོ་ནུར་གྱུརད་པ་ལ་ཕྱག་འཚལ་ལོ། །འདྀ་ལྟ་སྟེ་དཔེར་ན། །ཆུ་རྙོག་པ་ཅན་དང།།
l.29v.2: མྱེ་ལོང་གཡའ་ཅན་དང། །མཚེའུ་འཁྲུགས་པར་འདོད་པ་བལྟར་མྱི་སྣང་བ་དེ་བཞིན་དུ། །འདོད་པ་ལྔའྀ་ཡོན་ཏན་ཀྱིས་
l.29v.3: སེམས་འཁྲུགས་ཏེ། །མ་བསྒོམས་པས་། ཡང་དག་པའྀ་དོན་ཅི་ལྟ་བ་བཞྀན་དུ། །ཤེས་པར་མྱི་ནུས་
l.29v.4: པས་བསྒོམ་དགོས་སོ། །དེ་ལྟར་བསྒོམ་བ་ཡང་ཅི་ཡང་མྱྀ་ཤེས་པས་བསྒོམ་བ་མ་ཡིན་གྀ། །དང་པོར་དགེ་བའྀ་
l.29v.5: བཤེས་གཉེན་ལས། །དམ་པའྀ་ཆོས་མདོ་ཟབ་མོ་མཉན་ཏེ། །ཐོས་པའྀ་ཤེས་རབ་ལ་བརྟེན་ནས་། །བསམ་པའི་
l.30r.1: ༄། །ཤེས་རབ་ཀྱིས་། དོན་གང་ཡིན་བ་གཏན་ལ་ཕབ་སྟེ། །སེམས་ཞུམ་རྒོད་ཀྱྀ་གཉེན་པོ་ཞི་གནས་དང༌། ལྷག་མཐོང་གྱིས་
l.30r.2: བཅོས་ཤིང༌། །གཏང་སྙོམས་ཀྱྀ་ཚུལ་དུ་ཡང་ནས་ཡང་དུ་གོམས་པར་བྱེད་པ་ལ་བསྒོམ་པའོ་ཞེས་བྱ་འོ། །དེ་བཞིན་
l.30r.3: གཤེགས་པས་ཏྀང་ངེ་འཛིན་གྀ་སྒོ་སྟོང་ཕྲག་བརྒྱད་ཅུ་གསུངས་པ་ཡང། །ཞྀ་གནས་དང་ལྷག་མཐོང་གྱི་ནང་
l.30r.4: དུ་འདུས་སོ། །དེ་ལ་ཞི་གནས་དང་ལྷག་མཐོང་གི་རྒྱུ་གང་ལས་འབྱུང་ཞེ་ན། །ཚུལ་ཁྲིམས་རྣམ་པར་དག་པའྀ་ཞི་
l.30r.5: གནས་ཀྱི་རྒྱུ་འོ། །ཐོས་པ་དང་བསམ་པའྀ་ཤེས་རབ་རྣམ་པར་དག་པ་ནྀ་། ལྷག་མཐོང་གྱི་རྒྱུ་འོ། །དེ་ལ་ཞྀ་གནས་དང་
l.30v.1: ལྷག་མཐོང་གྀ་འབྲས་བུ་གང་ཞེ་ན། །བསམ་པ་རྣམ་པར་དག་པ་ནྀ་ཞྀ་གནས་གྱྀ་འབྲས་བུ་འོ། །ཤེས་རབ་རྣམ་པར་
l.30v.2: དག་པ་ནྀ་ལྷག་མཐོང་གི་འབྲས་བུ་འོ། །དེ་ལ་ཞི་གནས་དང་ལྷག་མཐོང་གི་ལས་གང་ཡིན་ཞེ་ན། །མཚན་མའི་
l.30v.3: བཅིངས་པ་དང་གནས་ངན་ལེན་ཀྱྀ་བཅིངས་པ་ལས་དགྲོལ་བ་འོ། །དེ་ལ་ཞྀ་གནས་དང་ལྷག་མཐོང་
l.30v.4: སྒོམ་བའྀ་ཚེ་བགེགས་སུ་གྱུརད་པ་དུ་ཞེ་ན། །ལུས་དང་ལོངསྤྱོད་ལ་ཆགས་པ་ནྀ་ཞྀ་གནས་ཀྱྀ་བགེགས་སོ།།
