Part of the same original manuscript as IOL Tib J 667 and 709

Section: 1
l.1r.1: ༄། །མཁན་པོ་མ་ཧ་ཡན་གྀ་བསམ་གཏན་ཅིག་ཅར་འཇུག་པའྀ་སྒོ། འཇྀག་རྟེན་སྐྱེ་ཤི་འཁོར་བའྀ་རྩ་བ་ནི། །རྣམ་པར་
l.1r.2: རྟོག་པའྀ་སེམས་ཡྀན་ནོ། །ཅྀ་ལྟར་ཡིན་ཞེ་ན། ཐོག་མ་མྱེད་པའྀ་བག་ཆགས་ཀྱྀ་རྒྱུ་ལས་། རྣམ་པར་རྟོག་པའྀ་སེམས་
l.1r.3: གཡོས་ནས་། ཇྀ་ལྟར་གཡོས་པ་དེ་བཞིན་དུ་མཐོང་ཞིང༌། ཅི་ལྟར་མཐོང་བ་བཞིན་དུ་སྤྱད་། ཅི་ལྟར་སྤྱད་
l.1r.4: པ་བཞིན་དུ་འབྲས་བུར་འགྲུབ་པས་། དེ་བས་ན་ཡར་ཏེ་སངས་རྒྱས་མན་ཅད། མར་ཏེ་སེམས་ཅན་དམྱལ་བ་
l.1r.5: ཡན་ཅད་ཀྱང། རང་གི་རྣམ་པར་རྟོག་པ་ལས་སྤྲུལ་ཅིང་མཐོང་བར་ཟད་དེ། སེམས་མྱི་གཡོ་ན་ཆོས་རྡུལ་ཙམ་ཡང་ཐོབ་པར་
l.1v.1: རུང་བ་མྱེད་དོ། །དོན་དེ་ལྟ་བུར་ཡིན་བར་རིག་པའི་མྱིས་། བྱ་བ་གཞན་བཏང་སྟེ། གང་དབེན་བ་འདུ་འཛི་མྱེད་པའྀ་གནས་སུ་
l.1v.2: གཅིག་པུ་མྱི་གཉྀས་པར་འདུག་ནས་། སྐྱྀལ་མོ་གྲུམ་(ཀྲུང་)བཅས་ལུས་དྲང་པོར་བསྲང་སྟེ། སྲོད་དང་ཐོ་རས་(རངས)ལ་མྱྀ་ཉལ་བར་
l.1v.3: བྱ་འོ།། །།བསམ་གཏན་ཉྀད་དུ་འཇུག་པའྀ་ཚེ་། བདག་གྀ་སེམས་ལ་བལྟས་ན་། ཅྀ་ཡང་སེམས་
l.1v.4: དཔའ་(པ་)མྱེད་དེ་མྱྀ་བསམ་མོ། རྟོག་པའྀ་སེམས་གཡོས་ན་ཚོར་བར་བྱ། ཅྀ་ལྟར་ཚོར་བར་བྱ་ཞེ་ན།
l.1v.5: གང་གཡོས་པའྀ་སེམས་དེ་ཉྀད་། གཡོས་པ་དང་མ་གཡོས་པར་ཡང་མྱྀ་བརྟག །ཡོད་པ་དང་མྱེད་པར་ཡང་
l.2r.1: ༄། །མྱྀ་བརྟག། དགེ་བ་དང་མྱྀ་དགེ་བར་ཡང་མྱྀ་བརྟག །ཉོན་མོངས་པ་དང་རྣམ་པར་བྱང་བར་ཡང་མྱྀ་བརྟག།སྟེ། །
l.2r.2: ཆོས་ཐམས་ཅད་ཅྀ་ལྟ་བུར་ཡང་མྱྀ་བརྟག་གོ། །སེམས་གཡོས་པ་དེ་ལྟ་བུར་ཚོར་ན་རང་བཞིན་མྱེད་པ་ཡྀན་ཏེ། །དེ་ནྀ་ཆོས་
l.2r.3: ལམ་སྤྱོད་པ་ཞེས་བྱའ། །སེམས་གཡོས་པར་མ་ཚོར་རམ་ལོག་པར་ཚོར་ན་ནྀ་། དེ་བཞྀན་རྗེས་སུ་སྤྱོད་ཅིང།
l.2r.4: དོན་མ་ཡིན་བ་ལ་སྒོམ་བར་འགྱུར་ཏེ། མྱྀ་ཐ་མལ་པ་འོ། །ཐོག་མ་གསར་དུ་སྒོམ་བའྀ་མྱི་(མིས)སེམས་ལ་ལྟ་བ་ན། །
l.2r.5: འདུ་ཤེས་འབྱུང་ངོ་ཆོས་གོང་མའྀ་ཚུལ་དུ་སྦྱར་བར་བྱ་འོ། །ཡུན་རིང་དུ་འདུག་ནས་སེམས་གཡུང་དུ་གྱུར་པ་དང། ཚོར་བ་ཉིད་
l.2v.1: ཀྱང་རྣམ་པར་རྟོག་པའི་སེམས་ཡིན་བར་རིག་པར་བྱ་འོ། །ཇྀ་ལྟར་ཡིན་ཞེ་ན། དཔེར་ན་ལུས་ཡོད་པའྀ་རྐྱེན་ཀྱིས་གྲྀབ་མ་འབྱུང༌
l.2v.2: གྲྀབ་མ་བྱུང་བའྀ་རྐྱེན་གིས་གྲིབ་མར་ཤེས་པ་འབྱུང་ངོ༌། །དེ་བཞིན་དུ་སེམས་གཡོས་པའྀ་རྐྱེན་ཀྱིས་ཚོར་བ་འབྱུང།།
l.2v.3: ཚོར་བ་བྱུང་བའྀ་རྐྱེན་གིས་ཚོར་བར་ཤེས་པ་འབྱུང་བས་ན་། ཚོར་བ་ཉྀད་ཀྱང་མྱིང་དང་གཟུགས་མྱེད། ཐོག་མ་ག་(གང་)ལས་
l.2v.4: འོངས་པའྀ་གནས་ཀྱང་མ་མཐོང། །ཐ་མར་གར་སོང་བའྀ་རྗེས་ཀྱང་མྱྀ་ཆོད། ཚོར་བ་དང་ཚོར་བར་བྱ་བའྀ་གནས་ཀྱང་
l.2v.5: བཙལ་དུ་མྱྀ་རྙེད་ཅིང། བསམ་གྱྀས་མྱི་ཁྱབ་པས་མྱྀ་བསམ་སྟེ། མྱྀ་སེམས་པ་དེ་ལ་ཡང་མ་ཆགས་པ་ནི་དེ་བཞིན་གཤེགས་



(DKR)