Section: 1
l.1r.1: ༄། །དང་ཁོང་ཁྲོ་བ་དང། ཐེ་ཙོམ་སྤངས་པ་ས་དང་པོར་སྐད་ཅིག་པ་གཅིག་ལ། རྣམ་པར་ཤེས་པ་བརྒྱད་ཅར་གྱྀས་ཆོས་ཉིད་རྣམ་པར་དག་པ་མཐོང་ནས་། ཅིག་ཅར་ཡེ་ཤེས་སུ་འགྱུར་ཏེ། རྀམ་གྱིས་མྱྀ་འགྱུར་། །བྱང་ཆུབ་སེམས་ 1r.2: དཔའ་ཁ་ཅིག་ས་བདུན་པ་མན་ཅད་ལྡོག་ཅེས་འབྱུང་བ་ཅི་ལྟ་བུ་ལ་བགྱིས། །བྱང་ཆུབ་སེམས་དཔའི་རྀགས་ཅན་ཡང་དབང་པོ་རྣོ་རྟུལ་རིམ་པ་གསུམ་མཆིས་པ་ལས་། དབང་པོ་རྟུལ་པོ་ཁ་ཅིག་ས་བདུན་པ་མན་ཅད་ཐོབ་ཀྱིས་ཀྱང་ས་ 1r.3: བརྒྱད་པ་མན་ཅད་ལ་འཇུག་མ་ཕོད་ནས་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་དུ་ལྡང་བ་མཆྀས་ཏེ། །དཔེར་ན་རབ་འབྱོར་དང༌། ཤ་རིའི་བུ་ལ་སྩོགས་པ་ལྟ་བུ་འོ། །དབང་པོ་འབྲིང་པོ་ཁ་ཅིག་ནྀ་། མྱུར་དུ་ས་གོང་མ་དག་བསྒྲུབ
l.1r.4: པའི་རིགས་པ་ལས་། སྒྲུབ་མ་ནུས་པ་ལ་ཕྱིར་ལྡོག་པ་ཞེས་གདགས་ཏེ། དབང་པོ་རྟུལ་པོ་ལྟ་བུར་ལོག་པ་ནི་མ་ལགས། །དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཇྀ་ལྟ་བུ། །འདི་ནྀ་ལང་ཀར་གཤེགས་པ་ལས་ཞིབ་དུ་བཤད་དེ། །
l.1v.1: དེ་བཞིན་གཤེགས་པའི་སྙིང་པོ་མཚན་དང༌། དཔེ་བྱད་ཀྱིས་བརྒྱན་པ་ཞིག་སེམས་ཅན་གྱི་ཁོང་ན་ཡོད་པ་ལ་མྱི་བྱ་འྀ། དེ་བཞྀན་གཤེགས་པ་ནི་ཆོས་རྣམས་ཀྱྀ་། དེ་བཞྀན་ཉིད་ལ་བྱ་ལ་། དེ་ནྀ་སྙིང་པོ་འམ་མཆོག་དུ་བྱ་བ་ཡིན་ཏེ། སེམས་ཅན་
l.1v.2: ཐམས་ཅད་ཀྱང་དེ་བཞྀན་ཉིད་སྙིང་པོ་འམ། མཆོག་འདི་འི་རང་བཞྀན་ཡིན་བའི་ཕྱྀར་། དེ་བཞྀན་གཤེགས་པའྀ་སྙྀང་པོ་ཞེས་བགྱྀ། །རྣམ་པར་ཤེས་པ་བརྒྱད་དྀ་(འདི་)ལ་རྐྱེན་བཞྀ་ལས་སྐྱེ་འམ་། གསུམ་དང་གཉིས་ལས་
l.1v.3: སྐྱེ་བ་མཆིས། འདི་ནི་ཀོ་ཤ་ལས་། །སེམས་དང་སེམས་འབྱུང་བཞི་རྣམས་ཀྱིས་། །སྙོམས་འཇུག་གཉིས་ནྀ་གསུམ་གྱིས་སོ། །གཞན་ནྀ་གཉིས་ཀྱིས་སྐྱེ་འགྱུར་ཏེ། །རིམས་བསྩོགས་དབང་འཕྱུག་ལས་བསྩོགས་མྱིན
l.1v.4: ཞེས་འབྱུང་སྟེ། སེམས་དང་སེམས་ལས་བྱུང་བ་ནི་རྐྱེན་བཞྀས་སྐྱེ་ལ་། འགོག་པ་འི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མྱེད་པ་འི་སྙོམས་པར་འཇུག་པ་གཉིས་ནྀ། རྒྱུ་དང་བདག་པོ་དང༌། དེ་མ་ཐག་པ་འྀ་རྐྱེན་དང་གསུམ་གྱིས་སྐྱེ་འོ། །དེ་མ་
l.2r.1: ༄། །གཏོགས་བ་འི་ཕྱི་རོལ་གྱི་ཆོས་གཞན་གྱི་རྒྱུ་དང༌། བདག་པོའི་རྐྱེན་གཉིས་ལས་སྐྱེས་སྟེ། རིམ་དང་ཅིག་ཅེར་འབྱུང་བ་ལ་སྩོགས་པས་། ཕྱི་ནང་གི་དངོས་པོ་རྣམས་དབང་འཕྱུག་ལས་བསྩོགས་པ་ལས་སྐྱེ་བ་མ་ཡིན་ནོ་ཞེས་།འབྱུང་བས་། བཞི
l.2r.2: དང་གསུམ་དང་གཉིས་ལས་སྐྱེ་བར་བསྟན་། །སྐུ་གསུམ་གྱི་མཚན་ཉིད་དང་།ཕྲིན་ལས་ལ་བྱེ་བྲག་ཅི་མཆིས།། མཆིས་ཏེ་། ཆོས་ཀྱི་སྐུ་ནྀ་རང་རིག་པའི་མཚན་ཉིད་དོ། །ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་འི་སྐུ་ཡང་སོ་སོ་འི
l.2r.3: མཚན་ཉིད་དང་ལྡན་བའོ། །ཕྲིན་ལས་ལ་གང་བྱེ་བྲག་མཆིས་སྟེ་། ཆོས་ཀྱི་སྐུ་འི་ཕྲིན་ལས་ནི་། སྐུ་གཉིས་འབྱིན་པར་མཛད་པ་འོ། །ལོངས་སྤྱོད་རྫོགས་པའི་ཕྲིན་ལས་ནྀ་། བྱང་ཆུབ་སེམས་དཔའ་རྣམས་འདུལ་ལོ། །སྤྲུལ་
l.2r.4: པ་འི་སྐུས་ནི་སེམས་ཅན་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་མཛད་དེ། འདི་ནྀ་ཀུན་རྫོབ་དུ་དབྱེ་བར་བས་ཀྱི། དོན་དམ་པར་ནྀ་ཆོས་ཀྱི་སྐུར་འདུས་པས་། མཚན་ཉིད་དང༌། ཕྲིན་ལས་ལ་བྱེ་བྲག་དབྱེར་མ་མཆིས་། སྤྲུལ་པའི་སྐུ་མང་པོ་ལ་
