Section: 1
l.1r.1: ༇།ཿ།ནོར་བདག་ཆེན་པོའི་དུང་ཏུ་རྐུན་པོས་མྱི་ཆུད་པ་དང་རླུང་ཆེ་པོས་སྤྲིན་གྱི་ཆོགས་མང་པོ་གཏོར་བ་བཞིན་ཏུ་ཕྱི་ན་ཅི
l.1r.2: ལོག་གི་རྟོག་པ་ཡང་ནས་ཡང་ནས་ཡང་ཏུ་ཉུང་་ཞིང་འབྲི་བར་འགྱུར་རོ། །རྣལ་འབྱོར་ཆེན་པོ་ལ་འཇུག་པས།།སེམས་གྱི་ངོ་བོ་ཉིད
l.1r.3: རང་བཞིན་གྱིས་མྱི་སྐྱེ་མྱི་འགོག་པར་རང་གིས་རིག་སྟེ། །རྟོག་པ་འདི་དག་ཁྲུལ་པས་བརྟགས་ཙམ་དུ་ཤེས་ན།།
l.1r.4: རྟོག་པའི་ལྷག་མས་ཇི་ཞིག་བྱས་ཏེ། །སེམས་རིམས་གྱིས་མྱི་སྦྱོང་གི་ཅིག་ཅར་སྦྱོང་ངོ། །དེ་ལ་ཉན་ཐོས་དབང་པོ་རྟུལ་པོ་ནི
l.1v.1: མཚན་མའི་ཐབས་ལ་རྟེན་ཏེ། །ཀེང་རུས་དང་བམ་བ་ལ་ཙོགས་པ་ལའོ། །བྱང་ཆུབ་སེམས་དཔའ་ན་མཚན་མ་མྱེད་པའི་ཐབས
l.1v.2: ལ་རྟེན་ཏེ། །རྣམ་པར་ཐར་པའི་སྒོ་གསུམ་ལ་རྩོག་སྟེ། །གཉེན་པོ་གཅིག་གིས་མཚན་མ་ཐམས་ཅན་ཟིལ
l.1v.3: ཀྱིས་གནོན་ཀྱང།།གཉེན་པོ་དེ་ཉིད་ད་རུང་མྱི་སྤོང་ངོ། །དེ་བཞིན་གཤེགས་པའི་རྣལ་འབྱོར་ཆེན་པོ་ལ་འཇུག
l.1v.4: པ་ནི། །ཡེ་ཤེས་གྱི་དབང་དུ་རྒྱས་ལས་ན། །འདུ་ཤེས་སྨིག་རྒྱུ་དང།འདྲ་བའི་གནས་མྱེད་དེ།བརྟགས་པའྀ་ཆོས
l.2r.1: ༇།ཿ།མྱྀ་སྐྱེའོ། །མྱི་སྐྱེ་བས་ན་མྱི་འགོག་གོ། །དཔེར་ན་ཉན་ཐོས་དང་རང་སངས་རྒྱས་གྱི་ཡེ་ཤེས་ནི་མྱེ་ལོང་ཤུབས་སུ་བཅུག་པ
l.2r.2: ལྟ་བུ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་ནི་མྱེ་ལོང་དྲ་བས་བཀྲིས་པ་ལྟ་བུ། །སངས་རྒྱས་གྱི་ཡེ་ཤེས་ནི་མྱེ་ལོང་ཤུབས
l.2r.3: མྱེད་པ་དང་འདྲ་སྟེ། །འཁྲུག་པ་འང་མྱི་མངའ་ལ་ཏིང་ངེ་འཛིན་གྱིས་ཀྱང་མ་བསྒྲིབས་པས་ན་རང་གི་ཡོན་ཏན
l.2r.4: ཡང་མྱི་འགོག་ལ། །སེམས་ཅན་ལ་ཕན་བའི་དོན་ཀྱང་ལྷུན་གྱིས་གྲུབ་བོ། །བསྒོམ་བའི་དོན་ཏུ་མྱི་རུང་བའི་སྐྱོན
l.2v.1: ཏུ་ཅི་ལྟར་བཙལ་ཞེས་ན། །དོན་གཅིག་ལ་བསྒོམ་ཡང་མོ་མོའི་སེམས་མྱི་འཐུན་ཏེ།ལ་ནི་བདེ།ལ་ནི་རྒོད།།།ལ་ནི་རྨྱུགས།།
l.2v.2: ལ་ནི་འདྲེན་མར་འཁྲུགས་པ་ཡོད་དོ། །དེ་ལ་ཐབས་ཀྱིས་བཅོས་ན། །གཅིག་གིས་ཀུན་དང་འཐད་པར་མྱི་འགྱུར་ཏེ།།
l.2v.3: གཉེན་པོ་གྲངས་མྱེད་པས་ན།།སེམས་ཅན་གྱི་སེམས་ལ་འབྱུང་ངོ་ཆོག། །ཅིག་ཅར་བྲིས་མྱི་རྗོགས་ཏེ། །
l.2v.4: ལ་ལ་ལ་དགོས། །ལ་ལ་ལ་མྱི་དགོས་པ། །ལ་ལ་ལ་དགོས་པ་ཡང་ཡོད་དོ། །ཡང་བཤད་པའི་སྣ་མངས་ན། །
l.3r.1: ༄།།ཿ།།སླར་རྟོག་པ་མང་ཞིང་འཁྲུག་པར་འགྱུར་བས།རྣལ་འབྱོར་པ་ཀུན་ལ་སྣ་ཚོགས་མང་པོར་གཅལ་པའྀ་མྱི་རིགས་གྱི། །
l.3r.2: གང་དགོས་པ་ཉྀ་ཙེ་བསྟན་ན་ལེགས་སྷོ།།།སྨན་པས་ནད་པ་གསོའ་བ་དང་འདྲ་སྟེ། །སྨན་པ་མཁས་པས་ནད་པ་ཉིད
l.3r.3: བལྟས་ནས།སྨན་དང་ཆོ་ག་བྱས་ན།དམྱིགས་སུ་ཕེབས་ཤིང་ཕན་བར་འགྱུར་རོ། །སྨན་པ་མཁས་སུ་ཟིན་ཀྱང། །
l.3r.4: ནད་པ་མཐོང་བར་རྒྱང་མར་གསོས་པ་དང།སྨན་པ་མྱི་མཁས་པས།ཐུགས་ཐུབ་ཏུ་སྣམ་དང།ཆོ་ག་བྱས་ན་ཕན་བ་མྱེད་གྱི།།
l.3v.1: སླར་ཐུ་བའྀ་ཉེན་དུ་འགྱུར་བ་བཞིན་དུ་དགེ་བའི་བཤེས་ཉེན་མྱི་ནུས་པས།ཐུགས་ཐུབ་ཏུ་བསྟན་པ་དང་དགེ་བའི་བཤེས
l.3v.2: ཉེན་ཤིན་ཏུ་མཁས་སུ་ཟིན་ཀྱང་སློབ་མ་རབ་དུ་མ་བསྟེན་གྱི་བར་དུ་འོལ་མྱི་བྱིར་བཅོས་པ་ནི་དོན་དུ་མྱྀ་འོང་གི། །
l.3v.3: སླར་ལམ་ལོག་པ་དང།ཆུད་ཟོས་པར་འགྱུར་རོ། །དེ་ལྟ་བས་ན་དགེ་བའྀ་བཤེས་གཉེན་གྱིས་རྣལ་འབྱོར
l.3v.4: བསྒོམ་བ་དེ་དག་ཉེ་བར་བཅར་ཏེ།སྤྱོད་ལམ་དང་སེམས་གྱི་ཚུལ་ཅི་འདྲ་བ་འདྲིས་ལ་ཤིན་ཏུ་རྟོགས་པར་བྱས་ནས། །
