Part of the same original manuscript as Pelliot tibétain 829. The original sequence of the two manuscripts can be reconstructed is as follows:
IOL Tib J 704, r1 – lacuna – IOL Tib J 704, r2–3 – lacuna – Pelliot tibétain 829 v1–2 – lacuna – IOL Tib J 704, r4–13.
And for the verso: IOL Tib J 704, v1–10 – lacuna – Pelliot tibétain 829, r1–2 – lacuna – IOL Tib J 704 v11–12 – lacuna – IOL Tib J 704, v13.

Section: 1
l.r1.1: ཡོད་པ་དང་འདྲའོ། །དེ་ལྟར་རྣམ་པར་རྟོག་པ་དེ་དག་ཡོངས་སུ་བཟློག་སྟེ་རྣམ་པར་མྱྀ་རྟོག་པར་སྦྱང་བར་བྱའོ། །
l.r1.2: དེ་མྱི་ཤེས་ན། འདུག་ཀྱང་དོན་མྱེད་དེ་སྒོམ་བའི་ལས་སུ་མྱི་རུང་ངོ། །  །ཞེས་འབྱུང་བའ། །འཁོར་
l.r1.3: བ་དང་མྱ་ངན་ལས་འདས་པའྀ་ངོ་མྱི་ཤེས་ན། དཔེར་དུག་འཐུང་ཡང་སྨན་དུ་སེམས་པ་དང་འདྲ་སྟེ་། ནང་དུ་ཐུབ་པ་ལ
l.r1.4: སྙོམས་པར་འཇུག་ཀྱང། མ་ཆུད་པ་ལ་ཆུད་དོ་སྙམ་སེམས་ཤྀང། ལུང་དུ་མྱྀ་སྟོན་པ་ལ་གནས་པ་དང། ཁམས་གསུམ་གྱྀ
l.r1.5: ཏྀང་ངེ་འཛྀན་ཙམ་ལ་གནས་པ་ནྀ་དོན་བུའང་མྱྀ་ཆེའོ། །དེའི་ཕྱིར་ནང་དུ་ཐུབ་པ་འཇུག་པས། སེམས་ཀྱྀ་བྱེ་བྲག་
l.r2.1: དགེ་བའྀ་བཤེས་གཉེན་གྱྀས་དོན་བསྟན་པ་ཙམ་གྱིས། དོན་རྟོགས་པར་འགྱུར་བའང་ཡོད་དོ། །འཕགས་པ་རང་གྀས
l.r2.2: རྀག་པའྀ་སྤྱོད་ཡུལ་ལ་མངོན་གསུམ་དུ་ཆུད་པར་ལ་ལས་མྱི་ནུས་ཀྱང། དོན་དེ་ཉྀད་ལ་རྒྱུན་དུ་བརྩོན་བར་བསྒོམས་ན།
l.r2.3: འཕགས་པ་རང་གྀས་རྀག་པའྀ་རྒྱུ་དང། ཚོགས་དང་ཉེ་བར་གྱུར་པས། ཕྱྀས་གདོན་མྱི་ཟ་བར་རྟོགས་པར་འགྱུར་རོ། །
l.r2.4: ལྟས་སྣ་ཙོགས་བྱུང་བ་དག་ལ་ཅྀ་ལྟར་བརྟག་ཅི་ན། །རྣལ་འབྱོར་ཆེན་པོའི་མྱྀག་ལམ་དུ་སྣང་བ་ཞྀག་བྱུང་ན།
l.r2.5: སངས་རྒྱས་དང་བྱང་ཆུབ་སེམས་དཔའྀ་སྐུ་ཡང་རུང། གནོད་སྦྱྀན་དང་རཀྴའྀ་གཟུགས་ཀྱང་རུང་སྟེ་སྣང་བ་
l.r3.1: ཐམས་ཅད་དྲྀ་ཟའྀ་གྲོང་ཁྱེར་དང་འདྲ་བ་ལ་ཡོན་ཏན་དུ་བལྟ་བ་དང་འཇྀགས་པ་བསྐྱེད་པའྀ་མྱྀ་རྀགས་སོ། དེ་ལྟ་བུ
l.r3.2: ཞྀག་བྱུང་བ་ལ་བདག་གྀས་ཆེན་པོ་ཞིག་ནུས་པས། སྤྲུལ་པའི་སྐུ་མཐོང་ཞྀང༌། ལྟས་ཀྱྀ་ཆོ་འཕྲུལ་བྱུངོ། དེ་ལས་དཔགས
l.r3.3: ན་འཕགས་པའྀ་གྲལ་དུ་ཆུད་དོ་ཞི་འམ་གྲུབ་པའྀ་ལྟས་ཡྀན་ནོ་སྙམ་དུ་ང་རྒྱལ་སྐྱེ་སྟེ་དེ་ལ་ཆགས་ན་། སངས་རྒྱས