l.30v.5: འཕགས་པའྀ་གཏམ་གིས་ཚིམ་པ་མ་ཐོབ་བ་ནྀ་ལྷག་མཐོང་གི་བགེགས་སོ། །འདུ་འཛིན་གནས་པ་དང། །
l.31r.1: ༄། །ཅུང་ཟད་ཚམ་(ཙམ་)གྱིས་ཆོག་པར་འཛིན་པ་ནྀ་གཉྀས་ཀྀ་(ཀའི་)བགེགས་སུ་ཤེས་པར་བྱ་འོ། །དེ་ལ་ཞི་གནས་དང་ལྷག་མཐོང་
l.31r.2: གྀ་སྒྲིབ་པ་དུ་ཞེ་ན། །རྒོད་པ་དང་འགྱོད་པ་ནྀ་ཞྀ་གནས་ཀྀ་སྒྲྀབ་པ་འོ། །རྨུགས་པ་དང་གཉྀད་དང་ཐེ་ཙོམ་ནི་
l.31r.3: ལྷག་མཐོང་གི་སྒྲིབ་པ་འོ། །འདོད་པའྀ་སྲེད་པ་དང་གནོད་སེམས་ནྀ་གཉྀས་ཀའྀ་སྒྲིབ་པ་འོ།།
l.31r.4: དེ་ལ་ཅི་ཙམ་གྱིས་ན་ཞི་གནས་གྱི་ལམ་ཡོངས་སུ་དག་པ་ཡིན་ཞེ་ན། །ནམ་སྙོམ་པ་དང་གཉྀད་ཡང་དག་པར་
l.31r.5: འཆོམས་ན་འོ། །ཅྀ་ཙམ་གྱིས་ན་ལྷག་མཐོང་གི་ལམ་ཡོངས་སུ་དག་པ་ཡིན་ཞེ་ན། །ནམ་འགྱོད་པ་དང་རྒོད་པ་
l.31v.1: ཡང་དག་པར་འཆོམས་པ་ན་འོ། །དེ་ལ་ཞི་གནས་དང་ལྷག་མཐོང་ལ་གནས་པའྀ་བྱང་ཅུབ་སེམས་དཔའ་རྣམས་ཀྱི་
l.31v.2: སེམས་ཀྱྀ་གཡེང་བ་རྣམ་པ་དུ་ཞེ་ན། །གང་ཐེག་པ་ཆེད་པོ་དང་ལྡན་བའྀ་ཡིད་ལ་བྱེད་པ་གཏང་སྟེ། །ཉན་ཐོས་དང་རང་
l.31v.3: སངས་རྒྱས་དང་ལྡན་བའྀ་ཡིད་ལ་བྱེད་པར་ལྟུང་ན། །འདྀ་ནི་ཡིད་ལ་བྱེད་པའྀ་གཡེང་བ་འོ། །གང་འདོད་
l.31v.4: པའྀ་ཡོན་ཏན་རྣམས་ལ་འདུ་འཛི་དང༌། མཚན་མ་དང༌། རྟོག་པ་དང༌། ཉོན་མོངས་པ་དང༌། ཕྱི་རོལ་གྱི་དམྱིགས་
l.31v.5: པ་རྣམས་ལ། སེམས་གྱེས་པར་གཏོང་ན། །དེ་ནྀ་ཕྱི་རོལ་དུ་གཡེང་བ་འོ། །གང་སྙོམས་པ་དང་གཉིད་དང་འབྱིང་བ་འཾཾ། །
l.32r.1: ༄། །སྙོམས་པར་འཇུག་པའྀ་རོ་མྱང་བ་དང། །ཉེ་བ་གང་ཡང་རུང་བས་ཉོན་མོངས་པར་གྱུར་ན། །དེ་ནྀ་ནང་གྀ་གཡེང་བ་འོ།།
l.32r.2: གང་ཕྱི་རོལ་གྱི་མཚན་མ་ལ་གནས་པ༌། ནང་གྀ་ཏིང་ངེ་འཛིན་གི་མཚན་མ་ཡིད་ལ་བྱེད་ན། །འདྀ་ནི་མཚན་མའྀ་གཡེང་བ་འོ།།