l.2v.1: ཡེ་ཤེས་མངའ་ལ་མྱི་མངའ་བྱ་བ་བསྒྲུབ་པ་དང་ཇི་ལྟར་སྦྱར། །སྤྲུལ་པ་འི་སྐུ་ཤག་ཀྱ་ཐུབ་པ་ལས་སྩོགས་པ་། འཇིག་རྟེན་གྱི་ཁམས་མང་པོར་སེམས་ཅན་གྱི་དོན་དུ་འབྱུང་བ་ལ་ཡེ་ཤེས་མངའ་སྟེ། བྱ་བ་བསྒྲུབ་པ་དང་སྦྱར་བ་ནི་། དང་པོ་ལྷ་ཡུལ་ནས་
l.2v.2: གཤེགས་པ་དང༌ལྷུམས་སུ་འཇུག་པ་དང༌། བཙས་བ་དང༌། ཁབ་ནས་། བྱུང་བ་ལས་སྩོགས་པ་དང་།སྦྱར་རོ། །སྤྲུལ་པ་འི་སྐུ་ལས་ཡང་སྤྲུལ་པ་བྱུང་བ་ལ་ནི་ཡེ་ཤེས་མྱི་མངའ་སྟེ། འདི་ལ་ཇི་སྟེ་མངའ་བར་གྱུར་ན་། སྔོན་མ་བྱུང་
l.2v.3: བ་ལས་སེམས་ཅན་འབྱུང་བ་འི་སྐྱོན་འཇིག་རྟེན་རྒྱབ་པན་ (རྒྱང་ཕན་)པ་འི་ལྟ་བ་ལྟ་བུར་འགྱུར་རོ། །རིགས་ལྔའི་ཚུལ་ཅི་ཇི་ལྟར་བརྟགས། རིགས་ལྔ་ཐེག་པ་ཆེན་པོ་འི་ཚུལ་དུ་བརྟག་པ་ནི་རིགས་ངེས་པ་དང་མ་ངེས་པ་རྣམ་པ་གཉིས
l.2v.4: ཏེ། རེ་ཤིག་ངེས་པ་ནི་ཉན་ཐོས་ཀྱི་རྀགས་ལས་སྩོགས་པ་གསུམ་མོ། །མ་ངེས་པ་ནི་འདི་གསུམ་དུ་མ་ངེས་པ་དང༌། རིགས་མྱེད་པ་། ཡོང་མྱེད་པར་མྱི་བཞེད་པས་། མ་ངེས་པར་བསྡུ་འོ། །དེ་ལ་རིགས་ནི་དབང་པོ་རྣོ་རྟུལ་རྣམ
l.3r.1: ༄། །པ་གསུམ་གྱི་བྱེ་བྲག་ལ་གདགས་པར་བས་ཏེ། ཉན་ཐོས་དག་གི་གཞུང་གིས་ནི། རིགས་མྱེད་པ་ཞེས་བྱ་བ་ཁམས་གསུམ་ནས་གྲོལ་བར་མྱི་འགྱུར་བ་འི་སེམས་ཅན་ཡོད་དོ་ཞེས་འཚལ་། ཐེག་པ་ཆེན་པོའི་གཞུང་གིས་། སེམས་
l.3r.2: ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་འབྱུང་བས་།རིགས་མྱེད་པ་ཞེས་བྱ་བ་རེ་ཤིག་། །རིགས་དང་དགེ་བཤེས་སྙིང་རྗེ་དང༌། །སྡུག་སྔལ་འཇིགས་མྱེད་རྒྱུ་དག་སྟེ། །རྐྱེན་བཞི་པོ་ནི་དེ་རྣམས་
l.3r.3: ཀྱིས། བྱང་ཅུབ་སེམས་ནི་རབ་དུ་འཇུག་།ཅེས་འབྱུང་བ་འདི་དག་དང༌། མྱི་ལྡན་པ་ལ་བྱ་བར་ཟད་ཀྱི། འདི་དག་དང་ལྡན་ན་། བླ་ན་མྱེད་པ་འི་བྱང་ཅུབ་ཀྱང་ཐོབ་པར་བཤད་པས་། རིགས་མྱེད་པར་མྱི་བཞེད་དོ། །ཐེག་པ་གསུམ་དང་
l.3r.4: ཐེག་པ་གཅིག་ཅེས་པ་ཞེ་(དེ་)ཇི་ལྟ་བུ། །ཐེག་པ་གསུམ་ཞེས་འབྱུང་བ་ནི། བསྟི་གནས་སམ་། དྲང་བའི་དོན་དུ་བསྟན་པར་ཟད་དེ་། མདོ་དག་ལས་ཐེག་པ་ནི་གཅིག་སྟེ། འདི་ལྟར་ཐེག་པ་ཆེན་པོའ་ཞེས་འབྱུང་ངོ༌། །གཞན་ཡང་དོན་དམ་པར་
l.3v.1: ན་། ཆོས་དབྱིངས་ལ་ནྀ་དབྱེར་མྱེད་པས། ཐེག་པ་དབྱེ་བ་མྱི་རིགས་སོ། །ཞེས་བསྟན་ཏེ། ཐེག་པ་གཅིག་གི་དོན་དུ་བསྟན་ཏོ། །དེ་ལྟ་ལགས་ཀྱིས་ཀྱང༌། །གཞི་འི་ཆོས་ནི་དབྱེ་བ་ལས་། དེ་འི་དབྱེ་བ་ཡོངས་སུ་བརྗོད། །ཅེས་འབྱུང་སྟེ།
l.3v.2: སེམས་ཅན་དྲང་བ་འི་ཕྱིར་། ཀུན་རྫོབ་དུ་ཐེག་པ་རྣམ་གསུམ་དབྱེ་བ་བསྟན་ཏོ། །དུས་སླད་མ་འྀ་སངས་རྒྱས་འབྱུང་བ་འི་ཚེ། སྔ་མ་འི་ལོངས་སྤྱོད་རྫོགས་པ་། སྟུག་པོ་བཀོད་པར་གཤེགས་ཤེས་བྱ་བ་ཇི་ལྟ་བུ། །སྟུག་པོ་ཞེས་
l.3v.3: འབྱུང་བ་ནི་། ཆོས་ཀྱི་དབྱིངས་དབྱེར་མྱེད་པ་ལ་བྱ་། །བཀོད་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྟོགས་ནས། ཆོས་ཀྱི་སྐུའི་རང་བཞིན་དུ་གྱུར་པ་ལ་བྱས་སྟེ། དེ་དང་བཐུན་པར་གྱུར་པ་ལ་། གཤེགས་པ་ཞེས་བྱས་སྟེ། ཀོ་ཤ་ལས
l.3v.4: ཚོགས་དང་ཆོས་ཀྱི་སྐུ་དག་དང༌། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་ལ། །ཚེ་དང་སྐྱེ་ལ་ཚད་མྱེད་དོ། །ཞེས་འབྱུང་སྟེ། ཆོས་ཀྱི་སྐུ་འི་རང་བཞིན་དུ་གྱུར་པ་ལ་བྱ་འི། གཞན་དུ་ནི་མ་ཡིན་ནོ། །