l.r3.4: གྱྀ་མཆོག་ཡེ་ཤེས་ལས་ཉམས་ཏེ་། རྣལ་འབྱོར་ཆེད་པོ་ལ་བདུད་ཀྱྀས་གླགས་རྙེད་པར་འོང་ངོ།     །     །
l.r3.5: ཞེས་བྱ་བ་ལ་སྩོགས་པ་འབྱུང་བའ། རྣལ་འབྱོར་པའྀ་དམྱྀག་ལམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འྀ
l.r4.1: གཅིག་དུ་ན་། འཕགས་པ་ནམ་ཀ་མཛོད་ཀྱྀ་བསམ་གཏན་ལས། །འདྀ་ནྀ་ཤེས་རབ་མཆོག་གྀ་བསམ་གཏན
l.r4.2: ནོ་ཞེས་འབྱུང་བ་དང༌། འདྀ་རྣམ་གསུམ་སྤུན་ན་ལྷག་མཐོང་དང་ཞྀ་གནས་ཡྀན་བར་དེ་ལྟར་ཤེས་སོ།  ཿཿ །
l.r4.3: དེ་ལ་འདུས་མ་བྱས་པའྀ་མུ་ལ་གནས་པ་ནྀ། །དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ། །ཆོས་ཇྀ་སྙེད
l.r4.4: དུ་གཉྀས་པ་ནྀ་འདུས་བྱས་དང་འདུས་མ་བྱས་པ་ཡྀན་ཏེ། འདུས་བྱས་པ་ཡང་མ་ཡྀན། འདུས་མ་བྱས་པ་ཡང
l.r4.5: མ་ཡྀན་ཞེས་འབྱུང་སྟེ། ཅྀ་སྙེད་དུ་གཉྀས་པ་ཡང་དམྱྀགས་པ་ལས་འབྱུང། བར་མངོན་ཏེ། མུ་ལ་གནས་
l.r5.1: ཀྱྀས་དོགས་ན་། དམྱྀགས་པ་སྤངས་པ་ལས་འདའ་པ་མྱེད་དེ། མྱྀ་རྟོག་པ་ནྀ་ཆོས་ཀྱྀ་དབྱྀངས་ལ་གནས་པ་
l.r5.2: ཡྀན་ཏེ་འདུས་མ་བྱས་པའྀ་མུ་ལ་གནས་པ་དང་ནོར་པར་ཡང་མྱྀ་འགྱུར་རོ།  ཿཿ །།དེ་ལ་ཉན་ཐོས་ཀྱྀ་
l.r5.3: འགོག་པའྀ་བསམ་གཏན་དང་ནོར་དུ་དོགས་པ་ནྀ་། འགོག་པའྀ་བསམ་གཏན་དུ་འཇུག་གོ་ཆོག་ཀྱང༌། བསམ་
l.r5.4: གཏན་བཞྀ་དང། གཟུགས་མྱེད་པའྀ་སྙོམས་པར་འཇུག་པ་བཞྀ་རྀམས་ཀྱྀས་བསྒོམས་ནས། འདུ་ཤེས་མྱེད་པ
l.r5.5: དང༌། མྱེད་པ་ཡང་མ་ཡྀན་བའྀ་སྐྱེ་མཆེད་ལ་སེམས་ཕྲ་རབ་དུ་སྦྱངས་ཏེ་འགོག་པའྀ་བསམ་གཏན་དུ་འཇུག་
l.r6.1: དུ་ཕྱིན་པ་ལ་སྤྱོད་པའྀ་ཚེ་། དེ་ལྟར་ཆོས་ཐམས་ཅད་རང་བཞྀན་གྱྀས་སྟོང་པ་ཉིད་དུ་བརྟག་པར་བགྱྀ་སྟེ།
l.r6.2: ཇི་ནས་ཀྱང་ཆོས་གང་ལ་ཡང་ཡྀད་རྣམ་པར་མྱི་རྒྱུ་བ་དེ་ལྟར་ཡོངསུ་བརྟག་པར་བྱའོ། ། །བཅོམ་ལྡན་འདས་
l.r6.3: འདྀ་ནྀ་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོའྀ་ཏྀང་ངེ་འཛྀན་ཀྱྀ་དཀྱིལ་འཁོར་ཆོས་ཐམས
l.r6.4: ཅད་ཡོངས་སུ་མ་བཟུང་བ་ཞེས་བགྱི་སྟེ། །རྒྱ་ཆེ་བ་ཕུལ་དུ་བགྱྀ་བ་། ཚད་མ་མཆྀས་པ། ཚད་མ་མཆིས་པར
l.r6.5: ངེས་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱྀས་མྱྀ་འཕྲོགས་པ། དེ་དག་དང་ཐུན་མོང་མ་ལགས་པ་སྟེ།