l.32r.3: གང་ནང་གྀ་ཡིད་ལ་བྱེད་པ་ལ་བརྟེན་ནས། །ཚོར་བའྀ་གནས་ངན་ལེན་གྱིས་ང་འོ་ཞེས་སྙེམས་པ་དེ་ནི་
l.32r.4: གནས་ངན་ལེན་གྱྀ་གཡེང་བ་འོ། །དེ་ལ་ཞྀ་གནས་དང་ལྷག་མཐོང༌། བྱང་ཅུབ་སེམས་དཔའྀ་ས་དང་པོ་ནས་
l.32r.5: བཟུངས་སྟེ། །དེ་བཞྀན་གཤེགས་པའྀ་བར་གྱྀ་ས་ལ་གང་གྀ་གཉེན་པོ་ཡིན་ཞེ་ན། །ས་དང་པོ་ལ་ནྀ་ཞྀ་གནས་དང་ལྷག་
l.32v.1: མཐོང་ངོ། །ངན་སོང་གི་ཉོན་མོངས་པ་དང༌། ཚེ་བའྀ་ཀུན་ཉོན་མོངས་པའྀ་གཉེན་པོ་འོ། །ས་གཉྀས་པ་ལ་ནྀ་ཞི་གནས་དང་
l.32v.2: ལྷག་མཐོང་ལྟུང་བའྀ་འཁྲུལ་པ་ཤྀན་དུ་ཕྲ་མོ་འབྱུང་བ་རྣམས་ཀྱྀ་གཉེན་པོ་འོ། །ས་གསུམ་པ་ལ་ནྀ་ཞྀ་གནས་དང་ལྷག་
l.32v.3: མཐོང་འདོད་པའྀ་འདོད་ཆགས་ཀྱྀ་གཉེན་པོ་འོ། །ས་བཞི་པ་ལ་ནྀ་ཞི་གནས་དང་ལྷག་མཐོང༌། སྙོམས་
l.32v.4: པར་འཇུག་པའྀ་སྲེད་པ་དང། ཆོས་ཀྱྀ་སྲེད་པའྀ་གཉེན་པོ་འོ། །ས་ལྔ་པ་ལ་ནྀ་ཞི་གནས་དང་ལྷག་མཐོང་།
l.32v.5: འཁོར་བ་དང་མྱེ་ངན་ལས་འདས་པ་ལ་ཕྱོགས་གཅིག་དུ་ལྟས་པའྀ་གཉེན་པོ་འོ། །ས་དྲུག་པ་ལ་ཞི་གནས་དང་ལྷག་
l.33r.1: ༄། །མཐོང་མཚན་མ་མང་པོ་འབྱུང་བའྀ་གཉེན་པོ་འོ། །ས་བདུན་པ་ལ་ནྀ་ཞི་གནས་དང་ལྷག་མཐོང༌། མཚན་མ་ཕྲ་མོ་འབྱུང་
l.33r.2: བའྀ་གཉེན་པོ་འོ། །ས་བརྒྱད་པ་ལ་ནྀ་མཚན་མ་མྱེད་པར་ལྟ་བའྀ་སྒྲིབ་པའྀ་གཉེན་པོ་། །ས་དགུ་པ་ལ་ནྀ་ཞྀ་
l.33r.3: གནས་དང་ལྷག་མཐོང་ཐམས་ཅད་དུ་སྟོན་པ་ལ་དབང་དུ་མ་གྱུར་པའྀ་གཉེན་པོ་འོ། །ས་བཅུ་པ་ལ་ནྀ་ཞི་གནས་
l.33r.4: དང་ལྷག་མཐོང་ཆོས་ཀྱྀ་སྐུ་ཡོངས་སུ་རྫོགས་པ་རབ་དུ་ཤེས་པ་མ་ཐོབ་པའྀ་གཉེན་པོ་འོ། །དེ་བཞྀན་གཤེགས་
l.33r.5: པའྀ་ས་ལ་ནྀ་ཞི་གནས་དང་ལྷག་མཐོང་ཉོན་མོངས་པ་དང་ཤེས་བྱའྀ་སྒྲིབ་པ་ཤྀན་དུ་ཕྲ་བས་ཀྱང་ཆེས་ཕྲ་བའྀ་གཉེན་