l.4r.1: ༄། །ས་དང་པོ་ཡན་ཅད་རྣམ་པར་མྱི་རྟོགས་པའི་ཡེ་ཤེས་ཞེས་བགྱྀ་བ། རྣམ་པར་ཤེས་པ་གང་གྱུར་པ་ལ་བགྱི། རྣམ་པར་ཤེས་པ་བརྒྱད་ཅར་གྱི་གནས་འགྱུར་པའི་ཆས་(ཆོས)མཆིས་མོད་ཀྱི། ས་དང་པོ་ལ་གནས་པ་ནི་། ལྷག་པར་ཡང་བདག་དང་གཞན་མཉམ་
l.4r.2: བ་ཉིད་རྟོགས་སོ་ཞེས་འབྱུང་བས་། ལྷག་པར་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པའི་ཤས་ཆེ་བར་བཤད་། །མྱེ་ལོང་ལྟ་བུ་ཡིས་(ཡེ་ཤེས)སྐད་ཅིག་པ་ལགས་སམ་མ་ལགས། །དོན་དམ་པར་ཆོས་ཀྱི་དབྱིངས་འབའ་ཤིག་འགྱུར་བ་མྱེད་ཅིང། །
l.4r.3: བཅོས་མ་མ་ལགས་ཏེ། མྱེ་ལོང་ལྟ་བུའི་ཡེ་ཤེས་ལ་སྩོགས་པ་དེའི་ངང་དུ་གྱུར་པ་ལ་ནི་། སྐད་གཅིག་མ་ཞེས་འམ་། སྐད་ཅིག་མ་མ་ཡིན་བཞེས་མྱི་བྱ་སྟེ། གང་གི་ཚེ་ཡེ་ཤེས་འདི་དག་ །བྱང་ཅུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་
l.4r.4: དོན་དུ་འབྱུང་བ་འམ་། སྣང་བ་དེའི་ཚེ་ནྀ་། དེ་དག་སྐད་ཅིག་མར་གདགས་པས་། ཡེ་ཤེས་དེ་དག་ཀྱང་སྐད་ཅིག་མར་འགྱུར་རོ། །འཕགས་པ་ལྷས་ཀྱང་ཤེས་པ་མྱེད་ན་ཤེས་བྱ་མྱེད་། །རྣམ་ཤེས་མྱེད་ན་དེ་མྱེད་དེ། །དེ་བས་ཤེས་དང་ཤེས་བྱ་ནི། །དངོས་པོར་
l.4v.1: མྱེད་པར་ཁྱོད་ཀྱི་གསུངས་། །ཡེ་ཤེས་གསུངས་པས་། །སྐད་ཅིག་དང༌། སྐད་ཅིག་མ་མ་ཡིན་བ་མྱི་བྱ་འོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ལ་དག་འཇིག་རྟེན་པའི་ཡེ་ཤེས་མངའ་འམ་མྱི་མངའ། དོན་དམ་པར་ན་དེ་བཞིན་གཤེགས་པ་ནྀ་རྟག་དུ་མཉམ་
l.4v.2: པར་བཞག་པ་འོ་ཞེས་འབྱུང་ལ་། །མདོ་གཞན་ལས་ཀྱང༌། ཡིད་བཞྀན་ནོར་བུ་རིན་ཆེན་ལྟར་། །སྐྱེས་བུ་དེ་ནི་གནས་པ་ཙམ་། །ཞེས་ཀྱང་འབྱུང་བས་། དག་པ་འཇིག་རྟེན་པ་འི་ཡེ་ཤེས་མྱི་མངའ་བར་བཤད། །འོན་ཀྱང་སེམས་ཅན་
l.4v.3: རྣམས་ཀྱི་དོན་དུ་། སོ་སོ་ཇི་ལྟར་དགའ་བ་དེ་ལྟར་སྟོན་ཏེ། །རྩིགས་པ་ལས་སྩོགས་པ་ལ་་འང༌། བཤད་པ་རྣམས་ཇི་ལྟར་འདོད་པ་འབྱུང་བར་འགྱུར་། ། ཞེས་འབྱུང་བས་། དགའ་བ་འཇིག་རྟེན་པའི་ཡེ་ཤེས་། རྣམ་པར་རྟོག་པ་དང་བཅས་པ་ལྟ་
l.4v.4: བུར་། སེམས་ཅན་ལ་སྣང་བར་འགྱུར་རོ། །རྣམ་པ་ཐམས་ཤད་བཁྱེན(མཁྱེན)་པས་ཚུལ་ཇི་ལྟར་མཁྱེན་། རྣམ་པ་ཐམས་ཅད་མཁྱེན་པས་དོན་དམ་པར་། རྣམ་པར་མྱི་རྟོག་པའྀ་ཚུལ་དུ་མཁྱེན་ལ། ཀུན་རྫོབ་དུ་ཀུན་ནས་ཉོན་མོངས་པ་དང༌། རྣམས་(རྣམ་)
l.5r.1: ༄། །པར་བྱང་པའི་ཆོས་རྣམས་རྒྱུ་དང་འབྲས་བུའི་ཆོས་ཇི་ལྟར་བ་བཞིན་དུ་མཁྱེན་དེ། །མདོ་ལས་རྨ་བྱའི་མདོངས་དེ་གཅིག་ཡིན་ཡང༌། །རྣམ་པ་ཀུན་གྱི་རྒྱུ་དག་ནྀ། །ཐམས་ཅད་མྱི་ཤེས་ཤེས་མྱི་འགྱུར་། །ཐམས་ཅད་མཁྱེན་པའི་སྟོབས་ཀྱིས་དེ། ཞེས་འབྱུང་བ་སྟེ།
l.5r.2: ཆོས་ཀྱི་ཚུལ་། ཇི་ལྟར་གནས་པ་མ་ལུས་པ་མཁྱེན་ཏོ། །ཉོན་མོས་པའི་ཡིད་ཁ་ནང་དུ་བལྟས་པས་ཕྱི་རོལ་དུ་ཡང་དམྱིགས་། །འདི་ཉན་ཐོས་མདོ་སྡེ་པ་དང།བྱེ་བྲག་པ་དག་ནྀ་མཆིས་པར་མྱི་འཚལ་གྱི། ཐེག་པ་ཆེན་པོ་བཞེད་པར་བས་སྟེ། གཙོ་ཆེར་ཀུན་གཞི་
l.5r.3: རྣམ་པར་ཤེས་པ་ལ་དམྱིགས་པས་ཁང་ནང་དུ་བལྟས་པ་ལགས་། །འཇུག་པ་འི་རྣམ་པར་ཤེས་པ་ཡུལ་ལ་དམྱིགས་པའི་ཚེ། ཀུན་གཞི་རྣམ་པར་ཤེས་པ་དང་ལྷན་ཅིག་ཡུལ་ལ་དམྱིགས་སམ་མྱི་དམྱིགས། །ཤེས་བྱ་བ་ལ་། ཤེས་
l.5r.4: པ་མ་ལུས་པ་འཇུག་པ་འི་གཞི་འམ། །རྟེན་དུ་འགྱུར་པའི་ཕྱིར། ཀུན་གཞི་ཞེས་བྱ་བ་སྟེ། རྟེན་བྱེད་པར་བྱས་ཀྱི། འཇུག་པའི་རྣམ་པར་ཤེས་ལྟར་ཡུལ་ལ་དམྱིགས་པ་མ་ལགས་། རྣམ་པར་ཤེས་པ་སོ་སོས་ལས་བྱེད་པ་དེ་། ཀུན་གཞི་ལ་ཚུལ་ཇི་ལྟར་བསྒོ།