l.r7.1: ཏྀང་ངེ་འཛྀན་དེ་སྤྱོད་པའྀ་བྱང་ཆུབ་སེམས་དཔའ་ནྀ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས
l.r7.2: འབྱུང་སྟེ། དེ་ལ་གཟུགས་ཀྱྀ་ཕུང་པོ་ནས། རྣམ་པ་ཐམས་ཆད་མཁྱེན་པའི་བར་དུ་། ཉོན་མོངས་པ་དང་རྣམ་པར
l.r7.3: བྱང་བ། ལ་སྩོགས་པར་མཐོང་ཞིང་ཡྀད་གྱི་རྣམ་པར་ཤེས་པའྀ་རྒྱུ་ནྀ་རྣམ་པར་རྟོག་པའོ། །གཟུགས་ཀྱི་ཕུང་པོ
l.r7.4: ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་རང་བཞྀན་གྱྀས་སྟོང་པ་ཉྀད་དེ། ཉོན་མོངས་པ་དང་རྣམ་པར་བྱང
l.r7.5: བ་ལ་སྩོགས་པ་ཆོས་གང་ཡང་མྱྀ་རྙེད་ཆྀང་རྗེསུ་མྱི་མཐོང་བས། ཆོས་གང་ལ་ཡང་ཡྀད་ཀྱི་རྣམ་པར་ཤེས་པ་
l.r8.1: མྱྀ་རྒྱུ་བ་དེ་ལྟར་ཤེས་རབ་ཀྱྀས་ཡང་དག་པ་ཉིད་ལ་ཡོངས་སུ་བརྟག་པར་བགྱྀའོ། །      ། །དེ་ཡང་ཕྱིན་ཅི
l.r8.2: ལོག་གི་རྟོག་པ་ཡོད་ཀྱི་བར་དུ། འཕགས་པའི་ཤེས་རབ་ཀྱིས་བཟློག་པའི་ལས་ཀྱང་ཡོད་དོ། །ཞེས
l.r8.3: འབྱུང་བའ། རྟོག་པ་ཡོད་ཀྱི་བར་དུ་ནྀ་ཤེས་རབ་དང་ཡེ་ཤེས་ཀྱི་ལས་ཀྱང་མྱེད་དུ་མྱི་རུང་སྟེ། ཇྀ་ལྟ་ཞེན་བསམ་གྱིས
l.r8.4: མྱི་ཁྱབ་པའྀ་བག་ཆགས་ཀྱྀ་དབང་གིས་ཤེས་རབ་མྱིད་པའྀ་སྤྱོད་ཡུལ་གར་བྱུང་བ་དེར་ནྀ་རང་བཞིན་གྱིས་ཡོད་མྱིདུ་
l.r8.5: རྣམ་པར་རྟོག་པར་འགྱུར། །ཏིང་ངེ་འཛིན་མྱེད་པས་ནི། རྣམ་པར་ཤེས་པའི་རླུང་གིས་བསྐྱོད་པར་འགྱུར་ཏེ།
l.r9.1: ཤེས་རབ་ཀྱི་ལས་མྱེད་ན། རྣམ་པར་རྟོག་པའི་མཚན་མ་དེ་དག་སྤོང་བར་མྱི་ནུས་ཏེ། རྣམ་པར་མྱྀ་རྟོག་པའྀ
l.r9.2: མཐོ་(མཐུ་)ལས་ཀྱང། །རྀགས་ཀྱི་བུ་གང་གྀ་ཕྱིར་བྱང་ཅུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་སོ་ཞེས་མྱི
l.r9.3: དམྱིགས། གཟུགས་སུ་སྣང་བའི་རྣམ་པར་རྀག་པ་ཡང་མྱྀ་དམྱྀགས་མོད་ཀྱི། རྣམ་པར་རྀག་པ་ཡོངས་ནི་ཆུད་མྱི
l.r9.4: གཟན་ཏོ། །རྣམ་པར་རྀག་པ་མ་གཏོགས་པར་ཆོས་གང་ཡང་མྱྀ་དམྱྀགས་ལ། རྣམ་པར་རིག་པ་དེ་འང་མྱེད་པར་ཡང
l.r9.5: དག་པར་རྗེསུ་མྱི་མཐོང་སྟེ། རྣམ་པ་ཐམས་ཅད་ཀྱིས་མ་བརྟགས་པ་དེ་ནི། རྣམ་པར་མྱྀ་རྟོག་པའྀ་དབྱྀངས་སོ་ཞེས།
l.r10.1: ཡང་དག་པར་རྗེས་སུ་མཐོང་སྟེ། དེ་ལྟར་འདྀ་ནྀ་རྣམ་པར་མྱྀ་རྟོག་པའྀ་དབྱྀངསུ་འཇུག་པའོ་ཞེས་འབྱུང་སྟེ།
