Section: 1
l.r1.1: ༄མཐའ་ཡས་པའི་སེམས་ཅན་ཐམས་ཅད།
l.r1.2: འཁོར་བའི་རྒྱུད་གཅོད་ཅིང།ཕུང་པོའི་ལྷག་མ་མ་ལུས་
l.r1.3: པར་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ།རྐ་ལག
l.r1.4: བསྣོལ། ཚིགས་པ་བསྐྲང། ལུས་མྱི་བསྐྱོད། ངག་མྱི་བརྗོད།
l.r1.5: སེམས་ཀྱི་སྒོ་དྲུག་འཁྱིལ་པའི་ཡུལ་ལ། མྱི་འཇུག་
l.r1.6: པར། གཟོད་ནས་རང་གི་སེམས་ལ་བལྟས་ན། སེམས
l.r1.7: ཀྱི་དངོས་པོའ་ཡང་མ་ཡིན་བས།ཅིར་ཡང་མྱི་རྟོག
l.r2.1: དེ་ལྟར་སེམས་ཀྱི་སྤྱོད་ཡུལ་རྣམ་པར་དག་པས་ཅི་ལ
l.r2.2: ཡང་མྱི་གནས་པར་ཡུན་ནི་རིང་དུ་འདུག་ནས།སེམས
l.r2.3: གཡུང་དུ་གྱུར་ན།ཡེ་ཤེས་ཀྱི་རང་བཞིན་གདོད་ནས་མ
l.r2.4: སྐྱེས་མཐར་མྱི་འགོག།དེ་ལྟར་མྱི་གནས། དུས་གསུམ་མཉམ་བར
l.r2.5: སྟོང་ཞིང་སྟོང་པ་ཉིད་ཀྱིས་སྟོང༌། སྟོང་པ་ཉིད་ལ་སྟོང་པ་ཉིད་
l.r2.6: མྱི་རྟོག། །བྱུང་ཚོར་ཞི་བའི་རྗེས་ལ་སེམས་དང་ཀུན་གཞི
l.r2.7: འི་བག་ཆགས་རྒྱུ་བ་རྫིང་ཞིབ་ཏུ་བྱུང་བ་ནན་ཀྱིས་གནོན
l.r2.8: ཞིང་།དགག་མྱི་དགོས་ཏེ། ཤེས་རབ་མྱི་དམྱིགས་
l.r3.1: པ་དང། །ཏི་ངེ་འཛིན་མྱི་གཡོ་བ་ཆ་མཉམ་བས་
l.r3.2: ཁད་ཀྱིས་འབྱུང་ཞིང་ཤུགས་ཀྱིས་རང་འགྲོལ་ཏེ།
l.r3.3: མྱི་དམྱིགས་པའི་ཡེ་ཤེས་ལ། བསམ་གྱིས་མྱི་ཁྱབ་པར
l.r3.4: བསྒོམ་མོ།།ལུང་ལས་བསམ་བྱ་བསམ་བར་མྱི
l.r3.5: བྱ་སྟེ། །བསམ་བྱ་མྱིན་བ་འང་མྱི་བསམ་མོ། །སོམས་
l.r3.6: ཤིག་འགལ་བར་མ་སེམས་ཤིག །ཡང་ལུང་ལས།
l.r3.7: ཇེ་ཕུ་ཇེ་ཕུ། ཇེ་ཞི་ཇེ་ཞི། ཇེ་གསལ་ཇེ་གསལ་ཇེ་མཉམ
l.r3.8: དག་ །རྣམ་པར་མྱི་རྟོག་དབྱིངས་ནས་བདག་མྱེད་གསལ
l.r4.1: རྫོགས་སོ།། །།ད་སེམས་བཞག་པའི་ཐབས་བསྟན་པ།།
l.r4.2: སེམས་ཅི་ལྟར་བཞག་པའི་ཚུལ་སེམས་
l.r4.3: ཡེ་ཤེས་ཀྱི་ངང་དུ་གྱུར་པ་དང༌།་ཚོར་
l.r4.4: སེམས་ཀྱིས་འཚོལ་པའི་ཐབས་ལ་མཁས་པ །ངེས་པར
l.r4.5: ལུང་བསྟན་པའོ།།


Section: 2
l.r4.6: ༄། །གསང་བ་སྡེ་གསུམ་དང༌། འགུ་ཡ་ལང་ཀ་ལས་བཏུས་
l.r4.7: མཚན་གཏོར་ཆུང་དུ་གསོལ་ལོ།།
l.r5.1: ༄། །གླེང་གཞི་རང་ལ།སློབ་པོན་གང་གིས་མཛད་པ་
l.r5.2: རྒྱུད་གང་ལས་བཏུས་པ་དང༌། དོན་ཅེད་ཆྀ་ཕྱིར་མཛད་པ།
l.r5.3: མགོ་ཆུག་དུ་དོན་དུས་སྟོན་པ་དང། ཚིག་གི་ལེའུ་མཚམས་སྦྱར
l.r5.4: བ་དང༌། འོ། སློབས་པོན་ནྀ་འབུ་ཏ་ཀུབ་ཏ་དང།ཤི་རྀ་མན་འཇུ་དང།
l.r5.5: ཧུང་ཀ་ར་དང། ཐེག་པ་ཐམས་ཅད་ཀྱི་མོ་རྩེ་ཆོས
l.r5.6: ཐམས་ཆད་ཀྱི་སྙྀང་པོ། དེ་བཞིན་གཤེགས་པ་ཐམས་ཆད་
l.r5.7: ཀྱྀ་ཐུགས་ཀྱྀ་གསང་བ།ཆུམས་ཀྱི་བཅུད། །གསང་སྔགས་
l.r5.8: རྡོ་རྗེ་ཐེག་པ་བཤད་དོ་ཆོས་ཀྱི་ལུགས་ཀྱིས་རྩིས་མགོ་



(DKR)