l.33v.1: པོ་སྟེ། །དེ་བཅོམ་བའྀ་ཕྱིར་། །ཆོས་ཀྱྀ་སྐུ་ཤྀན་དུ་རྣམ་པར་དག་པ་ལ་གནས་པས། །དགོངས་པ་ཡོངས་སུ་གྲུབ་པའི་
l.33v.2: དམྱྀགས་པ་ལ་། །རྣམ་པ་ཐམས་ཅད་དུ་མ་ཆགས་མ་ཐོགས་པའྀ་ཡེ་ཤེས་མཐོང་བ་རབ་དུ་ཐོབ་བོ།།
l.33v.3: དེ་ལྟ་བས་ན་ལས་དང་པོ་བའྀ་རྣལ་འབྱོར་པས་ནི། ཐེག་པ་ཆེ་ཆུང་གང་གི་སྒོར་ཞུགས་ཀྱང་རུང་སྟེ།།
l.33v.4: ཞྀ་གནས་དང་ལྷག་མཐོང་མ་བསྒོམས་པར་། །བླ་ན་མྱེད་པའྀ་འབྲས་བུ་མྱྀ་ཐོབ་པར་ནྀ་། །མདོ་སྡེ་ཀུན་་
l.33v.5: ལས་ཀྱང་གསལ་བར་འབྱུང་ངོ། །ཞྀ་གནས་དང་ལྷག་མཐོང་གཅིག་གམ་ཐ་དད། །གཅིག་པ་ཡང་མ་ཡིན།།
l.34r.1: ༄། །ཐ་དད་པ་ཡང་མ་ཡིན་ཏེ། །དཔེ་མྱེ་མར་དང་འདྲ་འོ། །མར་མྱེ་རླུང་གིས་མ་བསྐྱོད་དེ། མྱྀ་གཡོ་བར་གནས་པའྀ་
l.34r.2: དུས་ན། །འོད་སྣང་ཞིང་གསལ་བ་དང་ལྡན་ནོ། །མྱྀ་གཡོ་བ་དང་སྣང་བ་གཉིས་ནྀ་གཅིག་པ་ཡང་མ་
l.34r.3: ཡྀན། །ཐ་དད་པ་ཡང་མ་ཡིན་ནོ། །སེམས་ཀྱང་རྣམ་པར་རྟོག་པ་རླུང་དང་འདྲ་བས། །མ་བསྐྱོད་དེ་མཉམ་
l.34r.4: བར་གནས་པ་ནྀ་ཞི་གནས། །ཐམས་ཅད་སེམས་ལ་སྣང་ཞིང་གསལ་བ་ནྀ་ལྷག་མཐོང་སྟེ། །འདྀ་གཉྀས་ནི་
l.34v.1: གཅིག་དང༌། །ཐ་དད་པའྀ་མཚན་ཉྀད་ལས་འདས་པ་ཡྀན་ཏེ། །ཆོས་ཐམས་ཅད་ཀྱང་དེ་དང་འདྲ་འོ།། ཿ ཿ །།


Section: 7
l.34v.2: ༇ ཐབས་དང་ཤེས་རབ་དུ་ལྡན་བ་ནྀ། །འདུ་ཤེས་བསམ་དུ་མྱེད་པ་ལ་དབྱེར་མྱེད་པ་ནྀ་། །ཐབས་དང་
l.34v.3: ཤེས་རབ་ཟུང་དུ་འབྲེལ་པ་འོ། །ཕ་རོལ་དུ་ཕྱིན་པ་ལས་སྩོགས་པ། སེམས་ཅན་གྀ་དོན་དུ་སྤྱོད་པ་ནི་ཐབས་སོ། །
l.35r.1: ༄། །དེ་ཉྀད་ལ་མྱི་གནས་པ་ནྀ་ཤེས་རབ་བོ། །སེམས་ཅན་ཡོད་པར་ལྟ་བ་ནྀ་ཐབས་སོ། །སེམས་ཅན་མྱི་དམྱིགས་
l.35r.2: པ་ནྀ་ཤེས་རབ་བོ། །སེམས་ཅན་ཡོད་པ་དང་མྱེད་པར་མྱི་ལྟ་བ་ནྀ། །ཐབས་དང་ཤེས་རབ་དུ་ལྡན་ཞིང་