l.r10.2: དེ་ལ་གཟུགས་ཀྱྀ་ཕུང་པོ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ། རང་བཞྀན་གྱྀས་མྱྀ་དམྱྀགས་མོད་ཀྱི།
l.r10.3: འོན་ཀྱང་དེ་ལྟར་མྱྀ་གོམས་མྱྀ་ཤེས་པས་ན། མཚན་མ་དེ་དག་བསལ་བའྀ་ཕྱིར། གཟུགས་ནས་རྣམ་པ་ཐམས་ཅད
l.r10.4: མཁྱེན་པའི་བར་དུ་ཡང་དག་པ་ཇྀ་བཞིན་དུ་ཤེས་རབ་དང་ཡེ་ཤེས་ཀྱིས་། རིག་པ་ཐམས་ཅད་ཀྱྀ་ཐམས་ཅད་དུ་ཆུད་མྱི
l.r10.5: གསན་ཏོ། །རྣམ་པར་རྀག་པ་དེ་ཆུད་གཟན་ཏོ་མྱྀ་དགོས་པར་བྱས་ན། བསམ་གྱྀས་མྱི་ཁྱབ་པའྀ་བག་ཅགས་ཀྱིས་ཕྱིར་ཡང
l.r11.1: རྣམ་པར་རྟོག་པར་འགྱུར་རོ། །དེ་བཞྀན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་དང། སྟོང་པ་ཉྀད་དང། རྣམ་པ་ཐམས་ཅད་མཁྱེན
l.r11.2: ཀྱྀ་བར་དུ་ཤེས་རབ་དང་ཡེ་ཤེས་ཀྱྀས་རྀག་པ་ཡང་ཆུད་མྱི་གསན་ཏོ་ཞེས་འབྱུང་བས་ན། རྟོག་པ་ཡོད་ཀྱི་བར་དུ།
l.r11.3: ཤེས་རབ་ཀྱྀ་ལས་ཀྱང་དེ་ལྟར་མཆིས་པར་མངོན་ནོ། །  །ནམ་ཕྱིན་ཅྀ་ལོག་གྀ་རྟོག་པ་མྱེད་པའྀ་ཚེ་ན།
l.r11.4: ཤེས་རབ་ཀྱིས་བཟློག་པའི་ལས་ཀྱང་མྱེད་དེ། ཅིག་ཅར་མཉམ་བར་སྟོང་པ་ཉིདུ་འགག་གོ། །ཞེས་འབྱུང
l.r11.5: བའ། །རྣམ་པར་ཤེས་པ་ཐམས་ཅད་ནྀ་མཚན་མ་མྱེད་པའྀ་ཏྀང་ངེ་འཛིན་དུ་གྱུར། །ཆོས་ཐམས་ཅད་ནྀ་དེ་
l.r12.1.: བཞྀན་ཉིད་དུ་མཐོང་བའྀ་ཡེ་ཤེས་ལྷུན་ཀྱིས་འགྲུབ་པའི་དུས་ནའ། མ་རྀག་པ་དང༌། རྣམ་པར་ཤེས་པ་མྱེད་པས།
l.r12.2: ཤེས་རབ་ཀྱི་ལས་ཀྱིས་ཀྱང་ཇི་ཡང་བྱར་མྱེད་དེ་། རྣམ་པར་མྱི་རྟོག་པ་ལྷུན་ཀྱིས་འགྲུབ་པའི་དུས་ན། ནན་ཏན་བྱ་བ
l.r12.3: མྱེད་ཀྱང༌། མ་རྀག་པ་དང་ཤེས་རབ་མྱེད་པར་ཅིག་ཅར་ལྷུན་ཀྱིས་འགྲུབ་བོ། །དཔེར་ན་རྩི་ཤྀང་ཡོད་ཀྱི་བར་དུ་ནྀ
l.r12.4: མྱེ་འང་འབར་གྱྀ། རྩྀ་ཤྀང་ཟད་ན་མྱེའང་ཅྀག་ཅར་ཟད་པ་བཞྀན་ནོ། །དེ་ལྟར་འཕགས་པའྀ་ཤེས་རབ
l.r12.5: དེ་འང་མྱེད་པར་གྱུར་པའྀ་འོ་ག་དུ་། གལ་ཏེ་ཐམས་ཆད་ཀྱྀ་ཐམས་ཅད་དུ་མྱེད་དམ། ཡང་དེ་ཡང་མ་ཡྀན
l.r13.1: བ་གཞན་ཞྀག་ཡོད་དམ་ཞེ་ན་བརྟགས་པའྀ་སྒོ་ནས་མ་ཡིན་གྱྀ། དེ་ནྀ་འཕགས་པ་རང་གྀས་རྀག་པའྀ་མཆོག
l.r13.2: གྀ་ཡེ་ཤེས་དོན་དམ་པའྀ་སྒོ་ནས་ཏེ། །ཡོད་པ་དང་མྱེད་པའྀ་དོན་ཀྱྀས། །ལྷག་པ་སྤྲོས་
l.r13.3: པའ་ཐམས་ཆད་། །ཉེ་བར་ཞྀ་པའྀ་ཕྱིར། །དེ་བཞྀན་གཤེགས་པའྀ་བསམ་གཏན་ནྀ
l.r13.4: །བསམ་གཏན་ཐམས་ཆད་ཀྱྀ་ནང་ནའ། །དགེའོ། ། །ཞེས་འབྱུང་བའ།