l.4r.1: ༇།ཿ།གདོད་སོ་སོར་བཅོས་ན་གདོན་མྱི་ཟ་བར་བསྒོམ་བའི་དོན་དུ་འགྱུར་རོ། །དེ་ལྟར་མ་བྱས་ནི་སེམས་ཅན་དུ་མའི
l.4r.2: ལྟ་ཅི་སྨོས་ཀྱི། །གཅིག་གྀ་སེམས་ལས་འབྱུང་བ་ཡང་ལོ་དང་ཟླ་དང་ཞག་དང་སྔ་དྲོ་དང་ཕྱྀ་དྲོ་དང་ད་གདོད་ནས་འདིའི་བར་དུ་ཡང་ཡར་གྲུས་ཡོད་དེ། །
l.4r.3: རེས་འག་ནི་འབོགས།རེས་འག་ནི་ལྡད་པས་ན། །དགེ་བའི་བཤེས་ཉེན་གྱིས་ཡིད་བསྲིང་སྟེ། །རྣལ་འབྱོར་ཅན
l.4r.4: དེ་དག་གི་སེམས་མྱིག་བཞིན་རིམ་མགྲོ་བྱ།ཞིང་བསྲུང་དགོས་སོ། །དེ་ལ་ལ་ལ་ནི་ཐོག་མར་འགོ་ཞིང་རུང་བར་འདྲ་ལ་ཕྱིས
l.4v.1: ལྡོག་ཅིང་མ་ཆུང་པ་ཡོད།ལ་ལ་ནི་ཐོག་མ་འགོ་དཀའ་ཞིང་མྱི་ནུས་ཕ་འདྲ་ལ།ཐ་མར་བརྩོན་ཞིང་དོན་ལ་མཁས་པ་ཡང
l.4v.2: ཡོད་དེ། །ཆུང་ཟང་ཙམ་གྱིས་དྲོད་མྱི་འཟིན་ཏོ། །རྟོག་པའི་ཆ་ཤས་གང་ལ་ཆེ་བ་དེ་གཉེན་པོས་དེ་དག་གི
l.4v.3: ཉེན་སོ་སོར་བཅོས་ཀྱང་། །ཐ་མར་དོན་བསྒོམ་བ་གཅྀག་ཏུ་ཟད་དེ།རྟོག་པ་བྱང་བའི་བདེ་བ་ནི་རོ་གཅིག་གོ། །
l.4v.4: ནད་ཐ་དད་པ་ལ་སྨན་སོ་སོར་བཏང་ཡང།སོས་པའྀ་བདེ་བ་ནི་ནད་ཐམས་ཅད་ལ་ཉམས་གཅིག་པ་དང་འདྲའོ། །
l.5r.1: ༇།ཿ།འོན་ཀྱང་ཐབས་ཀྱིས་བཅོས་པ་ནི་རྟོག་པ་གཅིག་ཡོངས་སུ་བྱང་དུ་ཟིན་ཀྱ།དེ་མ་ཡིན་བའི་རྟོག་པ་གཞན
l.5r.2: རིམས་ཀྱིས་སྦྱང་དགོམ་པས་བསམ་གཏན་བརྒྱད་ལྟ་བུ་ཡང་གཅིག་གིས་མྱི་འགྲུབ་སྟེ། །མཐར་ཀྱིས།
l.5r.3: འཇུག་པ་ཡན། །རྟོག་པ་སྣ་ཚོགས་ལ་གཅིག་ནས་སྦྱོང་བ་ནི་ས་ཆེན་པོ་འདིའི་རྟུལ་ཕྲ་མོ་འབྲུས་བགྲང
l.5r.4: བ་དང།མཚུངས་སོ། །ཡང་སེམས་གྱི་ངོ་བོ་ཉིད་ཇི་འདྲ་བ་མ་རིག་པར་གཉེན་པོ་གཅིག་གིས་ཅིག་ཅར་བཀག
l.5v.1: པ་ནི་མྱི་ཕན་ཏེ་ཉན་ཐོས་དང་རང།སངས་རྒྱས་གྱི་འགོག་པའི་ཏིང་ངེ་འཛིན་ཀྱིས་སེམས་ཆེ་ལོང་རིངས་ཆོས་སུ
l.5v.2: བཀབ་ཀྱང་བག་ཆགས་ཕྲ་མོ་བམས་གྱིས་མྱི་ཁྱབ་པ་རྒྱུ་བཞིན་བས་ན།སྐྱེ་ཤི་མ་ཟད་པ་ཡིན་ནོ། །
l.5v.3: ཉན་ཐོས་སེམས་ལ་དངོས་པོ་ཡོད་པར་འདོད་པ་ཡང་རྟུལ་ཕྲ་མོ་བརྒྱད་ཆ་གཅིག་ཀྱང་རུང་སྟེ།གང་ལ་དམྱིགས
l.5v.4: པ་དེས་མཚན་མ་གཞན་ཐམས་ཅད་ཆོད་པར་ནུས་པའི་ཕྱིར་རོ། །དེ་ནི་གཟུགས་ཡོད་པས་གཞན་ལ་བསྒྲིབས་པ་མ་ཡིན་གྱི།།
l.6r.1: ༇།ཿ།སེམས་ནི་གཅིག་ལས་གཉིས་སུ་བྱེད་པས་ན། །གང་ལ་དམྱིགས་པ་དེའི་ཚེ།གཞན་ལ་དམྱིགས་པར་མྱི
l.6r.2: འགྱུར་བའི་ཕྱིར་རོ། །དེ་སྟེ་སྟོང་པ་ཉིད་ལ་དམྱིགས་ན་ཡང་རྟོགས་པ་དེ་མྱིང་པ་དེ་མྱིང་དང་མཚན་མ་གཞན་ལ་བསྒྲིབ་ནུས་ཀྱང།
l.6r.3: དེ་ཉིད་མཚན་མ་མྱེད་པ་ཡིན་བས་མཚན་མ་མྱེད་པ་ལ་བསྒྲིབ་མྱི་ནུས་པས་ན། །མཚན་མ་ནི་ཡོད་པར་མཐོང
l.6r.4: བའི་སྒྲིབ་པ། །སྟོང་པ་ནི་མྱེད་པར་མཐོང་བའི་སྒྲིབ་པ་སྟེ། །བྱང་ཆུབ་དང་ཉན་ཐོས་རྣམས་གྱི་མཆོག་གི་ཡེ་ཤེས་ལ་བར་ཏུ
l.6v.1: གཆོད་པའོ། །རིམས་གྱིས་སྦྱོར་བ་ནི་ཕྱི་རོལ་གྱི་ཡུལ་སྟོང་པར་བྱ་བ་ནས། །ནང་གི་སེམས་མཚན་མ་སྦོམ་པོ་ནས་རིམས
l.6v.2: གྱིས་སྤངས་ན།ཐ་མ་མཚན་མ་མྱེད་པ་ལ་ཐུག་པར་བྱ་བ་ཡང་རང་གིས་རིག་པའི་བདེ་བ་ཐོབ་གྱི་བར་དུ་འདི་ལྟར་མྱི
l.6v.3: བྱར་མྱི་རུང་མོད་གྱི། །ཡུན་རིང་པོ་ནས་ལོག་པས་བརྟགས་པའྀ་གྲངས་མངས་ལ་སྦྱོང་བ་དེ་ཉིད་ཀྱང་ད་དུང
l.6v.4: སེམས་ལ་རྟོག་པས་འདི་ནི་བསྐལ་པའི་མཐའ་ཞིག་ན་ཟད་གྲང་ན།དེའི་བར་དུ་ལྟུང་བའི་དགྲ་ཡོད་པས་གདོན་ཟས་ཏེ། །
l.7r.1: ༇།ཿ།དེ་ལྟར་བུལ་ལོ། །ཅིག་ཅར་སྦྱོང་བ་ནི་ཕྱི་རོལ་གྱི་སྣང་བ་ཐམས་ཅད་སེམས་ཙམ་དུ་ཤེས། །ནང་གི་སེམས་ལོག་པ