l.35r.3: འབྲེལ་པ་འོ། །རྣམ་པར་དག་པའྀ་དགེ་བའ་སྤྱོད་པ་ནྀ་ཐབས་སོ། །དེའྀ་འབྲས་བུ་ལ་མྱི་
l.35r.4: ལྟ་ཞྀང་ལན་མྱི་རེ་བ་ནྀ་ཤེས་རབ་རོ། །ཆོས་ཉྀད་ཀྱིས་སྤྱོད་པ་དང༌། མྱྀ་སྤྱོད་པ་ལ། །གཉྀས་སུ་མྱེད་པར་
l.35r.5: ཤེས་ནའ། །ཐབས་དང་ཤེས་རབ་ཟུང་དུ་འབྲེལད་པ་འོ།། ཿ ཿ །། །།


Section: 8
l.35v.1: ༇མཁན་པོ་འགལ་ན་ཡས་བས་གཏན་གྀ་སྙིང་པོ་བཤད་པའ། །ཐེག་པ་ཆེད་པོའི་བསམ་གཏན་གྀ་སྒོ་ཡང་མང་སྟེ།།
l.35v.2: དེའྀ་ནང་ན་དམ་པ་ནྀ་དོན་དབུ་མ་ལ་ཅིག་ཅར་འཇུག་པ་ཡྀན་ཏེ། །ཅྀག་ཅར་འཇུག་པ་ལ་ནྀ་ཐབས་མྱེད་དེ་།།
l.35v.3: ཆོས་ཉྀད་ཀྱྀ་རང་བཞྀན་ལ་བསྒོམ་མོ། །དེ་ལ་ཆོས་ནྀ་སེམས་སེམས་ནྀ་མ་སྐྱེས་པ་འོ། །མ་སྐྱེས་པ་ནྀ་སྟོང་པ་སྟེ།།
l.35v.4: དཔེར་ནཾཾ་ཀ་(ནམ་མཁའ)དང་འདྲ་བས། །དབང་པོ་དྲུག་གྀ་སྤྱོད་ཡུལ་མ་ཡིན་བས་ན། །སྟོང་པ་དེ་ནྀ་ཚོར་བ་ཞེས་བྱ་འོ། །ཚོར་ནས་ནྀ་ཚོར་བ་ཉྀད་ཀྱང་མྱེད་དེ།།
l.35v.5: དེ་བས་ན་ཐོས་པ་དང་བསམ་བའྀ་ཤེས་ཤེས་རབ་ལ་།མ་གནས་པར་ཆོས་མཉམ་བ་ཉྀད་ལ་སྒོམས་ཤིག་ཅེས་བཤད་དོ།། ཿ ཿ །།


Section: 9
l.36r.1: ༄༅། །བསམ་གཏན་གྀ་ཡྀ་གེ། །ལྷ་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྀ་མགུར་གྀ་ཕྱག་རྒྱ་འོག་ནས་འབྱུང་བའ། །རྣལ་འབྱོར་
l.36r.2: ཆེན་པོ་ལ་འཇུག་པ་རྣམས་ལ་དགོངས་པའྀ་དོན་། །དེ་བཞྀན་གཤེགས་པས་བསམ་གཏན་གྱྀ་སྒོ་མོ་གྲངས་མྱེད་པ་གསུངས་
l.36r.3: པའྀ་ནང་ན། །འཕགས་པ་ལང་ཀར་གཤེགས་པའྀ་ལུང་ལས། །ཉན་ཐོས་དང་མུར་འདུག་ལ་སྩོགས་
l.36r.4: པའྀ་བསམ་གཏན་མཚན་མ་སྦོམ་པོ་ཅན་དང། །དད་པ་སྤྱོད་པ་དང༌། ས་ལ་གནས་པའྀ་བྱང་ཅུབ་སེམས་དཔའྀ་
l.36r.5: བསམ་གཏན་དམྱིགས་པ་ཡོད་པ་དང༌། །དམྱིགས་པ་མྱེད་པའྀ་རིམ་པ་དང །དེ་བཞྀན་གཤེགས་པའྀ་བསམ་གཏན་མཐའ།