l.r13.5: ཆོས་ཐམས་ཅད་ལ་དངོས་པོར་མཐོང་བ་ཡོད་ཀྱི་བར་དུ་། ཆོས་འདྀ་དག་ཡོད་མྱེད་ཀྱི་མཐའ་ལས་འདས་སོ་ཞེས


Section: 2
l.v.1.1: ཇྀ་ལྟ་བུ་གིས་པར་བགྱྀ། །བཅོམ་ལྡན་འདས་ཀྱྀས་བཀའ་སྩལ་པ།  །རིགས་ཀྱྀ་བུ་ངོ་བོ་མྱེད་པ་
l.v.1.2: ནྀ་། ཆོས་ཀྱི་དབྱྀངསུ་རྟོགས་པར་བྱའོ། །ནམ་(མཁའ་དང་)མཉམ་བ་སྤྲོས་པ་མྱེད་པ་། མ་སྤྲོས་པ། གཟུང་བ
l.v.1.3: མྱེད་པ་གཟུང་བ་། ངོ་བོ་མྱེད་པ་གནས་པ་མྱེད་པ་། འདྀ་ལྟ་བུར་ཆོས་ཀྱྀ་དབྱྀངས་རྀགས་པར་བྱའོ། །
l.v.1.4: ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་དཔའས་གསོལ་(པ༌།) ཆོས་ཀྱྀ་དབྱྀངས་(ཀྱི་བས)་འབྱུང་བ་ལགས། བཅོམ
l.v.1.5: ལྡན་འདས་ཀྱིས་བཀའ་སྩལ་པ། །རིགས་ཀྱི་བུ་ཆོས་ཀྱྀ་དབྱྀངས་ནྀ་འབྱུང་བ་མྱེད་པའོ། །རྀགས་ཀྱི་བུ་ཆོས་
l.v.2.1: ཀྱྀ་དབྱྀངས་ནྀ་བསམ་དུ་མྱི་རུང་བའོ། །རིགས་ཀྱི་བུ་ཆོས་ཀྱི་དབྱྀངས་ནྀ་ངོ་བོ་མྱེད་པར་རྟོགས་པའོ།  །
l.v.2.2: རྀགས་ཀྱྀ་བུ་ཆོས་ཀྱྀ་དབྱྀངས་དེ་ནྀ་དངོས་པོ་གང་དུ་ཡང་མྱྀ་བྱེད། མྱྀ་སྟོན་པའོ། །ཀུན་དུ་བཟང་པོ་བྱང་ཆུབ
l.v.2.3: སེམས་དཔའས་གསོལ་པའ། །ཆོས་ཀྱྀ་དབྱྀངས་ཅྀ་ཞིག་ལ་རྟོག། །བཅོམ་ལྡན་འདས་ཀྱྀས་བཀའ
l.v.2.4: སྩལ་པ། །རྀགས་ཀྱྀ་བུ་རྣམ་པར་མྱྀ་རྟོག་པ་ནྀ་ཆོས་ཀྱྀ་དབྱིངས་སོ། །ཀུན་དུ་བཟང་པོ་བྱང་ཆུབ
l.v.2.5: སེམས་དཔའས་གསོལ་པ། །བཅོམ་ལྡན་འདའས་ཆོས་ཀྱྀ་དབྱྀངས་མྱྀ་རྟོག་ན་། བྱྀས་པ་སོ་སོར་འགྲོ་བའི་
l.v.3.1: རྣམས་ཇྀ་ལྟར་ན་རྟོག། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྟོག་པ་དང་རྣམ་པར་རྟོག་པ་དང།
l.v.3.2: ཡོངསུ་རྟོག་པ་ལས་ལངས་པ་ནྀ་། བུས་བ་ལྟ་བུ་སོ་སོར་འགྲོ་བ་ཐམས་ཆད་དོ་ཞེས་འབྱུང་སྟེ། ཆོས་ཀྱྀ་དབྱིངས
l.v.3.3: ཡྀན་བར་ནྀ་དེ་ལྟར་ཤེས་སོ།། ཿཿ །།ལུང་དུ་མྱྀ་སྟོན་པའྀ་སེམས་ནྀ་། འཕགས་པ་དཀོན་མཆོག
l.v.3.4: སྤྲྀན་ལས་འབྱུང་བ། །ཕྱིར་ཡང་མ་བྱུང༌། ནང་ན་ཡང་མ་ཡྀན། དགེ་བ་ཡང་མྱྀ་སྤྱོད་། མྱྀ་དགེ་བ་ཡང་མ་ཡིན། །
l.v.3.5: ལྷག་མཐོང་ཡང་མྱྀ་སྤྱོད་ཞྀ་གནས་ཀྱང་མྱྀ་ལེན་པར་ཞུམ་ཞིང་གཉིད་ཀྱིས་ནོན་པར་འདུག་གོ། །དཔེར་ན་ཉལ་བ་
l.v.4.1: ལས་སད་མ་ཐག་པའྀ་སྐྱེས་བུ་གཉྀད་ཀྱྀས་བསྒྲིབས་པའྀ་དམྱིག་དང༌། སེམས་ཀྱིས་བྱེ་བྲག་མྱྀ་ཕྱེད་པ་བཞིན་དུ།
