Part of the same original manuscript as Pelliot tibétain 823

Section: 1
l.r1.1: གསུངས་པས་། ཡིད་ལ་བྱེད་པ་མྱེད་པ་ནྀ་ཆོས་ཉིད་གྱི་སངས་རྒྱས་དྲན་བའ་ཡིན་བར་མངོན་ལ་། །གལ་ཏེ་དམྱིགས་པའི་ཚུལ་གྱི་སངས་རྒྱས་
l.r1.2: ན་ངར་བྱེད་པའ་ནི་། །མྱ་ངན་ལས་འདའ་ལ་བསྒྲིབ་པར་འགྱུར་ཏེ། །ཤེས་རབ་གྱི་ པ་(ཕ་)རོལ་དུ་ཕྱིན་པའི་མདོ་ལས། །
l.r1.3: སངས་རྒྱས་ཡིད་ལ་བྱེད་ནའ་ཡང་མཚན་མ་སྟེ། །བསྒྲིབ་པ་ཡིན་། དེ་ལས་གཞན་བ་ལྟ་ཅི་སྨོས་སྟེ། ཞེས་གསུངས་པས། །
l.r1.4: གས་པའི་ཚུལ་གྱིས་སངས་རྒྱས་དྲན་བར་བྱེད་པ་ནི་། དོན་མྱི་ཆེ་བར་མངོན་ནོ། །ཡང་ཁ་ཅྀག་ན་རེ། །སེམས་ལ་མ་གཏོགས་པར་ཕྱི་ཡུལ་
l.r2.1: ཤིག་ན་ཡོད་དོ་ཞེ་ནའ། །དེ་ལ་བཤད་པའ་། །སྟུག་པོ་བཀོད་པའི་མདོ་ལས་། །ས་ལ་ཡོད་པའི་གཟུགས་རྣམས་དང༌ལྷ་ཡུལ་
l.r2.2: རྣམས་རྣམ་པ་སྣ་ཚོགས་གང་སྣང་བའ། །དེ་ནི་ཀུན་གཞི་སྣང་བ་ཡིན། ཞེས་འབྱུང༌། ལང་ཀར་གཤེགས་
l.r2.3: ལས་ཀྱང༌། །ལུས་དང་ལོངསྤྱོད་གནས་ལྟ་བུ་། མྱི་རྣམས་ལ་ནི་ཀུན་གཞི་སྣང༌། ཞེས་གསུངས་པས། །ཕྱི་ནང་གྱི་ཆོས་ཆོ་ཐམས་ཅད
l.r2.4: ས་ལས་འབྱུང་བར་མངོན་ལ། །གལ་ཏེ་སེམས་ལས་ལོག་ཤིག་དུ་ཡུལ་ཡོད་པར་འདོད་ནའ། །ལྟ་བ་དམན་པའི་སྐྱོན་
l.r2.5: །ལང་ཀར་གཤེགས་པའི་མདོ་ལས་། །སེམས་ཙམ་དུ་རྣམ་བཞག་པའ། ལྟ་བ་ངན་པས་དེ་མྱི་འདོད་ཞེས་འབྱུང༌། །


Section: 2
l.v1.1: པ་བར་རྣམས། །སངས་རྒྱས་སྲས་པོ་ང་ལ་ཉོན། །ཡང་དག་སངས་རྒྱས་བསྟན་པ་འོད། །ཐོས་པ་ཙམ་གྱིས་མྱྀ་གྲུབ་བོ། །ལ་ལ་སྟོབས་མུ
l.v1.2: ཀླུང་གིས། །ནན་གྱྀས་ཁྱེར་བར་གྱུརད་པ་དག། །སྒོམ་ཞྀང་ཤི་བར་གྱུར་པ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇྀ་ལྟར་འ
l.v1.3: པོ་ལ། །ཟས་དང་སྐོམ་དག་སྦྱིན་བྱེད་ཀྱང། །བདག་ཉིད་བཀྲེས་ཏེ་ཤི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞྀན་ནོ། །ཇྀ་ལྟར་སྨན་པ་
l.v1.4: སྨན་རྣམས་ཐམས་ཅད་བདོག་བཞིན་དུ། །ལྟོའྀ་ནད་ཀྱིས་ཤི་བ་བཞིན། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇྀ་ལྟར་བདེ་བ་ཀུན་ལ་
l.v2.1: རྒྱལ་པོའྀ་ཕོ་བྲང་འཁོར་སྐྱེས་ཀྱང། །ཟས་དང་གོས་དག་མྱི་མདོག་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇྀ་ལྟར་འོན་བ་རོལ་མོ་ཡིན་
l.v2.2: སྀལ་སྙན་གླུ་ལ་མཁས་པ་ཞིག། །གཞན་དག་དེའི་དགའ་བྱེད་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇྀ་ལྟར་དམུས་ལོང་རྀ་མོ
l.v2.3: ཚོང་འདུས་དབུས་སུ་འདྲྀ་འཇུག་ཀྱང། །བདག་ཉིད་ཀྱྀས་ནི་མྱྀ་མཐོང་བ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇྀ་ལྟར་མཚོ་ཚེའྀ་མཉ
l.v2.4: སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང། །བདག་ཉིད་དེའི་ནང་འཆྀ་འགྱུར་བ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇྀ་ལྟར་ལམ་གྱྀ་བཞི་མདོ་



(DKR)