l.36v.1: ཐམས་ཅད་ལས་འདས་པ་ཡོད་དེ། །བསམ་གཏན་བྱེད་དུ་འདྲ་བ་ལས་། །འཇྀག་རྟེན་དང་འཇྀག་རྟེན་ལས་འདས་པ་དང།།
l.36v.2: འཇྀག་རྟེན་ལས་འདས་པའྀ་མཆོག་རྣམ་པ་འདྀ་གསུམ་གྱྀ་བྱེ་བྲག་ཀྱང་མངོན་པར་འབྱུང་ངོ། །དེ་ལ་བསམ་གཏན་གྀ་
l.36v.3: ནང་ན་ནྀ། །དེ་བཞྀན་གཤེགས་པའྀ་བསམ་གཏན་དགེའོ་ཞེས་གསུངས་པས་ན། །ད་འདྀར་ནྀ་རྣམ་གྲངས་གཞན་
l.36v.4: གྀ་གཏན་ཚིགས་མྱི་སྨོས་ཀྱྀ། །དེ་བཞིན་གཤེགས་པའྀ་བསམ་གཏན་གྱྀ་ལུང་རྣལ་འབྱོར་ཆེན་པོ་བས་ལས་སུ་བསྒོམ་བ་ཉྀ་ཙེ་
l.36v.5: མདོ་ཙམ་ཞྀག་བསྟན་ཏོ། །ཐོག་མ་སེམས་ཅྀ་ལྟར་བསྐྱེད་ཅེ་ན། །མཆོག་གི་ཡེ་ཤེས་ཀྱྀ་མན་ངག་ལེན་པའ། །རྣལ་འབྱོར་ཆེན་
l.37r.1: ༄། །ལ་འཇུག་པས་ནྀ་། །ཐོག་མར་སྣང་བ་ཐམས་ཅད་སེམས་ཙམ་དུ་ཤེས་པར་བྱ་འོ། །དེ་ལྟར་ཤེས་ནས་ནང་གྀ་སེམས་ཡོངས་སུ་
l.37r.2: སྦྱོང་གི་། །ཡུལ་དངོས་པོ་མྱེད་པ་ལ་། །རྐྱེན་དང་འདུ་བ་ལས་འབྱུང་བ་དང། །མ་བྱུང་བའ་ལས་སྩོགས་ཏེ། །མཐའ་ཕྱོགས་
l.37r.3: ཐམས་ཅད་དུ་དཔྱད་པ་འམ། །བརྩད་པར་མྱི་བྱ་འོ། །ཅྀའི་ཕྱིར་ཞེ་ན་། །རྟོག་གེ་པའྀ་ཐམས་ཅད་ཀྱྀ་ཡུལ་ལས་
l.37r.4: འདས་ཏེ། །སྣང་བ་འདྀ་དག་སེམས་ཙམ་དུ་རིག་ན། །ཕྱི་ནང་གྀ་ཆོས་སུ་གདགས་སོ། །ཆོས་ལ་ཅིག་ཆར་མཁས་
l.37r.5: པས། དེ་ཕན་ཅད་སྐྱེ་བོ་སོ་སོར་འགྲོ་བ་དང། །ཉན་ཐོས་དང་མུ་སྟེགས་ཅན་ལས་སྩོགས་པ་། །འཁྲུལ་པ་རྣམས་དང་བློ་མྱི་གཅྀག་གོ།།
l.37v.1: དེ་ལྟ་བས་ན་། བྱང་ཅུབ་དུ་སེམས་བསྐྱེད་པ་ནས། །སེམས་ཅན་སྨྱིན་པར་བྱ་བའྀ་བར་དུ་ཡང། །རང་གྀ་སེམས་ཙམ་སྟེ། །དེ་དག་རྣལ་འབྱོར་
l.37v.2: པས་ནན་ཏན་དུ་བྱ་(བ་)མ་ཡིན་ནོ། །དཔེར་འཇྀག་རྟེན་པའྀ་འཚོ་བའ་སྦྱོར་བ་ཡང༌། །ཐོག་མ་སྣམས་(རྣམས)གང་ལ་ལྟོས་པའྀ་མྱི་དེ་དག།།
l.37v.3: རྀན་པོ་ཆེ་དང་འབྲུ་དང། ཞོ་མར་ཀྱྀ་ལས་ཇྀ་ལྟར་བྱ་བའྀ་ཐབས་སོ་སོར་འགྲུབ་པ་བཞིན་དུ། །དེ་བཞིན་གཤེགས་པའི་