l.5v.1: སྐད་ཅིག་མ་འྀ་ཚུལ་གྱིས། རྒྱུ་མཐུན་པ་འམ། རང་གི་རིགས་དང་མཐུན་པར་བསྒོ་བ་དང༌། ལས་བྱེད་པ་འི་སྒོ་ནས་བསྒོ་སྟེ། དེ་ལ་རྒྱུར་ཐུན་པ་འི་སྒོ་ནས་བསྒོ་བ་ནྀ། ད་ལྟར་ཅི་ལྟར་མྱིག་ལས་སྩོགས་པ་འི་རྣམ་པར་ཤེས་པས་། གཟུགས་ལ་སྩོགས་པ་ཤེས་པ་འྀ་
l.5v.2: རྒྱུ་ཀུན་གཞི་ལ་བསྒོ་ཞིང༌། མ་ཐོས་བའྀ་དུས་ན་ཡང་ཚུལ་དེ་ལྟར་ཤེས་པ་ནྀ་རྒྱུ་བཐུན་ (མཐུན)པ་འི་བསྒོ་བ་ཞེས་བགྱི། །ལས་ཀྱི་སྒོ་ནས་བསྒོ་བ་ནི་འཇུག་པ་ལས་སྩོགས་པ་བཟང་ངན་རིམ་པ་ཤེས་པས་བཅད་ནས། ཀུན་གཞི་ལ་རྒྱུ་འམ་
l.5v.3: བག་ཆགས་ཀྱི་ཚུལ་དུ་བསྒོ་ལ་། །མ་འོངས་པ་ན་རྣམ་པར་སྨྱིན་པའ་བྱིན་ནུས་པ་ལ་བགྱི། །རྣམ་པར་བྱང་འི་(བའི)ཆོས་བག་ཆགས་ཀུན་གཞི་ལ་ཇི་ལྟར་བསྩོགས་། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་། ཐབས་གང་ནས་། གཟུང་
l.5v.4: སྩོགས་པའི་ཚུལ་ནི་ཁོང་(གོང་)དུ་བསྟན་པ་དང། བཐུན་(མཐུན)ཏེ། རྣམ་པར་བྱ་(བྱང་)བ་འི་སྒྲས་། བདག་མྱེད་པ་འམ་། མྱི་དམྱིགས་པའི་ཚུལ་གྱིས་བསྩོགས་པ་ལ་བགྱིས་སྟེ། །དངོས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་འི།།
l.6r.1: ༄། །མཚན་ཉིད་ལ་བགྱི་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་རྒྱུ་ནི་མོས་པས་སྤྱོད་པའི་གནས་གཟུང༌། དངོས་ནི་ས་དང་པོ་ཡན་ཅད་ནས་འབྲེལ་པར་གཞག། །བསྐལ་པ་གྲངས་མྱེད་པ་གསུམ་གྱི་དང་པོ་ནང་ནས་གཟུང༌། གྲངས་མྱེད་
l.6r.2: པ་གསུམ་དུ་མདོ་གང་ལས་བསྟན་། །ཐེག་པ་ཆུང་ངུའི་གཞུང་ལྟར་ན་། །དང་པོ་མོས་པས་སྤྱོད་པ་འི་ས་དྲོད་ནས་གཟུང་སྟེ། ཉན་ཐོས་ཀྱི་ལུང་དང༌། ཀོ་ཤ་ལས་བསྟན་། །གྲངས་མྱེད་པ་གསུམ་དུ་བགྲང་བ་བསྟན་པ་། །གཅིག་བཅུ་བརྒྱ་སྟོང་
l.6r.3: ཞེས་བྱ་བ་ལས་སྩོགས་པ་གྲངས་ཀྱི་ཚིགས་དྲུག་ཅུར་ཕྱིར་(ཕྱིན་)པའི་མྱིང་བསྐལ་བ་གྲངས་མྱེད་པ་ཞེས་བྱས་སྟེ། །ས་དེར་ཕྱིན་པ་ལ་བསྐལ་པ་གྲངས་མྱེད་པ་གཅིག་།ཡང་ཚུལ་དེ་ལྟར་བགྲངས་པ་རྣམ་པ་གཉིས་སུ་བསྒྱུར་པས་
l.6r.4: བསྣན་ན་བསྐལ་པ་གྲངས་མྱེད་པ་གསུམ་མོ། །ཐེག་པ་ཅུང་ངུའི་ཚུལ་གྱིས་བངོན་ (མངོན་)པར་རྫོགས་པར་འཚང་རྒྱ་བར་འཚལ་བ་ནི་སྤྱི་གྲངས་མྱེད་པ་འདྀ་གསུམ་གྱིས་འཚང་རྒྱ་བར་འཚལ་དུ་བས་། ཐེག་པ་ཆེན་པོ་འི་ལྟར་བྱང་ཆུབ་སེམས་པའི་(དཔའི)
l.6v.1: སའི་མཚམས་བསྐལ་པ་གྲངས་མྱེད་པ་གསུམ་དང་སྦྱར་ཞིང་གཅད་པ་ནི་མྱེད་དོ། །ཐེག་པ་ཆེན་པོ་ལྟར་སྣང་བ་ཐོབ་པ་ནས་བཟུང་སྟེ་གྲངས་མྱེད་པ་གསུམ་ནི་རྒྱ་ཆེར་རོལ་པ་དང༌། ས་བཅུ་པ་དག་ལས་བསྟན་ཏོ། །དེའི་གྲངས་མྱེད་པ་ནི། བསྐལ་
l.6v.2: པ་གྲངས་འདི་སྟན་དོ་ཞེས་འཚད་(ཚད)གཟུང་དུ་མྱེད་པ་ལ་གྲངས་མྱེད་པ་ཞེས་བྱས་སྟེ། གང་གི་ཚེ་སྣང་བ་འཐོབ་པ་ནས་། ས་དང་པོ་ཐོབ་པའི་ཚེ་གྲངས་མྱེད་པ་འདི་ཡིན་ནོ་ཞེས་བརྟག་པར་ཟད་དེ་། དེ་བཞིན་དུ་ས་བརྒྱད་ནས་། བཅུ་གཅིག་པ་འི་
l.6v.3: བར་དུ་ཡང་སྦྱར་རོ། །ཐེག་པ་ཆེན་པོའི་ཚུལ་འདི་ལྟར་སྦྱར་བ་བཟང་ཏེ། དབང་པོ་རྣོ་རྟུལ་གྱི་རིམས་པས་། མྱུར་དུ་འགྲུབ་པ་དང༌། མྱི་འགྲུབ་པའི་གཞི་དང༌། སྦྱང་བ་ཡང་མྱི་འགལ་ཏེ། དཔེར་བཅོམ་ལྡན་འདས་ཤག་ཀྱ་ཐུབ་པས་། སངས་