l.7r.2: འི་རྟོག་པས་བརྟགས་པ་ཙམ་དུ་ཟད་གྱི། །དངོས་པོ་མྱེད་པར་མཁས་ནས་དེ་གཉིས་སྟོང་པ་ཉིད་དུ་བྱས་ཀྱང།།
l.7r.3: ཐམས་ཅད་གྱི་ཐམས་ཅད་དུ་མྱེད་པ་མ་ཡིན་ཏེ། །ཆོས་ཉིད་གྱི་སངས་རྒྱས་ནི་སྐྱེ་བ་དང་འགོག་པ་ལས་འདས་ཕ
l.7r.4: མྱི་འགྱུར་ཉིད་དུ་རང་གིས་རིག་པ་ནི་ནང་ནས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཅིག་ཅར་སྦྱོང་བས་ན་ཕྱིར་མྱི་ལྡོག་སྟེ།
l.7v.1: མྱར་བ་ཡིན་ནོ། །དེ་ལྟ་བས་ན་ཆུང་དུ་ན་གླེན་བ་གང་གིས་དམྱིགས་པའྀ་ལོག་པའི་མཚན་མ་ནས་བཟུང་སྟེ། །མྱ་ངན་ལས
l.7v.2: འདས་པ་ཆེན་པོའི་བར་དུ་སྤྱིར་བསམ་ནས། །སེམས་དང་སེམས་ལས་བྱུང་བའྀ་ཆོས་ཐམས་ཅད་སྐྱོན་ཏེ། །
l.7v.3: རྣལ་འབྱོར་ཆེན་པོ་པའྀ་དོན་མ་ཡིན་ནོ། །དེ་བཞིན་གཤེགས་པའི་བསམ་གཏན་ནི་མཚན་མ་ཡོད་པ་དང།
l.7v.4: མྱེད་པའི་ཐབས་ལ་མྱི་རྟོག་པར་རྟོག་པ་ཐམས་ཅད་ཟིལ་གྱིགནོན་པ་འཕགས་པར་གིས་རིག་པའི་ཡེ་ཤེས་གྱི་རྗེསུ
l.8r.1: ༇།ཿ།འགྲོ་བསྟེ་གནས་ངན་པའི་བག་ཆགས་དང།བྲལ་བ་།སངས་རྒྱས་གྱི་བྱིན་ཀྱིས་བརླབས་པ་ལ་འཇིག་རྟེན་གྱི་རྩི
l.8r.2: ཤིང་སྐྱེ་བ་དང་རོལ་མོ་རྒྱུད་སྦྱར་བལྟར་རིམས་ཀྱིས་མ་ཡིན་གྱི། །མྱེ་ལོང་གི་ངོས་གྱི་གཟུགས་བརྙན་དང་ཉི་མའྀ
l.8r.3: དཀྱིལ་འཁོར་འཛམ་བུ་གླིང་དུ་སྔ་ཕྱི་མྱེད་པར་འཆར་བ་ལྟར་བག་ཆགས་ཅིག་ཆར་སྦྱོང་བ་ཡོད་དོ་ཞེས། །
l.8r.4: ལུང་ཀུན་ལས་ཀྱང་གསུངས་པ་ཡིན་ཏེ།བྱང་ཆུབ་སེམས་དཔའས་མྱྀ་སྐྱེ་བའྀ་ཆོས་ལ་བཟོད་པ་ཐོབ་ནས། །བདག
l.8v.1: དུ་ལྟ་བ་ནས་མཆོག་གི་ཡེ་ཤེས་གྱི་བར་དུ་ཐོབ་པ་ཡང་མྱེད་མ་ཐོབ་པ་ཡང་མྱེད་པའི་ཕྱིར་ཤེས་རབ་གྱི་ཕ་རོལ་དུ་ཕྱིན
l.8v.2: ཕྱིན་པ་ལ་གནས་ཏེ་མྱོད་དོ། །ཡང་བར་ཆར་བྱེད་པ་ལ་ལ་ཞིག་ན་རེ་བྱང་ཆུབ་གྱི་སྤྱོད་པ་ནི་བདག་མྱ་ངན
l.8v.3: ལས་མྱི་འདའི། །སེམས་ཅན་མ་ལུས་པ་སྔར་སྒྲོལ་ན། །ཁྱོད་གཞན་གྱི་དོན་བཏང་སྟེ། །གཅིག་པུ་ཐུབ
l.8v.4: པ་ལ་ཞུགས་པས་ཇི་ཞིག་བྱསྟེ། །ཉེས་དང་ཐེག་པ་གཉིས་དང་མུ་སྟེགས་ཅན་དག་གི་ལམ་དུ་ལྟུང་དུ་འོང་ངོ་ཞེས
l.9r.1: ༇།ཿ།ཟེར་ན། །ཐེ་ཙོམ་མ་སྐྱེ་ཤིག། །སྦྱིན་བ་ཙམ་ནི་ངན་འགྲོ་ཡང་ཤེས། །ཚུལ་ཁྲིམས་དང་བསམ་གཏན་ལས
l.9r.2: སྩོགས་པའི་དགེ་བ་དག་ན་ཉིན་ཐོས་དང་མུ་སྟེགས་བྱེད་རྣམས་ཀྱང་སྤྱོད་མོད་གྱི། །ད་དུང་དམུས་ལོང་དང
l.9r.3: འདྲསྟེ། །དེ་དག་གྀ་ལམ་གང་གིས་ཀྱང་ཆོས་ཉིད་གྱི་སྐུ་དང་བདག་མྱེད་པའྀ་ཡེ་ཤེས་ཐུགས་སུ་ཆུད་པར
l.9r.4: མྱྀ་ནུས་སོ། །དེ་མ་ཆུད་པས་ན་སྲིད་པ་གསུམ་དུ་འཁོར་རོ། །དེ་ལྟར་འཁོར་བས་ན་བདག་ཀྱང་མྱི་ཐར་ན།གཞན་ལ་ཕན
l.9v.1: བའི་དོན་ཆེད་པོ་མྱི་ནུས་པར་མངོན་ནོ། །ལྟས་སྣ་ཚོགས་འབྱུང་བ་དག་ལ་ཇི་ལྟར་བརྟག་ཆེ་ན་།རྣལ་འབྱོར་ཆེན་པོ་པ
l.9v.2: འྀ་མྱིག་ལམ་དུ་སྣང་བ་ཞིག་བྱུང་ན། །སངས་རྒྱས་དང་བྱང་ཆུབ་གྱི་སྐུ་ཡང་རུང། །གནོད་སྦྱིན་དང་ཡག
l.9v.3: ཤའི་གཟུགས་ཀྱང་སྟེ། །སྣང་བ་ཐམས་ཅད་དྲི་ཟའི་གྲོང་ཁྱེར་དང།འདྲ་བ་ལ་ཡོན་ཏན་དུ་བལྟ་བ་དང།
l.9v.4: འཇིགས་པ་བསྐྱེད་པའྀ་མྱི་རིགས་སོ། །དེ་ལྟ་བུ་ཞིག་བྱུང་བ་ལ་བདག་གིས་ཆེན་མོ་ཞིག་ནུས་པས། །སྤྲུལ་པའི
l.10r.1: ༇།ཿ།སྐུ་མཐོང་ཞིང་ལྟས་གྱི་ཆོ་འཕྲུལ་བྱུང་ངོ། །དེ་ལས་དཔགས་ན་འཕགས་པའི་གྲལ་དུ་ཆུད་དོ་ཞེ་འམ། །གྲུབ
l.10r.2: པའི་ལྟས་ཡིན་ནོ་སྙམ་དུ། །ང་རྒྱལ་སྐྱེ་སྟེ་དེ་ལ་ཆགས་ན། །སངས་རྒྱས་གྱི་མཆོག་གི་ཡེ་ཤེས་ལས་ཉམསྟེ། །