l.37v.4: བསམ་གཏན་གྀ་རྗེས་སུ་འཇུག་པའྀ་སྲས་རྣམས་ཀྱང། །སེམས་དང་ཡིད་དང༌། ཡྀད་ཀྱྀ་རྣམ་པར་ཤེས་པ་ལ་མ་ཡིན་གྱྀ། །མཆོག་གི་ཡེ་ཤེས་འཕགས་
l.37v.5: པ། སོ་སོར་རང་གྀས་རིག་པའྀ་བདེ་བ་ལ་གནས་པས། རྒྱུ་ལས་མྱྀ་སྒྲུབ། འབྲས་བུར་མྱྀ་རེ་མོད་ཀྱི། དེ་ཉིད་ཆོས་ཉིད་ཀྱྀ་སངས་རྒྱས་སུ་འགྱུར་བའྀ་ལས་ཡིན་ཏེ།
l.38r.1: ༄། །དེ་ལས་ཉན་ཐོས་དང༌། །མུ་སྟེགས་ཅན་ལས་སྩོགས་པའྀ་ས་གཞན་དུ་མྱི་ལྟུང་ངོ།། །། །།
l.38r.2: ༄། །དམ་ཚྀག་ཇྀ་ལྟར་བླང་ཞེ་ན་། །སྔོན་སངས་རྒྱས་མང་པོ་ལ་། མཆོད་བཀུར་བ་དང། །བསམ་བ་ཡོངས་
l.38r.3: སུ་དག་པའྀ་རྣམས་ཀྱིས་། །སློབས་དཔོན་སངས་རྒྱས་ལ་རྟེན་གྱྀ། གཞན་ལ་མྱྀ་བརྟེན་པར་བྱ་འོ།།
l.38r.4: ཆོས་མྱྀ་སྐྱེ་མྱྀ་འགོག་པའྀ་དོན་ཆུད་པར་བློ་བྱ་འྀ། །འཁྲུལ་པས་།སྒྲོ་བཏགས་པའྀ་ཐ་སྙད་སྣ་ཚོགས་མྱྀ་བསླབ་བོ།།
l.38r.5: ཅྀའི་ཕྱིར་ཞེ་ན། ནང་དུ་ཐུབ་པ་ལ་འཇུག་དུ་འདྲ་བ་ལས། །ཐེག་པ་གཞན་གྱྀ་བསམ་གཏན་ཙམ་གྱིས་སེམས་ཅན་གྱི་དོན་ཆེན་པོ་མྱི་ནུས་གྱིས། །
l.38v.1: མ་ཆོག་སྟེ་དམྱྀགས་པ་ཅན་དེ་དག་ །མངོན་དུ་ཁུགས་སུ་ཟྀན་ཀྱང། རང་གྀ་མཆོག་གྀ་ཡེ་ཤེས་ལ་སྒྲྀབ་པའྀ་མུན་པར་
l.38v.2: འགྱུར་བས། །ཆུང་དུ་ཡོངས་སུ་བྱང་དུ་ཟྀན་ཀྱང། །དེ་མ་ཡིན་བའྀ་རྟོག་པ་། གཞན་རྀམས་ཀྱིས་སྦྱང་དགོས་
l.38v.3: པས། །བསམ་གཏན་བརྒྱད་ལྟ་བུ་ཡང། གཅྀག་གྀས་ཀུན་མྱྀ་འགྲུབ་སྟེ། མཐར་གིས་འཇུག་པ་
l.38v.4: ཡིན། རྟོག་པ་སྣ་ཚོགས་ལ་གཅྀག་ནས་སྦྱོང་བ་། །ས་ཆེན་པོ་འི་རྡུལ་འབྲུས་(འབྲས་བུས་)བགྲང་བ་དང་མཚུངས་སོ།།
l.38v.5: ཡང་སེམས་ཀྱྀ་ངོ་བོ་ཉིད་ཇྀ་འདྲ་བ་མ་རིག་པར་། །གཉེན་པོ་གཅིག་གིས་ཅྀག་ཆར་བཀག་པ་ནྀ་མྱྀ་ཕན་ཏེ། །



(DKR)