l.6v.4: རྒྱས་སྐར་རྒྱལ་ལ་། ཉིན་ཞག་བདུན་དུ་ཚིག་བཤད་དག་གིས་བསྟོད་པས་། བསྐལ་པ་བཅུ་དགུ་འདུམས་པར་བསྟན་པ་ལས་སྩོགས་པ་ལྟ་བུ་ད། དབང་པོ་རྟུལ་པོ་ཡུན་རིང་དུ་བསྒྲུབ་ཅིང་གནས་ན་ཡང༌། བསྐལ་པ་ལ་གྲངས་ངེས་པ་མྱེད་
l.7r.1: ༄། །པས་འགལ་བ་མྱེད་དོ། །ཕུང་པོ་ལྷག་མ་མྱེད་པའི་དུས་ན་། ཚུལ་ཇི་ལྟར་གནས། །ཉན་ཐོས་ཀྱི་ཚུལ་ལྟར་ན་རྒྱུ་ཟད་མར་མྱེ་བཞིན་དུ་མྱེ་(མྱ)ངན་འདས་། །ཤེས་འབྱུང་བས། ཅི་ཡང་མྱེད་པ་འི་ཚུལ་དུ་གནས་པར་འཚལ། །རྣམ་པར་ཤེས་པ་འི་ཤེས་པའི་གཞུང་ལྟར་ན་གཉིས་སུ་མྱེད་པའི་ཡེ་ཤེས།ཤེལ་སྒོང་ལྟར་ཡོངས་སུ་དག་པའི་གནས་པ་འཚལ། དབུ་མ་པ་ནི་ཕུང་པོ་
l.7r.2: ལྷག་མ་དང་བཅས་པ་དང༌། ལྷག་མ་མྱེད་པའི་དུས་གཉིས་ཀའི་དོན་དམ་པ་མྱི་དམྱིགས་པར་བཞེད་དེ་། མྱང་ལས་འདས་པ་ཡང༌། སྒྱུ་མ་ལྟ་བུ། རྨྱི་ལམ་ལྟ་བུ་ཞེས་འབྱུང་བ་དག་དང་སྦྱར་རོ། །མོས་པས་སྤྱོད་པ་འི་ས་གཞི་དག།ངེས་པར་བྱེད་པའི་ཆ་བཞི་
l.7r.3: དོན་ཇི་ལྟ་བུ། བྱེ་བྲག་ཅི་མཆིས། འདི་གཉིས་མྱིང་གི་སྒོ་ནས་ཐ་དད་དུ་བས་གྱི། དོན་ལ་མཚན་ཅིག་བྱེ་བྲག་མ་མཆིས་སྟེ། །སྒྲའི་དོན་བཤད་ན། ཐར་པ་ལ་ལྷག་པར་འདོད་པའི་མཚན་ཉིད་གང་ཡིན་པ་དེ་ནི་མོས་པ་ཞེས་བྱས་སྟེ། དེ་ཐོབ་
l.7r.4: པར་བསྒྲུབ་པ་ནི་སྤྱོད་པ་འོ། །གང་ཟག་དང༌། ཆོས་བདག་མྱེད་པ་འི་དོན་ནི་ཤེས་རབ་ཀྱིས། ངེས་པར་རྟོགས་པ་འི་བྱེ་བྲག་གང་ཡིན་པ་དེ་ནི་ངེས་པར་མྱེད་པའི་ཆ་ཞེས་བྱས་(བྱ)སྟེ། དངོས་སྣང་བ་ཐོབ་པ་ལ་སྩོགས་པ་དང་སྦྱར་རོ། །ཐེག་པ་ཆུང་ངུ་པ་ནི་དྲོ་བར་
l.7v.1: གྱུར་པ་ལས་སྩོགས་པ་དང་སྦྱར་སྟེ། དོན་དང་པོའི་གནས་སྐབས་ཤེའས། སྦྱོར་བ་འི་གནས་སྐབས་ཤེས་འདོགས་སོ། །ཕ་རོལ་དུ་དོན་ཇི་ལྟ་བུ།དྲུག་གི་ནང་དུ་བཞི་དོན་ཇྀ་ལྟར་བསུའ།། །། །ཕ་རོལ་གྱི་མཐའ་རྩེ་མོ་འམ་། མཆོག་
l.7v.2: དུ་ཕྱིན་པར་། ཕ་རོལ་དུ་ཕྱིན་པ་ཞེས་བྱ་སྟེ། དེ་ཡང་རྣམ་པ་གཉིས་སྟེ། དམྱིགས་པ་དང༌། བཆས་པ་དང༌། དམྱིགས་པ་མྱེད་པ་འོ། །དེ་ལ་དམྱིགས་པ་དང་བཅས་བ་ནྀ་སྦྱིན་པ་འི་སྐབས་སུ་ཅི་ཚམ་(ཙམ)དུ་སྦྱིན་བར་བྱ་བ་མ་ལུས་པར་སྦྱིན་པ་ནས། ཤེས་རབ་
l.7v.3: གྱིས། དཔྱད་པར་བྱ་བ་མ་ལུས་པར་དཔྱད་པ་ནི་། དམྱིགས་དང་བཅས་པ་འོ། །དམྱིགས་པ་མྱེད་པ་དེ་ཉིད་ཁོར་གསུམ་ཡོངས་སུ་དག་པའྀ་ཚུལ་གྱིས་། སྤྱད་པ་ལ་བྱས་(བྱ)སྟེ། ཕ་རོལ་དུ་ཕྱིན་པ་མཆོག་ཡིན་ནོ། །བསྡུ་བ་ནྀ་སྦྱིན་པ་དང་ཚུལ་ཁྲིམས་
l.7v.4: དང། བཟོད་པའི་ནང་ན་། སྨོན་ལམ་དང༌། ཐབས་བསྡུས་སྟེ། སྨོན་ལམ་གྱིས་ནི་མྱི་ཟད་པར་བྱེད་དོ། །ཐབས་ཀྱིས་ནི་བླ་ན་མྱེད་པར་བསྔོ་འོ། །བརྩོན་གྲུགས་(འགྲུས)ཀྱི་ནང་དུ་སྟོབས་བསྡུས་སྟེ། དེས་རྒྱུན་མྱི་འཆད་(ཆད)པར་བསྒྲུབ་སྟེ། དེ་ཡང་ཡང་དག་པ་འི་མཐའ་ཉིད་
l.8r.1: ༄། །རྟོགས་སྟེ། དེ་མིང་དུ་གྱུར་དང༌། དེ་ལ་བར་ཆད་ཀྱང་མྱེད་ལ་། སྟོབས་ཀྱང་འདི་ལས་ཆེ་བ་མྱེད་དོ། །བསམ་བརྟན་(གཏན)དང་ཤེས་རབ་ཀྱི་ནང་དུ་ཡེ་ཤེས་བསྡུས་སྟེ། བསམ་བརྟན་གྱི་ནང་དུ་བསྡུ་བ་ནྀ། སེམས་བཉམ་པར་བཞག་ན་ཡང་དག་པ་ཅི་ལྟར་བཞིན་
l.8r.2: དུ་ཤེས་ཤེས་(བཞིན་)འབྱུང་བའི་ཕྱིར་རོ། །ཤེས་རབ་ཀྱི་ནང་དུ་བསྡུ་བ་ནི་། ཆོས་རྣམས་ཀྱི་མཚན་ཉིད་ཡང་དག་པ་ཅི་ལྟ་བ་བཞིན་དུ་ཤེས་དང་དེ་ཐེ་ཙོམ་མྱེད་པའི་ཤེས་པ་ཡེ་ཤེས་སུ་གྱུར་པ་འབྱུང་ངོ། །ཞིག་གནས་དང་ལྷག་མཐོང་གི་དོན་ཇི་ལྟར་བསྒོམ༌