l.v.4.2: ཞེས་འབྱུང་སྟེ། ལུང་དུ་མྱྀ་སྟོན་པ་ནྀ་ཕ་རོལ་དུ་ཕྱིན་པ་དྲུག་ཀྱང་མྱྀ་སྤྱོད། །འདུ་ཤེས་ཐམས་ཆད་སྒྱུ་མ་ཡིན་བར
l.v.4.3: ཡང་མ་རྟོགས། །ཐམས་ཆད་མཁྱེན་པའྀ་ཡེ་ཤེས་ལ་སྒོམ་བར་ཡང་མ་བསྔོས། །ཀུན་གཞྀའ་རྣམ་པར
l.v.4.4: ཤེས་པ་དག་པར་བྱ་བའྀ་ཕྱིར་ཡང་མྱྀ་སྒོམ། །དེ་བས་ན་མྱྀ་རྟོག་པ་སྒོམ་བ་དང་མྱི་འདྲའོ། །མྱྀ་རྟོག་པའྀ་ཡེ་
l.v.4.5: ཤེས་སྒོམ་ཞིང་བསམ་གཏན་དུ་འཇུག་པ་ཞུམ་ཞྀང་གཉིད་གྱྀས་ལོག་པ་ལྟ་བུའྀ་རོ་ཡང་མྱེད། །ཆོས་སོ་ཆོག
l.v.5.1: དམྱྀགསུ་མྱེད་པར་རྀག་སྟེ་། དམྱྀགས་སུ་མྱེད་པ་ནྀ་ལྷག་མཐོང་སྤྱོད་པ་ཡྀན། དེ་ལ་གཅྀག་དུ་སྙོམས་པར
l.v.5.2: སྒོམ་པ་ནྀ་ཞི་གནས་ལེན་པ་ཡྀན་ཏེ། ཆོས་ཀྱི་དབྱིངས་ལ་གནས་པས་ལུང་དུ་མྱྀ་སྟོན་པ་དང་ནོར་པར་ཡང་མྱི
l.v.5.3: འགྱུར་རོ། །དེ་འདྲ་པར་དམྱིགས་སུ་མྱེད་པ་ལྷག་མཐོང་ཡིན་པ་དང། སྙོམས་པར་འཇུག་པ་ཞྀ་གནས་ཡྀན་དུ་ཅྀ
l.v.5.4: མངོན་ཞེ་ན་། ལྷག་མཐོང་ནྀ་ཤེས་རབ་ཡྀན་ཏེ་། །ཤེས་རབ་འབུམ་པ་ལས་འབྱུང་བ། །བཅོམ་ལྡན་འདས་ཀྱྀས་བཤད
l.v.5.5: པ་། ཕ་རོལ་དུ་ཕྱྀན་པ་དྲུག །སྟོང་པ་བཅོ་བརྒྱད་། བྱང་ཆུབ་ཀྱྀ་ཕྱོགས་སུམ་ཅུ་སྩ་བདུན། །འཕགས་པའྀ་བདེན་བ་བཞྀ།
l.v.6.1: བསམ་གཏན་བཞྀ། །ཚད་མྱེད་པ་བཞྀ། གཟུགས་མྱེད་པའྀ་སྙོམས་པར་འཇུག་པ་བཞྀ། རྣམ་པར་ཐར་པ།
l.v.6.2: མཐར་ཀྱྀས་གནས་པའྀ་སྙོམས་པར་འཇུག་པ། མངོན་པར་ཤེས་པ། ཏྀང་ངེ་འཛྀན། གཟུངས་ཀྱྀ་སྒོ། །དེ་བཞིན
l.v.6.3: གཤེགས་པའྀ་སྟོབས་བཅུ་། མྱྀ་འཇིགས་པ། སོ་སོར་རིག་པ། སྙྀང་རྗེ་ཆེན་པོ། སངས་རྒྱས་ཀྱྀ་ཆོས་མ་འདྲེས
l.v.6.4: པ། རྒྱུན་དུ་ཞུགས་པའྀ་འབྲས་བུ་། ལན་ཅྀག་ཕྱྀར་འོང་བའྀ་འབྲས་བུ། ཕྱིར་མྱྀ་འོང་བའྀ་འབྲས་བུ། །དགྲ་བཅོབ་བ།
l.v.6.5: རང་བྱང་ཆུབ། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ལ་སྩོགས་པ་ཀུན་སྨོས་ཏེ། འདུས་མ་བྱས་། མ་སྐྱེས་མྱི
l.v.7.1: འགོག། །མ་དམྱིགས་པ་ལས་ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱིན་པ་མངོན་བར་འབྱུང་ངོ། །ཤ་རི་བུས་གསོལ་པ། ཤེས་
l.v.7.2: རབ་ཀྱི་ཕ་རོལ་དུ་ཕྱྀན་པ་མངོན་པར་གྲུབ་པ་དེས་ཆོས་གང་བྱིན་པར་བྱ། བཀའ་སྩལ་པ། ཆོས་གང་ཡང་མྱྀ་སྦྱྀན་