l.10r.3: རྣལ་འབྱོར་ཆེན་པོ་པ་ལ་བདུད་ཀྱིས་གླགས་རྙེད་པར་འོང་ངོ། །ཡང་རྣལ་འབྱོར་པ་ལ་ཞིག་སངས་རྒྱས་མངོན་དུ
l.10r.4: མཐོང་བར་འདོད་པའྀ་སེམས་ཉེ་བར་བཞག་ན་། །སངས་རྒྱས་གྱི་བྱིན་རླབས་བསམ་བ་ཡོངས་སུ་འགེངས་པའྀ་ཕྱིར། །
l.10v.1: སངས་རྒྱས་གྱི་སྐུའྀ་གཟུགས་བརྙན་ཡང་རབ་དུ་འཆར་རོ། །འོན་ཀྱང་སངས་རྒྱས་གྱི་སྐུ་ནི་སྐྱེ་འགོག་མྱེད་པ་ཡིན་ན། །
l.10v.2: བདག་གིས་མཐོང་བ་འདི་དག་ཐམས་ཅད་རང་གི་སེམས་སྣང་བ་ཙམ་དུ་ཟད་པས་རྨྱི་ལམ་དང་འདྲ་བའྀ་ཕྱིར་མྱི
l.10v.3: ཆགས་པར་བྱའོ། །དེ་ལྟ་བས་རྣལ་འབྱོར་པ་ལ་སྐུའི་གཟུགས་བརྙན་མྱི་འཆར་བ་དང། །ལྟས་མྱི་འབྱུང་ངོ་
l.10v.4: ཆོག་ལེགས་པར་ཡང་མྱི་ཆུད། །དེ་ཅིའྀ་ཕྱིར་ཞེ་ན་སྐྱེ་བོ་སོ་སོར་འགྲོ་བ་ལོག་པའྀ་རྟོག་པས་དཀྲུགས་པ་ཀུན་ལ་འདི
l.11r.1: ༇།ཿ།ལྟ་བུ་མྱི་སྣང་ཡང་དེ་དག་དེ་བཞིན་གཤེགས་པའི་བསམ་གཏན་དང་འཐུན་བ་མ་ཡིན་གྱི། །ལས་གྱི་སྒྲིབ་པ་ཆེ་བའྀ
l.11r.2: ཕྱིར་རོ། །དཔེར་ན་གཉི་ཟླའི་གཟུགས་བརྙན་ཡང་རྒྱ་མཆོ་དང་འབབ་ཆུ་དང།བའི་ནང་དུ་སྣང་གི། །ཁམ་བྲག་དང་དབའ
l.11r.3: ཀློང་ལ་མྱི་འཆར་བ་བཞིན་ནོ། །ནང་དུ་ཐུབ་པ་ལ་ཞུགས་པ་ཡང་མཆོག་དང་བར་མ་དང།ཐ་མའྀ་བྱེ་བྲག་མྱི་འཐུན
l.11r.4: ཏེ། །ཐུབ་པ་ལ་བརྩོན་བ་དག་ལ་བྱུང་ན་ནི།སླར་སྐྱོན་དུ་བརྩིའ། །བར་མ་དག་ལ་བྱུང་ན་ནི་རུང་བའི་རྟགསུ་བལྟའོ། །
l.11v.1: གཡེང་བའི་རྣམས་ལ་ནི་ལྟས་མྱི་སྣང་ན་དེ་ཡང་སླར་སྐྱོན་དུ་བརྩི་བ་ཡོད་པས།ལྟས་བྱུང་ངོ་ཆོག་ཡོན་ཏན་ནམ་སྐྱོན་གཅིག
l.11v.2: དུ་ཆད་པར་མ་ངེསྟེ། །མཁན་ཕོ་དགེ་བའི་བཤེས་ཉེན་གྱིས། །སེམས་གྱི་རྒྱུད་དང་སྤྱོད་ལམ་དང་བསྒོམ་བའི་ཡོན
l.11v.3: ཏན་ལས་བྱེ་བྲག་དབྱེ་དགོས་སོ། །ཡོང་མཚན་མ་བྱུང་བ་ནི་རྩེ་གཅིག་པ་དང་གལ་ཏེ་མྱི་རྟོག་པས་རང་གི་སེམས
l.11v.4: ཡོངས་སུ་སྦྱོང་ལ། །སངས་རྒྱས་དང་བྱང་ཆུབ་མཐོང་བ་དང།རྟགས་དག་ཀྱང་འོང་དུ་རེ་བ་རྣམས་ལ་འབྱུང་ངོ། །
l.12r.1: ༇།ཿ།རྣལ་འབྱོར་ཆེན་པོ་པ་ཐོབ་པར་རེ་བ་མྱེད་པ་ཅི་ཡང་མྱི་གནས་པའི་རྣམས་ལ་སྒྱུ་མ་སྣང་བའི་གཞི་མྱེད་དེ།འདུལ་བའྀ
l.12r.2: རྐྱེན་མ་ཡིན་བ་ལ་སྟོན་པ་འཁྲུལ་པ་དག་སངས་རྒྱས་མྱི་མཛད་པར་མངོན་ཏེ། །གཞན་གྱི་གཟུགས་བརྙན་དང། །
l.12r.3: མཚན་མ་སྣ་ཚོགས་གྱི་རྣམས་ལ་སེམས་ལ་ལྟ་བའྀ་ཚེ་།ཆུང་ཟད་ཀྱང་མྱི་མཐོང་བའྀ་རིགས་སོ། །བརྒྱ་ལ་འདི
l.12r.4: ལ་ཡང་ང་དེ་ལྟ་བུ་ཞིག་མཐོང་བར་གྱུར་ན། །དེ་བཞིན་གཤེགས་པའི་བསམ་གཏན་ལས་ཉམ་སྟེ། །བསམ་གཏན་གཞན
l.12v.1: དང་འདྲེས་སམ། །མ་ན་བདུད་ཀྱིས་གླགས་སྣང་བའྀ་ཕྱིར་འབྱུང་གིས། །སངས་རྒྱས་དང་བྱང་ཆུབ་གཟུགས་ནས་རི་རབ
l.12v.2: དང་རྒྱ་ཚོ་དང་པད་མོ་དང་འོད་ལས་སྩོགས་པ་ལྟས་ཅི་བྱུང་ཡང་དེ་ལ་ཆགས་པར་མྱི་བྱ་འྀ།མཆོག་གི་ཡེ
l.12v.3: ཤེས་གྱྀ་མྱེས།ཏིང་ངེ་འཛིན་གྱི་འབྲས་བུ་ལས་བྱུང་བ་དེ་དག་བསྲེག་པར་བྱའོ། །ཇི་ལྟར་ན་དེ་བཞིན་གཤེགས་ཕ
l.12v.4: བསམ་གཏན་མ་ནོར་བ་ཡིན་ཞེ་ན་། །རྣལ་འབྱོར་ཆེན་པོ་ལ་འཇུག་པ་ནི་མཆོག་གི་ཡེ་ཤེས་གྱི་སེམས་རྗེསུ་མྱི་མཐོང། །
l.13r.1: ༇། །ཆོས་གྱི་སྐུས་ཕུང་པོ་རྗེས་སུ་མྱི་མཐོང། །སེམས་དང་ཕུང་པོ་ལས་གཞན་བའི་དངོས་པོ་གུད་ནས།
l.13r.2: བཙལ་བ་ཡང་རྗེས་སུ་མྱི་མཐོང། །མཆོག་གི་ཡེ་ཤེས་ཀྱིས་ཡེ་ཤེས་ཉིད་ཀྱང་རྗེས་སུ་མྱི་མཐོང། །
