Part of the same original manuscript as IOL Tib J 617

Section: 1
l.r1.1: འདས་པ་འི་རང་བཞིན་ལ་། །གོང་བུར་འདུ་ཤེས་ཅི་ལྟར་བལྟའ། །ཅུང་ཟད་ཙམ་ཡང་ཁས་བླང་མྱེད། །དེ་ཚེ་།
l.r1.2: སེམས་ནི་ནམ་ཀ་(མཁའ)སྟེ་། །སངས་རྒྱས་དང་ནི་སྤྱོད་ཡུལ་གཅིག་ཆེས་(ཅེས)འབྱུངའ། །ཡང་དག་པ་འི་ཡེ་ཤེས་བསམ་གྱིས་མྱི་ཁྱབ་
l.r1.3: པའི་མདོ་ལས་ཀྱང༌། །སེམས་ཅན་རྣམས་ནི་། །ཇི་ལྟ་བུས་འདུལ་བ་དེ་ལྟ་བུས་མཐོང༌། །ཇི་ལྟ་བུས་འདུལ་བ་དེ་ལྟ་
l.r1.4: བུས་ཐོས་སོ་ཞེས་འབྱུང༌། །ལང་ཀར་གཤེགས་པ་འི་མདོ་ལས་ཀྱང༌། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། །མྱེ་ལོང་གྱི་
l.r1.5: ནང་དུ་གཟུགས་ཀྱི་གཟུགས་སུ་སྣང་ཐམས་ཅད་། །རྣམ་པར་རྟོག་པ་མྱེད་པར་ཅིག་ཆར་སྣང་ངོ། །དེ་བཞིན་
l.r2.1: དུ་བློ་གྲོས་ཆེན་པོ་དེ་བཞྀན་གཤེགས་པ་ཡང༌། །སེམས་ཅན་ཐམས་ཅད་ཀྱི་རང་གི་། །སེམས་སྣང་བ་་འི་རྒྱུད་
l.r2.2: རྣམ་པར་མྱི་རྟོག་ཅིང༌། །སྣང་བ་མྱེད་པ་འི་སྤྱོད་ཡུལ་རྣམས་ཅིག་ཆར་རྣམ་པར་སྦྱོང་ངོ་ཞེས་གསུངས་པས། །
l.r2.3: དང་པོ་ནས་རྣམ་པར་མྱི་རྟོག་པ་འི་(པར་)སྒོམ་དུ་རུང་བར་མངོན་ལ་། གལ་ཏེ་ཕྱི་ཞིག་ན་མྱི་རྟོག་པ་འི་དོན་ཐོབ་པར
l.r2.4: འགྱུར་རོ་བར་སེམས་ན་། །ལེ་ལོར་འགྱུར་བ་ཡིན་ཏེ། །སྡུད་པ་ཚིགས་སུ་བཅད་པ་འི་མདོ་ལས་། །གལ་ཏེ་
l.r2.5: འགའ་ཞིག་འདི་སྐད་རི་རབ་། །རི་བཤིག་(ཤིག)པའི་རྗེས་ལ་བྱང་ཅུབ་མཆོག་ཐོབ་འགྱུར་ཞེས་སྨྲས་བ་
l.r3.1: ལས་། །ཅི་སྟེ་སྐྱོ་བ་འི་བློ་སྐྱེད་ཚད་ཀྱང་སེམས་བྱེད་ན། །དེ་ཚེ་བྱང་ཅུབ་སེམས་དཔའ་ལེ་ལོར་འགྱུར་བ་
l.r3.2: ཡིན་ཞེས་གསུངས་པས། །དང་པོ་ནས་རྣམ་པར་མྱི་རྟོག་པ་བསྒོམ་དུ་མྱི་རུང་ངོ་ཞེས་འཆད་པ་ནི་། །བན་
l.r3.3: ལང་ལ་བརྡེག་པ་འི་དབྱིག་པ་བོང་བུ་ལ་མྱི་བཟོད་པ་བཞིན་ཏེ། །སྤྱོད་པ་དམ་པ་མ་ཡིན་བར་མངོན་ནོ། །
l.r3.4: ཡང་ཁ་ཅིག་ན་རེ་། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པས། །སེམས་ཅན་གྱི་དོན་བྱེད་པར་མྱི་ནུས་སོ་ཞེ་ནའ། །དེ་ལ་
l.r3.5: བཤད་པའ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འི་མདོ་ལས། །རབ་འབྱོར་འདི་ལ་། བྱང་ཆུབ་སེམས་དཔའ་སེམས་དཔའ་།
l.r4.1: ཆེན་པོ། ཏིང་ངེ་འཛྀན་གསུམ་པོ་ལ་གནས་ཤིང༌། སེམས་ཅན་གང་རྣམ་པར་རྟོག་པའི་འདུ་ཤེས་ལ་སྤྱོད་པ་དེ་དག་ནྀ་། སྟོང་པ་ཉིད་ལ་རབ་
l.r4.2: དུ་བཀོད་དོ། །སེམས་ཅན་གང་མཚན་མར་སྤྱོད་པ་དེ་དག་ནྀ། མཚན་མ་མྱེད་པ་ལ་རབ་ཏུ་བཀོད་དོ། །སེམས་ཅན་གང་སྨོན་ལམ།
l.r4.3: ལ་སྤྱོད་པ་དེ་དག་ནྀ་། སྨོན་པ་མྱེད་པ་ལ་སྦྱོར་རོ། །རབ་འབྱོར་། བྱང་ཅུབ་སེམས་དཔའ་སེམས་དཔའ་ཆེན་པོ་། ཤེས་རབ་ཀྱི་ཕ་
l.r4.4: རོལ་དུ་ཕྱིན་པ་སྤྱོད་ཅིང་།ཏྀང་ངེ་འཛིན་གསུམ་པོ་ལ་གནས་ཏེ་། སེམས་ཅན་རྣམས་ཡོངསུ་སྨྱིན་པར་བྱེད་དོ་ཞེས་གསུངས་པས་། ཆོས་
l.r4.5: ཟབ་མོ་(མོའི་)སྒོ་ནས་། སེམས་ཅན་གྱི་སྒོ་ནས་། །སེམས་ཅན་གྱི་དོན་རྒྱ་ཆེར་བྱེད་པར་མངོན་ལ་། གལ་ཏེ།མཚན་མའི་སྒོ་ནས་། ཆོས་(བསྟན་)