l.v.7.3: ནོ། །ནམ་ཆོས་གང་ཡང་མྱྀ་སྦྱྀན་བ་དེའྀ་ཚེ་། ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱིན་པ་འགྲིངས་(འགྲེངས་)སུ་གདོད་ཆུད་དོ་ཞེས་འབྱུང
l.v.7.4: སྟེ། དེ་ལས་བལྟས་ན་ཤེས་རབ་ཡིན་ནོ། །ཞི་གནས་ནྀ་ཏིང་ངེ་འཛྀན་ཡིན་ཏེ་། །ཏྀང་ངེ་འཛིན་གྱི་རྒྱལ་པོ་ལས
l.v.7.5: འབྱུང་བ། །ཟླ་འོད་གཞོ་ནུར་གྱུར་པས་གསོལ་པ། ཏྀང་ངེ་འཛྀན་ཅེས་བགྱྀ་བ་ཆོས་གང་གྀ་ཚིག་བླ་དགས་ལགས།
l.v.8.1: བཅོམ་ལྡན་འདས་ཀྱྀས་བཀའ་སྩལ་པ། །རྀགས་ཀྱྀ་བུ་ཏྀང་ངེ་འཛྀན་ཅེས་བྱ་བ་ནྀ་སེམས་མྱྀ་གཡོ་བའོ། །མ་
l.v.8.2: སྐྱེས་པ་སོ་སོར་མྱྀ་སྦྱོར་བ། སོ་སོར་མྱྀ་སྦྱོར་བའྀ་ཡེ་ཤེས་སོ། །ཁུར་བོར་བ་ཉིད་དོ་ཡང་དག་པར་གཤེགས་པའྀ
l.v.8.3: ཡེ་ཤེས་སོ། །མ་རྀག་པ་རྣམ་པར་སྤོང་བ་། སྐྱེ་བ་རྣམས་ལ་ཡྀད་མྱྀ་ཆེས་པ། ལས་མངོན་བར་མྱྀ་བྱེད་པ། ནང་
l.v.8.4: གྀ་སྐྱེ་མཅེད་རྣམས་ཡྀད་ལ་མྱྀ་བྱེད། །ཕྱྀའྀ་སྐྱེ་མཆེད་རྣམས་མྱྀ་སྤྱོད་པའོ། །དེ་ལ་སྩོགས་ཏེ་རྒྱས་པར་
l.v.8.5: བཤད་པ་དེ་ལས་བལྟས་ན། མྱི་གཡོ་བ་ལ་སྙོམས་པར་འཇུག་པ་ཏྀང་ངེ་འཛྀན་པར་དེ་ལྟར་ཤེས་སོ། །ཡང་རྣམ
l.v.9.1: སླར་བཟློག་པར་འགྱུར་ཏེ། ད་ལྟར་སེམས་དང་ཡྀད་དང་རྣམ་པར་ཤེས་པ་དེ་དག་ཡང་དག་པ་ཉིད་ཅི་བཞིན
l.v.9.2: དུ་མཐོང་བའྀ་ཤེས་རབ་ཀྱིས། །རྒྱུན་དུ་བསྒོམས་ན་། སེམས་དང༌། ཡྀད་དང་རྣམ་པར་ཤེས་པ་ཉྀད་ཀྱང་རྗེསུ
l.v.9.3: མ་མཐོང་ན། སེམས་ཀྱྀ་རྗེས་སུ་འཇུག་པར་ལྟ་ག་ལ་འགྱུར་ཏེ། དེ་བས་ན་སེམས་དང་ཡྀད་དང་རྣམ་པར་ཤེས
l.v.9.4: པ་སླར་བཟློག་པའོ། །དཔེར་ན་ཉྀ་མའྀ་དཀྱིལ་འཁོར་ཆེན་པོ་ཤར་ན་། ཆོས་ཉིད་གྱྀས་མུན་པ་གང་དུ་མྱི་
l.v.9.5: འགྲོ་མོད་ཀྱྀ་འོན་ཀྱང་མྱི་གནས་སོ། །མུན་པ་ནྀ་ཆོས་ཉྀད་ཀྱིས་གར་བྱུང་བ་མྱྀ་གནས་པ་བཞིན་དུ། །
l.v.10.1: ཤེས་རབ་དང། ཡེ་ཤེས་ཀྱྀ་དཀྱྀལ་འཁོར་ཆེན་པོ་ཤར་ན། །ཆོས་ཉིད་ཀྱིས་མ་རིག་པའི་མུན་པ་དང། །
l.v.10.2: རྣམ་པར་ཤེས་པའྀ་ཆུ་བོ་གག་དུ་འང་མྱྀ་འགྲོ་མོད་གྱྀ་། འོན་ཀྱང་མྱི་གནས་སོ། །དེ་ལྟར་མ་ནོར་པ་ཉིད་དུ་མཐོང
l.v.10.3: བའི་ཤེས་རབ་དང་ཏིང་ངེ་འཛིན་དུ་ལྡན་བ་ལས་། སེམས་བྱུང་མ་ཐག་དུ་མྱི་འཇུག་པར་བཟློག་པར་འགྱུར་གྱི།
l.v.10.4: རྣམ་པར་ཤེས་པ་བྱུང་ནས་སྐད་ཅྀག་མར་འགག་པར་མཐོང་བ་ནྀ་། བཟློག་པ་མ་ཡིན།བར་ཤེས་པར་བྱའོ། །