l.13r.3: ཆོས་གྱི་སྐུས་ཆོས་གྱི་སྐུ་ཉིད་ཀྱང་རྗེས་སུ་མྱི་མཐོང། །སྟེ།མཐའ་ཐམས་ཅད་ལས་འདས་པ་ནི་སྲིད་པ
l.13r.4: གསུམ་གྱི་ཆོས་དང་མྱི་གཅིག་པར་རིག་པར་བྱའོ། །སྐྱེ་བོ་སོ་སོའི་འགྲོ་བ་སྐྱེ་བར་རྟོག་ཅིང།སྐྱེ་བ་ལ
l.13v.1: གནས་སོ། །ཉན་ཐོས་དང་རང་སངས་རྒྱས་ནི་སྐྱེ་བ་ལ་མྱི་གནས་སྟེ། །འགོག་པ་ལ་གནས་སོའ། །
l.13v.2: བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་མྱི་སྐྱེ་མྱི་འགོག་པ།འཕགས་པ་རང་གིས་རིག་པའི་ཡེ་ཤེས
l.13v.3: ལ་བདེ་བར་གནས་སོ། །དེ་བཞིན་གཤེགས་པའྀ་མཆོག་གི་ཡེ་ཤེས་ནི་འཕགས་པ་རང་གིས་པའྀ་བདེ
l.13v.4: བ་དང་མྱི་སྐྱེ་མྱི་འགོག་པར་ཆུད་པའྀ་ཆོས་གྱི་བཟོད་པ་ལ་ཡང་མྱི་གནས་པས་ན། །འདི་ནི་བྱང་ཆུབ་སེམས་དཔའྀ
l.14r.1: ༇།ཿ།ཏིང་ངེ་འཛིན་ནས་བཟུང་སྟེ།ཉན་ཐོས་དང་མུར་འདུག་གི་འགོག་པ་དྲོད་དང་སྤྱི་བོ་དང།དེ་མ་ཐག་པ་ཡང་རུང། །
l.14r.2: ལྷ་དང་མྱི་སེམས་སྣང་བའི་ཡུལ་ཐམས་ཅད་ཀྱི་ནང་ནས་འདྀ་མྱི་སྐྱེ་མྱི་རྙེད་རྒྱུས་མ་བསྒྲུབས་འབྲས་བུ་ཐོབ་པར
l.14r.3: བྱ་བར་མ་ཡིན་གྱིས། །རྣལ་འབྱོར་ཆེན་པོ་ལ་བརྩོན་བས། །ཆོས་དང་ཆོས་མྱེད་པ་ཐམས་ཅད་ཀྱི་
l.14r.4: ནང་དུ་མ་ཚོལ་བར།དེ་ལས་གོང་དུ་གྱུར་པ་།དེ་བཞིན་གཤེགས་པས་བདག་མྱེད་པར་ཐུགསུ་ཆུབ་པ་དེའི་ཚུལ་ཅི་འདྲ་བ། །
l.14v.1: བློའི་ཤུགས་ཆེན་པོས་རིག་པར་བྱའོ།།  ཿ  ༜  ཿ   །།དང་ཞུས།
l.14v.2:                                  །།རྫོགས་སྷོ།།


Section: 2
l.15r.1: ༇།ཿ།ལིང་ཀའི་(ལང་གའི་)མཁན་ཕོ་(པོ)དང་སློབ་མའི་མདོ་བམ་ཕོ་(པོ)གཅིག་གོ།།  །།ཐོག་མ་གཅིག་སྟེ། ཁིའུ
l.15r.2: འད་བར་ཏ་རས་(ཡོན་ཏན་བཟང་པོ་)བཤད་ཕཱ(པ)། །རྒྱ་རྗེ་སོང་གི་ཚེ་ན། རྒྱ་གར་གྱི་དབུས་གྱི་ཡུལ་ནས། ཆོས་གྱི་མཛོད་གསུམ་གྱི་མཁན་པོ་ཁིའུ
l.15r.3: འད་བར་ཏ་ར། །ཐེག་པ་ཆེན་པོ་ལ་མཁས་པར་ཤེས་པ། །མཁན་པོ་མ་ཧཡན་ཞེས་བྱ་བཱ། །ལོའི་མྱིང་འགྭན་ཀྭ
l.15r.4: ཞེས་བྱ་བཱ། །ལོ་གཅིག་ལ་གྲུ་ཆེན་པོར་ཞུགསྟེ། །ཀྭང་ཅུར་ཕྱིན་ནས། །རྒྱ་རྗེ་སྩོགས་ཏ་ཆོས་ཏན་ཡང་ཅུན་ཏུ་བསྩུསྟེ། །
l.15v.1: ལིང་ཀའི་ཆོས་གྱི་ཡི་གེ་བསྒྱུར་ནས། །རྒྱ་རྗེའི་སྲས་དང་ཀོང་ཅོ་ཁྱིམ་ནས་བྱུང་བ་དང༌། །མ་བྱུང་བས་བསམ་གཏན་བསྟན་པའྀ
l.15v.2: སྒོ་དབྱེ་བར་གསོལ་ནས། །བར་ཏ་རྒྱའི་སྐད་མྱི་ཤེས་ཏེ། །སྙིང་ལ་ཆགས་ནས། །མཚན་མོའི་རྨྱི་ལམ་ན། །རལ་གྱྀས་(གྲིས)
l.15v.3: མགོ་བཅད་དེ། །བརྗེས་པ་སྙམ་བྱེད་ནས། །བསམ་གཏན་བསྟན་པྀའ་སྒོ་ཕྱེ་ན། །ཆོས་གསུམ་གྱི་མཁན་པོ་ན་
l.15v.4: རེ། །ཡུལ་འདི་ཤར་ཕྱོགས་ན་འདུག་པས་ལས་སྤྱད་དུ་ཆོས་མྱེད་པས་ན། །ལ་ལ་ནི་ཐེག་པ་ཆུང་ངུ་དང༌།
l.16r.1: ༇།ཿ།ཐེག་པ་གཉིས་གྱི་ཆོས་སུ་ལྷུང༌། །ལ་ལ་ནི་མུར་འདུག་པ་རྣམ་པ་དགུ་བཅུ་པ་ལྔའི་ཆོས་གྱི་ནང་དུ་ལྷུང༌།
l.16r.2:  །ལ་ལ་ནི་ལྷ་མ་སྲིན་གྱི་ལམ་དུ་ལྷུང་སྟེ། །མྱྀའོ་ཆོག་གི་ལེགས་ཉེས་གྱི་དོན་ལ་བརྟགས་ན། །དེ་ན་རེ་བསམ་བཏན་
l.16r.3: གྱི་ནང་ནས་མཐོང་བ་འདྀ་ནི་ཉོན་མོངས་པའྀ་དོན་ཆེན་པོ་སྟེ། །གདོན་ཆེན་པོ་བདག་ཀྱང་བྱིང༌། །གཞན་ཀྱང་བྱིང༌། །
l.16r.4: ངས་དེ་ལྟ་བུ་ལ་སྩོོགས་པ་བསྐལ་པ་ཡུན་རིང་དུ། །ལྷ་མ་སྲིན་གྱི་ལམ་ན་འདུག་ཅིང༌། །ཡུན་རིང་དུ་སྐྱེ་ཤིས་སྙོན་
l.16v.1: སྨོངསྟེ(ཉོན་མོངསྟེ།) །གྲོལ་ཐར་མ་ཐོབ་པ་སྙིང་རྗེའོ། །ལ་ལ་ནི་སྒྱུ་མའི་སྔགས་གྱི་ཆོས་གྱི་ནང་དུ་ལྷུང་སྟེ། །ལྷ་མ་སྲིན་མངག