Section: 2
l.v1.1: བར་བྱ་སྟེ། །སྦྱིན་བ་བྱིན་བས། །གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚྀག་བཞི་པ་འི་ཚིགསུ་བཅད་
l.v1.2: པ་ཙམ་བཟུང་ནས། །གཞན་དག་ལ་ཡང་འཆད་ཅིང་ཡང་དག་པར་རབ་ཏུ་སྟོན་ན་། །དེ་དག་དེ་འི་གཞི་ལས་བསོད་
l.v1.3: ནམས་མང་པོ་གྲངས་མྱེད་དཔག་དུ་མྱེད་པར་སྐྱེད་དོ། །དེ་ཅི་འི་ཕྱིར་ཞེ་ན། །རབ་འབྱོར་དེ་བཞིན་གཤེགས་པ་རྣམས་
l.v1.4: ཀྱི་བླ་ན་མྱེད་པ་ཡང་དག་པར་རྫོགས་པ་འི་བྱང་ཅུབ་ནི་འདི་ལས་བྱུང་སྟེ། །སངས་རྒྱས་བཅོམ་ལྡན་འདས་རྣམས་
l.v1.5: ཀྱང་འདི་ལས་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། །རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས། །སངས་རྒྱས་ཀྱི་ཆོས་
l.v2.1: རྣམས་ཞེས་བྱ་བ་མི(ནི)། སངས་རྒྱས་ཀྱི་ཆོས་དེ་དག་མྱེད་པར་། །དེ་བཞིན་གཤེགས་པས་གསུངས་ཏེ། །དེ་འི་
l.v2.2: ཕྱྀར་། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་འོ། །རབ་འབྱོར་འདི་ཅི་སྙམ་དུ་སེམས་། །རྒྱུན་དུ་ཞུགས་པ་དེ་
l.v2.3: ལྟར། །བདག་གིས་རྒྱུན་དུ་ཞུགས་པ་འི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་སམ་། །རབ་འབྱོར་གྱིས་གསོལ་
l.v2.4: པ། །བཅོམ་ལྡན་འདས་དེ་མ་ལགས་སོ། །དེ་ཅི་འི་སླད་དུ་ཞེ་ན། །བཅོམ་ལྡན་འདས་དེ་ཅི་ལ་ཡང་ཞུགས་
l.v2.5: པར་མ་མཆིས་ཏེ། དེ་བས་ན་།རྒྱུན་དུ་ཞུགས་ཞེས་བགྱི་འོ། །གཟུགས་ལ་ཡང་མ་ཞུགས་། སྒྲ་ལ་ཡང་མ་
l.v3.1: ལགས། །དྲི་ལ་ཡང་མ་ལགས། །རོ་ལ་ཡང་མ་ལགས། །རེག་བྱ་ལ་ཡང་མ་ལགས། །ཆོས་ལ་ཡང་མ་
l.v3.2: ཞུགས་སྟེ། །དེ་བས་ན།རྒྱུན་དུ་ཞུགས་ཤེས་བགྱི་འོ། །བཅོམ་ལྡན་འདས།གལ་ཏེ། རྒྱུན་དུ་ཞུག་པ་དེ་།
l.v3.3: བདག་གིས་རྒྱུན་དུ་ཞུགས་པ་འི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་ནའ། དེ་ཉིད་དེ་དག་གི་བདག་དུ་འཛྀན་
l.v3.4: པར་གྱུར་ཏོ། །སེམས་ཅན་དུ་འཛྀན་པ་དང༌། སྲོག་དུ་འཛིན་པ་དང། གང་ཟག་དུ་འཛྀན་པར་གྱུར་ཏོ། །བཅོམ་
l.v3.5: ལྡན་འདས་ཀྱིས་བཀའ་སྩལ་པའ། །རབ་འབྱོར་འདི་ཅི་སྙམ་དུ་སེམས། །ལན་ཅིག་ཕྱྀར་འོང་བ་འདི་
l.v4.1: ལྟར་། །བདག་གིས་ལན་ཅིག་ཕྱིར་འོང་བ་འི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་སམ། །རབ་འབྱོར་
l.v4.2: གྱྀས་གསོལ་པའ། །བཅོམ་ལྡན་འདས་དེ་མ་ལགས་སོ། །དེ་ཅི་འི་སླད་དུ་ཞེ་ན་། །གང་ལན་ཅིག་ཕྱིར་
l.v4.3: འོང་བ་ཉིད་དུ་ཞུགས་པ་འི་ཆོས་དེ་གང་ཡང་མ་མཆིས་ཏེ། །དེ་བས་ནའ། ལན་ཅིག་ཕྱིར་འོང་བ་ཞེས་
l.v4.4: བགྱི་འོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའ། །རབ་འབྱོར་འདི་ཅི་སྙམ་དུ་སེ(མ)ས། །ཕྱིར་མྱྀ་
l.v4.5: འོང་བ་འདི་ལྟར་བདག་གིས། ཕྱིར་མྱྀ་འོང་བ་འི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་སམ། །རབ་འབྱོར་



(DKR)