l.v.10.5: ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱིན་པ་བརྒྱ་ཕྲག་སྟོང་པ་ལས་ཀྱང། །བྱང་ཅུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ


Section: 3
l.v.11.1: མདོ་སྡེ་ལས་ཀྱང་ཇྀ་འང་མྱྀ་དྲན་པ་ནྀ་སངས་རྒྱས་དྲན་པ་ཞེས་བྱའོ། །ཅི་འང་དྲན་བ་མྱེད་པ་ཞེས་བྱ་བ་ནི་། སངས་རྒྱས
l.v.11.2: རྒྱས་དྲན་པའྀ་སེམས་དེ་ཉྀད་སངས་རྒྱས་ཡྀན་ནོ། །མྱི་བདེན་པ་དྲན་པ་ནྀ་མ་རབས་ཡིན་ནོ། །སེམས་ལས་གུད་ན་
l.v.11.3: སངས་རྒྱས་ཤེས་བྱ་བ་གཞན་མྱེད་། །སངས་རྒྱས་ལས་གུད་ན་སེམས་ཤེས་བྱ་བ་གཞན་མྱེད་དེ། །སངས་རྒྱས་དྲན
l.v.11.4: པ་ཉྀད་སེམས་དྲན་བ་ཡྀན་ནོ། །སེམས་ཚོལ་བ་ཉྀད་སངས་རྒྱས་ཚོལ་བ་ཡྀན་ནོ། །དེ་ཅྀའྀ་ཕྱིར་ཞེ་ན་། སེམས་དང་
l.v.11.5: རྣམ་པར་ཤེས་པ་ལ་དབྱྀབས་མྱེད། །སངས་རྒྱས་ལ་ཡང་མཚན་མ་འམ་གཟུགས་མྱེད་པའྀ་ཕྱིར་རོ། །ཚུལ
l.v.12.1: འདི་ལྟར་ཤེས་པ་ཉྀད་ནྀ་། སེམས་བདེ་བའོ། །རྟག་ཏུ་སངས་རྒྱས་དྲན་ཞྀང་དམྱྀགས་པ་མྱྀ་འབྱུང་ན། ཕྱི་ངར
l.v.12.2: མཚན་མ་མྱེད་པ་ལ་མཉམ་སྙོམས་ཏེ་མྱྀ་དམྱིགས་སོ། །གནས་འདྀར་ཆུད་ན་དྲན་པའྀ་སེམས་ཞིའོ། །ཡང་བརྣན་ (བསྣན་)
l.v.12.3: མྱྀ་དགོས་ཏེ་འདྀ་ཉྀད་ལ་བལྟས་ལ་སེམས་སྙོམས་ན་དེ་བཞྀན་གཤེགས་པའྀ་ཡང་དག་པའྀ་ཆོས་ཉྀད་ཀྱྀ་སྐུ་ཉིད
l.v.12.4: ཡྀན་ནོ། །མ་ནོར་པ་ཡང་དག་པ་ཉྀད་ཅེས་ཀྱང་བྱ། སངས་རྒྱས་ཀྱི་རང་བཞྀན་ཞེས་ཀྱང་བྱ། ཆོས་རྣམས་ཀྱི་ཡང་དག
l.v.12.5: པ་ཉྀད་ཅེས་ཀྱང་བྱའ། །མྱ་ངན་ལས་འདས་པ་ཞེས་ཀྱང་བྱའོ། །རྣམ་གྲངས་ནྀ་ཚད་མྱེད་མོད་ཀྱྀ། །འོན་ཀྱང
l.v.13.1: ཀུན་གཞྀའྀ་རྣམ་པར་ཤེས་པ་མྱྀ་འབྱུང་བས་། ཉན་ཐོས་ཀྱྀ་ཐེག་པས་གདུལ་བའྀ་སེམས་ཅན་རྣམས་ལ་བགད་པ
l.v.13.2: ཡྀན་པར་དེ་ལྟར་མངོན་ནོ། ། །འཕགས་པ་ལང་ཀར་གཤེགས་པའྀ་མདོ་ལས་འབྱུང་བ་། ཉན་ཐོས་ཀྱྀས
l.v.13.3: ནྀ་གང་ཟག་ལ་བདག་མྱེད་པར་རྀག་སྟེ་། །ཆོས་ལ་བདག་མྱེད་པར་མ་རྀག་གོ། །ཡང་གཆྀག་དུ་ཉན་ཐོས་ནྀ
l.v.13.4: ཏྀང་ངེ་འཛྀན་གྱྀ་བདེ་བས་མྱོས་ཏེ་། མྱ་ངན་ལས་འདས་པ་ཙམ་དུ་འཛྀན་མོད་ཀྱྀ་། ཡང་དག་པར་མྱ་ངན་ལས་
l.v.13.5: མ་འདས་སོ་ཞེས་འབྱུང༌། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། འབྱུང་བ། །བྱ་ཀ་ལ་བྀང་ཀའྀ



(DKR)