l.8r.3: ། །ཞི་གནས་ནྀ་ཏིང་འཛིན་ཏེ། སེམས་རྩེ་གཅིག་མ་འདིས། སྒོང(རྒོད)་པ་ཞི་བར་བྱེད་པའི་ཕྱིར་ཞི་གནས་ཤེས་སོ། །ལྷག་མཐོང་ནི་ཤེས་རབ་སྟེ། ཤེས་རབ་འདིས་ཆོས་རྣམས་ཀྱི་དེ་ཁོ་ན་ལྷག་པ་འམ།བྱེ་བྲག་དུ་ཤེས་རབ་ཀྱི་མྱིག་གིས་
l.8r.4: བལྟ་བ་འི་ཕྱིར་། ལྷག་མཐོང་ཞེས་བྱས་སྟེ། སྒོམ་པ་ནི་ཞི་གནས་ཀྱི་ཤས་ཆེས་ནྀ་ཞུམ་པ་འམ།བྱིང་བར་གྱུར་ལ་། ལྷག་མཐོང་གི་ཤེས་ཆེས་ན། སྒོང(རྒོད)་པ་འམ་གཡེང་པས། འདི་གཉིས་ཀྱིས་ཁོང་སྙོམས་པར་འཇུག་པ་འི་ཚུལ་ཀྱིས་། བསྒོམ་སྟེ།
l.8v.1: མདོ་ལས་། ལྷག་མཐོང་དང་ཞི་གནས་ཟུང་དུ་འབྲེལ་བ་ནྀ་སེམས་ཡིན་ནོ་ཞེས་འབྱུང་བ་འི་ཕྱིར་རོ། །རྒྱུ་དྲུག་རྐྱེན་བཞི་། འབྲས་བུ་ལྔ་གང་གང་ཇི་ལྟ་བུ་། རྒྱུ་དྲུག་ནི་བྱེད་པ་འི་རྒྱུ་དང༌། ལྷན་ཅིག་འབྱུང་བའི་རྒྱུ་དང༌། སྐལ་བ་མཉམ་པའི་རྒྱུ་དང།
l.8v.2: མཚུངས་པར་ལྡན་པ་འི་རྒྱུ་དང༌། ཀུན་དུ་འགྲོ་བ་འི་རྒྱུ་དང༌། རྣམ་པར་སྨྱིན་པ་འི་རྒྱུ་འོ། །དེ་ལ་འདི་འི་བཤད་པ་། ཀོ་ཤ་ལས་འབྱུང་བ་། བདག་མ་གཏོགས་པར་བྱེད་པའི་རྒྱུ་། འདུས་བྱས་གྱྀ་ཆོས་ནྀ་རང་གི་ངོ་བོ་མ་གཏོགས་། །ནམ་ཀ་(མཁའ)ལ་སྩོགས་
l.8v.3: པ་། ཆོས་ཐམས་ཅད་བྱེད་པ་འི་རྒྱུ་སྟེ། སྐྱེ་ཐ་ལ་བགེགས་མྱི་བྱེད་པ་འི་ངོ་བོར་གནས་པ་འི་ཕྱིར་རོ། །ལྷན་ཅིག་འབྱུང་བ་འི་རྒྱུ་ནྀ། །ལྷན་ཅིག་འབྱུང་དང་ཕན་ཚུན་འབྲས། །ཕན་ཚུན་ཞེས་བྱ་བ་ནྀ་གཅིག་ལ་གཅིག་སྟེ། ཆོས་གང་དག་
l.8v.4: ཕན་ཚུན་དུ་འབྲས་བུ་ཡོད་པ་དེ་ནི་། ཕན་ཚུན་དུ་ལྷན་ཅིག་འབྱུང་བ་འི་རྒྱུ་འོ། །ཇི་ལྟ་ཞེ་ན་། འབྱུང་བ་ཆེན་པོ་བཞི་དག་ནྀ་། ཕན་ཚུན་ལྷན་ཅིག་འབྱུང་བ་འི་རྒྱུ་འོ། །སེམས་དང་སེམས་ལས་འབྱུང་བ་དག་ཀྱང་དེ་དང་འདྲ་འོ། །སྐལ་བ་མཉམ་
l.9r.1: ༄། །བ་འི་རྒྱུ་ནྀ་དེ་འདྲ་འོ། །འདྲ་བ་རྣམས་ནི་ཆོས་འདྲ་བ་རྣམས་ཀྱི་། སྐལ་བ་མཉམ་བ་འི་རྒྱུ་སྟེ། དགེ་བ་འི་ཕུང་པོ་ལྔ་རྣམས་ནི་དགེ་བ་རྣམས་ཀྱི་འོ། །ཉོན་མོས་པ་ཅན་རྣམས་ནི་། ཉོན་མོངས་པ་ཅན་རྣམས་ཀྱི་འོ། །ལུང་དུ་མ་བསྟན་པ་རྣམས་ཀྱི་
l.9r.2: ནྀ་ལུང་དུ་མ་བསྟན་པ་རྣམས་ཀྱི་རྒྱུ་སྟེ། ནང་གི་ནྀ་ཅུར་ཅུར་(ནུར་ནུར་)པོ་ལས་སྩོགས་པ་འི་གནས་སྐབས་དག་དང་སྦྱར་། །ཕྱི་འི་ལ་ཡང་ནས་ནི་ནས། མ་ལུ་ནི་མ་ལུ་འི་རྒྱུ་འོ་ཞེས་བྱ་བ་ལས་སྩོགས་པ་དང་སྦྱར་རོ། །མཚུངས་པ་ལྟར་རྒྱུ་ནི་སེམས་
l.9r.3: དག་དང༌། །སེམས་ལས་འབྱུང་བ་རྟེན་མཉམ་རྣམས། །སེམས་དང་སེམས་ལས་འབྱུང་བ་གང་དག་རྟེན་མཚུངས་པ་དེ་དག་ནི་ཕན་ཚུན་མཚུངས་པར་ལྡན་བ་འི་རྒྱུ་འོ། །མཚུངས་པ་ཞེས་བྱ་བ་ནི་ཐ་མྱི་དད་པ་སྟེ།
l.9r.4: དཔེར་ན་མྱིག་གི་རྣམ་པར་ཤེས་པ་འི་གནས་། །མྱིག་གི་དབང་པོ་འྀ་སྐད་ཅིག་མ་གང་ཡིན་བ་དེ་ཉིད་དེ་དང་མཚུངས་པར་ལྡན་བ་དང༌། ཚོར་བ་ལས་སྩོགས་པ་འི་གནས་ཀྱང་ཡིན་བ་ནས་། དེ་བཞིན་དུ་ཡིད་ཀྱི་དབང་པོ་འི་སྐད་ཅིག་མ་ཡང་ཡིད་
l.9v.1: ཀྱི་རྣམ་པར་ཤེས་པ་དང༌། དེ་དང་མཚུངས་པར་ལྡན་བ་རྣམས་ཀྱི་། ཡིན་བའྀ་བར་དུ་རིག་པར་བྱ་འོ། །ཀུན་འགྲོ་ཞེས་བྱ་ཉོན་མོངས་པ་ཅན། །རང་གི་ས་པ་སྔར་ཀུན་འགྲོ་། །འདོད་པ་ན་སྤྱོད་པ་ལས་སྩོགས་པ་རང་གི་ས་པ་འི། ཉོན་མོངས་པ་
l.9v.2: ཀུན་དུ་འགྲོ་བ་སྔར་བྱུང་བ་རྣམས་ནྀ། ཉོན་མོངས་པའི་ཆོས་ཕྱི་མ་རྣམས་ཀྱི་ཀུན་དུ་འགྲོ་བའི་རྒྱུ་འོ། །འོ་ན་ཀུན་དུ་འགྲོ་བ་འི་རྒྱུ་འདྀ་རང་གི་ས་པ་ཡང་ཡིན་ལ། སྔར་འབྱུང་བ་ཡང་ཡིན་ན། །བསྐལ་པ་བཉམ་(མཉམ)པའི་རྒྱུ་དང༌། བྱེ་