l.16v.2: ཅིང༌། །ཁོང་གཞན་གྱི་ད་རུང་མ་འོངས་པའི་དོན་ལ་ལྟ་བ་ཀུན་དེ་ལྟ་བུ་ཡིན་ནོ། །མྱི་ཕལ་ཐ་མལ་པ་ལོང་བ
l.16v.3: བསླད་པས་མྱི་ཤེསྟེ། །འཕྲུལ་གྱི་ཆོས་དེ་ལྟ་འོ་ཞེས་ཟེར་ཏེ། །ཀུན་བཏུལ་ཕབ་ནས། །ཕྱོགས་ཤིང
l.16v.4: སྟེན་དུ་བཅུགསྟེ། །མཐའ་ཡུན་གྱི་ཆོས་ཡིན་དུ་འཛིན་ཏོ། །ལྷ་མ་སྲིན་དང་འདྲེ་གདོན་ཡོད་པའི་ཆོས་ཡིན
l.17r.1: ༇།ཿ།ཡིན་བར་མྱི་ཤེས་པ་དེ་ཤིན་ཏུ་སྡུག་གོ། །ངའི་དབུས་གྱི་ཡུལ་ན་ཡང་དག་པ་དྲང་པོའི་ཆོས་གསང་བ་ཡོད་དེ་མ་བརྗོད་དོ། །བདམསྟེ
l.17r.2: རྒྱུ་དང་དབང་པོ་སྨྱིན་བ་ཡོད་ན་ནི། །ལམ་ཀར་ཕྲད་པའི་མྱི་འཛངས་(མཛངས་)པ་ལ་ཡང་བསྟན་ཅིང་སྦྱིན་ནོ། །དབང་པོ་མ་སྨྱིན་པ་ནི་ཕ་བུ་ཡང
l.17r.3: གཅིག་ལ་གཅིག་མྱི་བསྟན་ན། །ཡིད་ཐ་དད་པ་ལྟ་སྨོས་ཀྱང་ཅི་དགོས།ཿ།ཿ།ལིང་ཀའི་ཆོས་གྱི་ཡི་གེ་ན་རེ་སངས་རྒྱས་
l.17r.4: རྣམས་གྱི་སེམས་ནི་རང་གི་མཆོགསྟེ། །ངས་ཆོས་བསྟན་པ་ནི་སེམས་མྱི་ལྡང་བའི་གནས་ཡིན་ནོ། །ཆོས་དེས་ནི་ཐེག་པ་གསུམ་ལས་
l.17v.1: འཕགསྟེ་རྒལ་ཏོ། །ས་བཅུ་ལས་འདས་ནས་མཐའ་ཡུན་གྱི་སངས་རྒྱས་གྱི་འབྲས་བུའྀ་གནས་འདི་ཡིན་ནོ། །ཅི་ནས་ཀྱང་
l.17v.2: སེམས་ཐུབ་ཅངྀ་བདག་ཤེས་པར་རུང་གི །གྱི་ན་བྱ་ཞིང་གཞན་ལ་སྦྱིན་དུ་མྱི་རུང༌། །སེམས་མྱེད་པས་ནི་ཡང་དག་པའྀ་
l.17v.3: ཤེས་པ་དགོས། །དྲན་བ་མྱེད་པས་ནི་ལུས་བདེ་བར་བྱསྟེ། །དབེན་བར་མྱི་གཡོ་བར་འདུག་ལ་ཕྱི་མོ་བསྲུངས་ཤིང་
l.17v.4: ཡང་དག་པ་ལ་ཕྱོགས་སོ། །ངའི་ཆོས་གསང་ཞིང་གཅེས་པ། །ཐ་མལ་པ་བླུན་པོ་ཤེས་པ་མྱི་ཟབ་པས་བརྗོད་དུ་མྱྀ་རུང་ངོ༌། །
l.18r.1: ༇།ཿ།ཇི་(ཅི)ནས་ཀྱང་ལེགས་པའི་དཔལ་སྡུད་པའི་མྱིས་ན། །གདོད་མནོད་ཅིང་སྤྱད་ནུས་སོ། །མྱི་ཤེས་པ་ནི་བརྒྱའི་ནང་དུ་ཡང
l.18r.2: བརྒྱ་ཡོད་དོ། །ཤེས་པ་ཡོད་པ་ནི་བརྒྱའི་ནང་ན་ཡང་གཅིག་ཡོད་དོ། །སངས་རྒྱས་བྱ་བར་སེམས་ན་སྔར་སེམས་བདེ་བར
l.18r.3: བྱ་དགོས་སོ། །སེམས་མྱི་བདེ་ན་དགེ་བ་ཡང་དགེ་བ་མ་ཡིན་ན། །ངན་པ་སེམས་ལྟ་སྨོས་ཀྱང་ཅི་དགོས། །སེམས
l.18r.4: བདེ་ཞིང་མྱི་གཡོ་ན། །ལེགས་ཉེས་གཉིས་ཀ་བྱེད་པ་མྱེད་དོ། །སྡོང་པོས་བརྒྱན་པའྀ་མདོ་ལས་ཆོས་གཅིག་གིས་གཅིག་
l.18v.1: མྱི་མཐོང༌། །ཆོས་གྱིས་ཆོས་མྱི་ཤེས་སོ། །ཡུལ་འདིར་ཕྱིན་ནས་ཆོས་ལམ་སྤྱོད་པའི་མྱིང་ཡང་མ་མཐོང་ན་སེམས་བདེ་བར་
l.18v.2: འདུག་པ་མྱེད་པ་ལྟ་སྨོས་ཀྱང་ཅི་དགོས། །བར་བར་མྱི་གཅིག་འགའ་ཙམ་ལས་བྱེད་པ་མཐོང་ན། །ཆོས་ལམ་དང་མྱི
l.18v.3: འཐུན་ (མཐུན་)ཏེ། །ལ་ལ་ནི་མྱིང་སྙན་པ་ཐོས་པ་བྱ་བའི་ཕྱིར། །ལ་ལ་ནི་གསོ་བའྀ་ཁེའྀ་ཕྱིར། །ལ་ལ་ནི་གང་ཟག་དང
l.18v.4: བདག་གྀ་ཕྱིར་ཏེ། །སེམས་ལ་ཕྲག་དོགས་བྱེད་དོ། །ཇི་ལྟ་བུར་ན་ཕྲག་དོགས་ཆེར་བྱས་ན། །ཆོས་ལམ་དང་མྱི་འགལ་བ་ལ་ལ་
l.19r.1: ༇། །ཞིག་གིས་ཆོས་ལམ་སྤྱད་དེ། །གཞུང་ཁོང་དུ་ཆུད་ནས་སྤྱོད་ཅིང་ཤེས་པའི་གནས་མཐོན་པོར་ཕྱིན་ན། །མྱི་ལ་ལ་ཕྱོགས
l.19r.2: ཤིང་རྟེན་ཏེ། གསོའ་བའྀ་ཁཱེ་ཆུང་(ཅུང)ཟད་ཐོབ་ན། །དེ་ལ་ཕྲག་དོག་སྐྱེས་ཏེ། །ཡིད་ལ་སྡང་ཞིང་མྱི་སྡུགསྟེ། །བདག་དེ་ལས་
l.19r.3: ལྷག་པར་ཤེས་པ། །འདོད་པར་འཛིན་པ། དེའི་མྱིང་ཕྲག་དོག་ཅེས་བྱའོ། །ཤེས་རབ་རིག་པ་ཡོད་དེ་ཉིན་མཚན་དུ་སྤྱོད
l.19r.4: པའྀ(པ)་རྣམས་འགྲུས་པར་སྤྱད་པས། མྱ་ངན་ཆོད། དེས་འགགས་ཤིང་ཐོགས་པའྀ་ རྣམས་བསལ་མོད་ཀྱི། །ཆོས་ལམ་ནི་བསྒྲིབས། །