l.9v.3: བྲེག་(བྲག)ཅི་ཡོད་ཅེ་ན། འདི་ནི་ཉོན་མོངས་པ་ཅན་གྱི་ཆོས་འགྲོ་བ་འི་ས་ལྔ་འི་ཐུན་མོང་གི་རྒྱུ་ཡིན་པས་། །བསྐལ་པ་མཉམ་པ་འི་རྒྱུ་ལས་ལོག་ཤིག་དུ་རྣམ་པར་འཇོག་སྟེ། ས་མྱི་འཁྲུལ་པ་དང༌། སྔར་འབྱུང་བར་འདྲས་ཀྱང༌།
l.9v.4: ས་གཅིག་གི་ནང་ནྀ་། རིས་ལྔ་ཕན་ཚུན་འཁྲུལ་པས་། རིགས་གཞན་དག་གི་རྒྱུ་ཡང་ཡིན་བ་འི་ཕྱིར་ཏེ་། ཀུན་དུ་འགྲོ་བ་འདི་དག་གི་མཐུས་རིགས་པ་གཞན་གྱི་ཉོན་མོངས་པ་ཡང་སྐྱེ་བར་འགྱུར་རོ། །རྣམ་སྨིན་རྒྱུ་ནི་མྱི་དགེ་དང་།དགེ་
l.10r.1: ༄། །བ་ཟག་བཅས་ཉིད་རྣམས་སོ། །མྱི་དགེ་པ་རྣམས་དང༌། དགེ་བ་ཟག་པ་དང༌། བཅས་པའི་ཆོས་རྣམས་ནི་རྣམ་པར་སྨྱིན་པ་འི་འབྲས་བུ་སྐྱེད་པ་འི་ཕྱིར་། རྣམ་པར་སྨྱིན་པ་འི་རྒྱུའོ། །ལུང་དུ་མ་བསྟན་པ་ནི་སྟོབས་ཆུང་བ་འི་ཕྱིར། རྣམ་པར་སྨྱིན་
l.10r.2: པ་འི་འབྲས་བུ་མྱི་སྐྱེད་དེ་། །ས་བོན་རུལ་པ་བཞིན་ནོ། །ཟག་པ་མྱེད་པ་ཡང་སྲེད་པས་མ་བརླན་པའི་ཕྱིར་མྱི་སྐྱེད་དེ། མ་བརླན་པའི་ས་བོན་ཕུང་པོ་བཞིན་ནོ། །རྐྱེན་བཞི་ནི་དམྱིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་དང༌། དེ་མ་ཐག་
l.10r.3: པ་འི་རྐྱེན་དང་།རྒྱུའི་རྐྱེན་ཏོ། །དེ་ལ་དམྱིགས་པ་འི་རྐྱེན་ནྀ། །ཕྱི་འི་ཡུལ་རྣམས་སོ། །བདག་པོ་འི་རྐྱེན་ནྀ་དབང་པོ་རྣམས་སོ། །དེ་མ་ཐག་པ་འི་རྐྱེན་ནི་དྲུག་པོ་འགགས་མ་ཐག་པའྀ་སྐད་ཅིག་མ་འོ། །རྒྱུ་འི་རྐྱེན་ནི་ལས་དང་
l.10r.4: ཉོན་མོངས་པ་འི་བག་ཆགས་རྣམས་སོ། །འབྲས་བུ་ལྔ་ནི་རྣམ་པར་སྨིན་པའི་འབྲས་བུ། རྒྱུ་འཐུན་བ་འི་འབྲས་བུ་དང༌། བྲལ་བ་འི་འབྲས་བུ་དང༌། སྐྱེས་བུ་བྱེད་པ་འི་འབྲས་བུ་དང། བདག་པོ་འི་འབྲས་བུ་འོ། །རྣམ་སྨྱིན་ལུང་དུ་མ་སྟན་ཆོས། །
l.10v.1: རྣམ་པར་སྨྱིན་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཆོས་སོ། །དགེ་བ་དང༌། མྱི་དགེ་བ་ལས་རྣམ་པར་སྨྱིན་པ་གང་ཞིག་ཚེ་གཞན་ལ་བྱུང་བ་དེ་ནི་རྣམ་པར་སྨྱིན་པ་སྟེ། དེ་ནྀ་རྣམ་པར་སྨྱིན་པའི་མཚན་ཉིད་ཡིན་པས་འབྲས་བུ་འོ། །
l.10v.2: རྒྱུ་མཐུན་རྒྱུ་དང་འདྲ་བ་འོ། །རྒྱུ་སྔ་མ་དང་འདྲ་བ་འི་ཆོས་གང་ཡིན་བ་དེ་ནི་ཕྱི་མ་འི་རྒྱུ་འཐུན་པའི་འབྲས་བུ་སྟེ། བསྐལ་པ་མཉམ་པ་དང་ཀུན་དུ་འགྲོ་བ་འརྒྱུ་འི་འབྲས་བུ་འོ། །བྲལ་བ་བློ་འི་ས་ཟད་བྱས་པ་། བློ་ནི་
l.10v.3: ཤེས་རབ་བོ། །ཟད་པ་ནི་འགོག་པ་སྟེ། རྒྱུ་ཤེས་རབ་འཕགས་པའི་ལས་ཀྱིས་ཉོན་མོངས་པ་འགོག་པ་འམ་། ཟད་པར་བྱེད་པས་དེས་། སོ་སོར་བརྟགས་སྟེ། འགོག་པ་ནི་བྲལ་བ་འི་འབྲས་བུ་ཞེས་བྱའོ། 
l.10v.4: "> གང་གིས་སྟོབས་ཀྱིས་སྐྱེ་བ་གང༌། འབྲས་དེ་སྐྱེ་བུ་བྱེད་ལས་སྐྱེས་། སྐྱེས་བུ་བྱེད་པ་གང་གིས་སྟོབས་ཀྱིས་། སྐྱེས་བུ་སྐྱེ་བར་བྱེད་པ་དེ་ལ་སྐྱེས་བུ་བྱེད་པ་འི་འབྲས་བུ་ཞེས་བྱས་(བྱ)སྟེ། དཔེར་ན་ས་འོག་མའི།
l.11r.1: ༄། །སྦྱོར་བ་འི་སེམས་། སྐྱེས་བུ་བྱེད་པ་འི་འབྲས་བུ་ནི་། ས་གོང་མ་འི་འཏིངེ་(ཏིང་ངེ་)འཛིན་ཏོ། །ཞེས་བྱ་བ་ལས་སྩོགས་པས་ལྟ་བུ་སྟེ། འདི་ནི་ལྷན་ཅིག་འབྱུང་བ་དང༌། མཚུངས་པར་ལྡན་བ་འི་རྒྱུ་འི་འབྲས་བུ་འོ། །
l.11r.2: སྔོན་བྱུང་བ་མ་ཡིན་འདུས་བྱས་ཀྱི། འདུས་བྱས་བདག་པོ་འི་འབྲས་བུ་མྱིན། །འདུས་བྱས་ཀྱི་ཆོས་སྔར་བྱུང་བ་རྣམས་ནྀ་རྒྱུའི་རང་བཞིན་ཡིན་གྱི། འབྲས་བུ་མ་ཡིན་པས་། དེ་ལས་གཞན་