l.19v.1: བགེགས་པ་ནི་སོ་སོ་ནས་གཡོསྟེ། །བདེ་ཞིང་མྱི་གཡོ་བར་མྱི་རུང་བས་ན། །མྱིང་ཆོས་སྤྱོད་ཅེས་བྱ་འི། མྱིང་སེམས་བདེ་ཞེས་མྱི
l.19v.2: བྱའོ། །ལ་ལ་ཕ་རོལ་དུ་ཕྱིན་པ་དྲུག་དང ། ཆོས་འཆད་པ་དང ། བསམ་གཏན་སྤྱོད་པ་དང ། །ལ་ལ་བསམ་གཏན་གཉིས
l.19v.3: དང ། གསུམ་ཐོབསྟེ། །ཉོན་མོངས་པའི་ལས་བརྩོན་འགྲུས་པར་སྤྱོད་པ་ལས་སྩོགས་པ་ཡོད་དུ་ཟིན་ཀྱང༌། །མྱིང
l.19v.4: དགེ་བ་ཞེས་མྱི་བྱ། །མྱིང་ཆོས་སྤྱོད་པ་ཞེས་མྱི་བྱའོ། །སྣྲེད་པའི་ཆུས་ལས་གྱི་ཞིང་མ་བཅུས་གྱི་སྟེང་དུ་དེའི་ནང་དུ་རྣམ་པར་
l.20r.1: ༇། །ཤེས་པའི་ས་བོན་མྱི་བསྐྱེད་པ་དེ་ལྟ་བུའི་དགེ་སློང་ནི། །མྱིང་ཆོས་སྤྱོད་པ་ཞེས་བྱའོ། །དེ་སེམས་བདེ་ཞེས་བྱ་བ་ནི་མདོ་རྣམ་པ་བཞི
l.20r.2: ཡོད་དེ། །གཅིག་ནི་གཞུང་དང་གལ་(འགལ་)བའི་སེམསྟེ། །གཅིག་དུ་མྱི་ཐ་མལ་པ་འྀ་སེམས་ལ་ཕྱོགས་པ་ཡིན་ནོ། །
l.20r.3: གཉིས་ནི་གཞུང་ལ་ཕྱོགས་པའི་སེམས་ཡིན་ཏེ། །སྐྱེ་ཤི་སྐྱོ་ནས་མྱ་ངན་ལས་འདས་པ་བཙལ་ཏེ། །
l.20r.4: སྟོང་ཞིང་མྱི་གཡོ་བ་ལ་ཕྱོགས་པ་སྟེ། །མྱིང་ཉན་ཐོས་པའི་སེམས་ཤེས་བྱའོ། །གསུམ་ནི་གཞུང་ལ་ཕྱོགས་པའི་
l.20v.1: སེམས་ཏེ་བསྒྲིབས་པ་ཆོད་ཅིང་གཞུང་བྱེད་མོད་གྱི། །ཡིད་ལ་མཁས་པར་སེམས་དཔའ་ཡོད་པས་བྱང་ཆུབ་གྱི་སེམས་མ
l.20v.2: ཡིན་ནོ། །བཞི་ནྀ་མཉམ་སྙོམས་པའྀ་སེམས་ཏེ། །ནང་ལོགས་ཀྱང་མྱེད །ཕྱི་ལོགས་ཀྱང་མྱེད་དེ། མཉམ
l.20v.3: སྙོམས་པའི་གཞུང་འཐུན་བ་དེ་ (མཐུན་པ་དེས)ན་སངས་རྒྱས་གྱི་སེམས་ཡིན་ནོ། །ཐ་མལ་པ་དང༌འཕྲུལ་ (འཁྲུལ )་པདང༌སྐྱེ་ཤི་དང༌། འདུ་
l.20v.4: མཆེད་དང༌ཤེས་རབ་དང༌དེ་རྣམས་མ་མཐོངསྟེ། །གཉིས་སུ་མྱེད་པའི་གཞུང་དང་དོན་ཅིག་ཅར་བྱངསྟེ། །ཡིད་ལ་གོས
l.21r.1: ༇།ཿ།པ་དང་གཙང་མ་གཉིས་ཀྱང་གཅིག་སྟེ། །སངས་རྒྱས་དང་སེམས་ཅན་ཀྱང་མཉམ་སྙོམསྟེ་མདོ་གཅིག་གོ། །
l.21r.2: ངོ་བོ་ཉིད་གཙང་བས་ན། །མྱིང་མཉམ་སྙོམས་པའི་སེམས་ཤེས་བྱའོ། །ལིང་ཀའྀ་ཆོས་གྱི་ཡི་གེ་ན་རེ་ཐམས་ཅད་ལ་མྱ
l.21r.3: ངན་ལས་འདས་པ་མྱེད་དེ། །སངས་རྒྱས་མྱ་ངན་ལས་འདས་པ་ཡང་མྱེད་དོ། །ཚོར་བའྀ་ཚོར་བ་ཡང་ཡོང་བྲལ
l.21r.4: ཏེ། །ཡོད་པ་དང་མྱེད་པ་དེ་གཉིས་ཀ་ཡང་བྲལ་ལོ། །ཐེག་པ་ཆེན་པོའི་ཆོས་ལམ་ན་ཕྱི་མོ་ནས་མུ་མྱེད་དེ། །ཁྱབ་པར
l.21v.1: གཙང་ངོ། །ཕྱི་མོ་ནས་ཡོད་དེ་རྒྱུ་ལས་ཐོབ་པ་མ་ཡིན་ནོ། །དཔེར་ན་སྤྲིན་ལྡིང་བས་ཉི་མའྀ་འོད་བསྒྲིབས་པ་དང་མཚུངསོ། །
l.21v.2: སྤྲིན་དང་ན་ཉི་མ་ཡང་སྣང་ངོ༌། །མང་ཞིང་རྒྱ་ཆེར་སློབ་པ་ནི་ཅི་དགོས། །བྱེ་མ་དང་རྡུལ་དང་ཡི་གེ་འབྲུ་དང་ངག་ཀི་ཚིག
l.21v.3: ལ་ཤེས་ཤིང་མཐོང་ན། །སླར་སྐྱེས་ཤྀ་ལམ་ལ་ཕྱོགསོ། །ཁས་བཤད་ཅིང་ཡི་གེའི་རི་མོས་བརྗོད་དེ། །ཆོས་ལམ
l.21v.4: སྤྱོད་ན། །མྱི་དེ་ནི་གསོའ་བའྀ་ཁེལ་ (ཁེ་ལ་)བརྐམ་བས་བདག་ཀྱང་བཤིག །གཞན་ཀྱང་བཤིགསྟེ་ཡང་དག་པར་དགེ་བའི
l.22r.1: ༇།ཿ།གྲོགས་པོ་མ་ཡིན་ནོ། །གཅིག་དུ་ན་དཔེར་མྱེ་ལོང་ཕྱིས་པ་དང་མཚུངསྟེ། །མྱེ་ལོང་གི་དྲི་མ་ཟད་ན་མྱེ་ལོང་སྣང་ཞིང
l.22r.2: གཙང་ངོ༌། །ཡོང་(ཡང)ཆོས་སོ་ཆོག་(ཅོག་)ལ་ཕྱི་མོ་ནས་སྤྱད་པ་མྱེད་དོ། །ཆོས་གྱི་ཡི་གེ་ན་རེ་སངས་རྒྱས་གྱི་བྱས་པ་འང་མྱེད། །
l.22r.3: སངས་རྒྱས་གྱིས་སེམས་ཅན་བསྒྲལ་པ་འང་མྱེད་ན། །སེམས་ཀྱིས་ནན་གྱིས་རྣམ་པར་བརྟགསྟེ། །སངས་རྒྱས
l.22r.4: ཀྱིས་སེམས་ཅན་བསྒྲལ་བའི་སེམས་བྱས་སོ། །སེམས་དེས་བྱ་བ་མྱེད་པ་ལ་མ་རིག་ན །དེ་ནི་མྱི་འགྱུར་བ་མྱེད་པའོ། །