l.11r.3: བ་ཕྱིས་འབྱུང་བ་འི་། འདུས་བྱས་ཐམས་ཅད་ནི་བདག་པོ་འབྲས་བུ་ཡིན་ཏེ། འདི་ནི་བྱེད་པ་འྀ་རྒྱུའི་འབྲས་བུར་གཞག་གོ། །ཉན་ཐོས་ཀྱི་གཞུང་གིས། སྐུ་གསུམ་དང་ཡེ་ཤེས་བཞི་དང་།ཐེག་པ་
l.11r.4: རྣམ་གསུམ་འཚལ་ལམ་མྱི་འཚལ། འདི་དག་ཐེག་པ་ཆེན་པོ་ལྟར་གཞུང་གསལ་བར་ནི་མྱི་འབྱུང་སྟེ། ཆུང་ཟད་སྐུ་གསུམ་དུ་སྦྱོར་བ་ནྀ། ཟད་པ་དང་མྱི་སྐྱེ་བ་ཤེས་པ་ནྀ་ཆོས་ཀྱི་སྐུ་། ཤག་ཀྱ་ཐུབ་པ་འི་སྐུ་ནི་ལོངས་
l.11v.1: སྤྱོད་རྫོགས་པ་འི་སྐུ། དེ་ལས་སངས་རྒྱས་ལས་སྩོགས་པ་སྤྲུལ་པ་འབྱུང་བ་ནི་སྤྲུལ་པ་འི་སྐུར་འདོགས། ཁ་ཐིག་གསུང་རབ་བཅུ་གཉིས་པ། ཆོས་ཀྱི་སྐུར་འདོགས་པནི།དོན་དམ་པ་འི་
l.11v.2: ཆོས་ཀྱི་སྐུ་ལ་མྱི་བགྱི་འོ། །དེ་འི་སྐབས་སུ་ཆོས་ཀྱི་ཚོགས་ལ་བགྱི་སྟེ། ཀུན་རྫོབ་དུ་ཆོས་ཀྱི་ཚོགས་སུ་བསྟན་པ་ལགས། མྱེ་ལོང་ལྟ་བུ་འི་ཡེ་ཤེས་ལ་སྩོགས་པ་མཚས་པར་མྱི་འཚལ་
l.11v.3: གྱི་བདེན་བ་བཞི་མཁྱེན་པ་དང༌། ཤེས་ས་བཅུ་མཁྱེན་པ་དག་དང་སྦྱར་བས། ཐེག་པ་གསུམ་ནི་དབང་པོའི་རིམ་པ་གསུམ་གྱི་སྒོ་ནས་མཚས་པར་འཚལ། །ཉན་ཐོས་ལ་རིགས་དུར་འཚལ། རིགས་
l.11v.4: ཀྱི་གཞི་གང་ལ་ཐོགས་མཚན་ཉིད་ཇི་ལྟ་བུའ།། །། །རིགས་ནི་དབང་པོ་རྣོ་རྟུལ་དང༌། དུས་གྱི་རྣམ་པར་གྲོལ་བ་དང།མ་གྲོལ་པ་ལས་སྩོགས་པ་མང་དུ་འཚལ་ཏེ། གཅིག་དུ་གྲགས་ངེས་པ་མ་མཚལ །
l.12r.1: ༄། །རིགས་ཀྱི་གཞི་ནྀ་ཡིད་ཀྱི་རྣམ་པར་ཤེས་པ་སོ་སོའི་ས་བོན་ནས།བག་ཆགས་ལས་འདོགས་པར་བས། མཚན་ཉིད་ནྀ་དེ་དང་འཐུན་བ་འི་ཆོས་དག་བཤད་ན་། སེམས་དགའ་བར་འགྱུར་བ་ལས་
l.12r.2: སྩོགས་པ་ལ་བགྱི་རང་སང་རྒྱས་ཀྱི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཟབ་མོ་རྟོགས་ཤེས་བྱ་བ་ཇི་ལྟ་བུ།། །རྟེན་འབྲེལ་འདི་ལ་ཉན་ཐོས་ནྀ་དངོས་པོ་ཡོད་པར་ལྟ་བ་འི་སྒོ་ནས་།ལུགས་སུ་གབྱུང་བ་དང༌། ལུགས་
l.12r.3: བཟློག་པ་ཡང་དངོས་སུ་ཡོད་པར་ལྟ། རང་སངས་རྒྱས་ནི་གཟུང་བ་འི་དོན་ཕྱི་འི་དངོས་པོ་མྱེད་དེ། མངོན་བར་རྟོགས་པ་འི་རྒྱན་ལས་། གཟུང་བ་འི་དོན་ཀྱྀ་རྟོགས་པ་སྤངས། འཛིན་པ་སྤངས་པ་མ་ཡིན་ཏེ།
l.12r.4: གཞི་ཡང་རྣམ་པར་ཤེས་འགྱུར་ནས། བདེ་ཞུའྀ་ལམ་ནྀ་སྩོགས་པར་བྱེད་ཅེས་འབྱུང་སྟེ། ཕྱི་ནང་གི་དངོས་པོ་ལ་གཟུང་བ་ནི་མྱེད་ཀྱི་འཛིན་པ་སེམས་ཙམ་དུ་ཤེས་པ་འདི་ལ་ཟབ་མོ་རྟོགས་ཤེས་བྱ། །ཉན་ཐོས་ཀྱི
l.12v.1: སྡེ་བཅོ་བརྒྱད་ཀྱི་ཚུལ་ཇི་ལྟ་བུ། །ཐམས་ཅད་ཡོད་པར་སྨྲ་དང༌། དགེ་འདུན་ཕལ་ཆེན་དང༌། མང་པོས་བཀུར་པ་དང། འཕགས་པ་གནས་བརྟན་པའོ། །དེ་ལ་ཐམས་ཅད་ཡོད་པར་སྨྲ་བ་ལས་བཞི། དགེ་འདུན་
l.12v.2: ཕལ་ཆེན་བདུན་། མང་པོས་བཀུར་པ་ལ་བཞི་། གནས་བརྟན་པ་ལ་གསུམ་སྟེ། དེ་ཡང་གཞུང་ཐ་དད་པ་རིམ་པར་ཀླག་པ་འི་ཁོར་ལོ་ལས་སྡེ་ཐ་དད་པ་བསྟན་པ་བསུམ་(བཅོ་བརྒྱད)པ་ལས་འབྱུང་བ། ཤར་དང་ནུབ། བྱང་
l.12v.3: གངས་རི་གནས་། འཇིག་རྟེན་འདས་པའི། བཏགས་པར་སྨྲ་བའི་སྡེ་པ་དང།ལྔ་(སྟེ)་དགེ་འདུན་ཕལ་ཆེན་པ་། བཞི་(གཞི་)བ་དང་ནི་འོད་སྲུང་སྟེ། ས་སྟོན་(སྲུང་)སྡེ།དང་ཆོས་བསྲུང་སྡེ། ལྔ་(མང་)ཐོས་གོས་མར་(དམར)སློབ་མ་
l.12v.4: དང། རྣམ་པར་ཕྱེས་སྟེ།སྨྲ་བ་འི་སྡེ་། ཐམས་ཅད་ཡོད་པར་སྨྲ་བ་འིས་ (སྡེ་བདུན།) རྒྱལ་བྱེད་འཚལ་གནས་འཇིགས་མྱེད་གནས། གཙུག་ལག་ཁང་ཆེན་གནས་བརྟན་པ། (སྡེ་གསུམ) མང(ས)་སྒྲོག་རིས་དང།སྲུབས་པ་(སྲུང་བ)་གནས། (མ་བུའི་སྡེ་དང་མང་བཀུར་སྡེ་གསུམ།)



(DKR)