l.22v.1: རིག་ན་མངོན་བར་སྣང་བ་ཡོད་དེ། རྐྱེན་ལས་གཡོས་པའྀ་སྤྱད་པ་ཆེན་པོ་རྒྱས་པར་ཕྱད་དེ་(བྱས་ཏེ)། །བླངས་པ་ཡང་མྱེད། ཐོགས་པ་ཡང
l.22v.2: མྱེད་དེ། མྱིང་ཆོས་ལམ་ཆེན་པོ་སྤྱོད་པ་ཞེས་བྱསྟེ། །བདག་དང་ཕ་ལོགས་གཉིས་སུ་མྱེད་པའོ། །སྤྱད་པོའ་ཆོག་དང
l.22v.3: རུས་སོ་ཆོག་ནི་སྔ་ཕྱི་ཡང་མྱེད། བར་མ་ཡང་མྱེད་དེ། །དེའི་མྱིང་ཐེག་པ་ཆེན་པོ་ཞེས་བྱའོ། །ཕྱི་ནང་ལ་ཡང་ཆགས
l.22v.4: པ་མྱེད་དེ། མཐར་མཉམ་སྙོམས་པ་དེའི་མྱིང་གཏོང་བ་ཆེན་པོསྟེ། །སྦྱིན་བས་ཕ་ལོགས་སུ་ (ཕ་རོལ་ཏུ)ཕྱིན་པ་ཞེས་བྱའོ། །ལེགས་ཉེས
l.23r.1: ༇།ཿ།མཉམ་སྙོམས་ལ་གཉིས་ཀ་ཐོབ་པ་མྱེད་པ་དེ་ནི། ཚུལ་ཁྲིམས་གྱི་ཕ་ལོགས་སུ་ཕྱིན་པ་ཡིན་ནོ། །སེམས་གྱི་ཡུལ
l.23r.2: བྱ་བ་མྱེད་ཅིང་དགྲ་ཟུན་མཉམ་སྙོམས་ན་དེ་བཟོད་པའི་ཕ་ལོགས་སུ་ཕྱིན་པ་ཡིན་ནོ། །ཐུབ་པ་བཞིན་ལས་སྤྱོད
l.23r.3: པ་དེ་ནི་བརྩོན་འགྲུས་གྱིས་ཕ་ལོགས་སུ་ཕྱིན་པ་ཡིན་ནོ། །གསོའ་བ་དང་མྱི་གསོ་བ་གཉིས་སུ་མྱེད་པ་དེ་ནི་བསམ
l.23r.4: གཏན་གྱིས་ཕ་ལོགས་སུ་ཕྱིན་པ་ཡིན་ནོ། །དམ་པའྀ་ (པ)མྱི་གཡོ་བས་སྣང་བ་མྱེད་པ་དེ་ནི་ཤེས་རབ་གྱིས་ཕ་རོལ་དུ་ཕྱིན་པ་ཡིན་ནོ། །
l.23v.1: །འདི་ལྟ་བུར་ཤེས་པ་དེའི་མྱིང་ཐེག་པ་ཆེན་པོ་ཞེས་བྱའོ། །ཐེག་པ་ཆེན་པོ་ཚོལ་བ་སེམས་མྱི་བདེ་ཟིན་ན་ནོར་ཡང་དག་པར་མངོན་ནོ། །ཡང
l.23v.2: རིམ་པ་ཆེན་པོ་ཆོས་གྱི་ཡི་གེ་ན་རེ་སངས་རྒྱས་རྣམས་གྱི་སྤྱན་ལྔས། །སེམས་ཅན་གྱི་སེམས་དང་ཆོས་སོ་ཆོག་ལ
l.23v.3: བརྟགས་ན་མཐར་གཟིགས་པར་མྱི་རུང་ངོ༌། །སྡོང་པོས་བརྒྱན་པའི་མདོ་ལས་མཐོང་བ་མྱེད་ན། །གདོད་མཐོང
l.23v.4: ནུས་པའོ། །ཕན་སེམས་གྱི་མདོ་ལས་མྱིག་གིས་ཅི་འང་མཐོང་བ་མྱེད་དོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང། །
l.24r.1: ༇།ཿ།རྣམ་པར་ཤེས་པས་ཀྱང་ཤེས་པ་མྱེད། །ཇི་ནས་ཀྱང་ཡང་དག་པར་གཤེགས་པའི་མཐོང་བ་དང་ཐོས་པ་དང་ཚོར་བ་དང་
l.24r.2: ཤེས་པ་བཞིན་དུ་བྱ་བའི་རིགས་སོ། །དེ་ལྟ་བུའི་མཐོང་བ་དང་ཐོས་པ་དང༌། ཚོར་བ་དང་ཤེས་པ་བཞིན་དུ་ནུས་ན། །དེའི་མྱིང
l.24r.3: དྲང་པོ་མཐོང་བ་དང་ཤེས་པ་ཡིན་ནོ། །བསམ་གཏན་གྱི་མདོ་ན་རེ་ཕ་བང་(ཝང)དང་འུག་པས་ནི་ཉིན་མོ་ཅི་ཡང་མྱི
l.24r.4: མཐོངསྟེ། །མཚན་མ་(མོ་)རྫས་མཐོང་བ་ནི་ཀུན་ཤེས་ཀྱང་མྱི་བདེན་བའི་སེམསྟེ། །ཕྱིན་ཅི་ལོག་གིས་ལན་ནོ། །
l.24v.1: དེ་ཅྀའི་ཕྱིར་ཞེས་བྱས་ན་ཕ་བང་འུག་པས་ནྀ། གཞན་གྱི་མུན་པའི་གནས་ལ་སྣང་བར་མཐོང་ངོ༌། །མྱི་ཐ་མལ་པས་ཀྱང་གཞན་གྱྀ
l.24v.2: སྣང་བ་མུན་པར་མཐོངསྟེ། །ཀུན་ཀྱང་མྱི་བདེན་བའི་སེམས་ཡིན་ཏེ། །ཕྱིན་ཅི་ལོག་གི་ལན་ནོ། །གཅིག་ཏུ་ན་ལས
l.24v.3: ཀྱིས་བསྒྲིབས་པས་ཡང་དག་པའི་ཆོས་མ་མཐོང་ངོ༌། །དེ་ལྟ་བས་ན་སྣང་བ་ལ་ཡང་མྱི་འགྱུར་བ་མྱེད། །མུན
l.24v.4: པ་ལ་ཡང་མྱི་འགྱུར་བ་མྱེད་དོ། །འདི་ལྟ་བུ་ཤེས་ན་ཕྱིན་ཅི་ལོག་གིས་བསླད་ཅིང་དཀྲུག་དུ་མྱི་ཟུགསྟེ། །ཡང་དག
l.25r.1: ༇།ཿ།པར་གཤེས་པའྀ་རྟག་སྐྱིད་ང་གཙང་དུ་ཆུད་དོ། །མཁན་པོ་ཆེན་པོ་ན་རེ་ལིང་ཀའྀ་མདོ་ལས་བཤད་པ་། །ཅི
l.25r.2: ལྟ་བུར་ན་སེམས་དང་བ་ཞེས་བྱ། །མྱི་བདེན་བའི་སེམས་མ་བསམས། །སེམས་མྱི་བདེན་བ་མ་བསམས། །གཞན
l.25r.3: བསམ་བ་བསྟུསྟེ། སངས་རྒྱས་བསམ་མོ། །གཞན་བསམ་བ་བསྟུསྟེ་ཤེས་རབ་བསམ་མོ། །རྒྱུན་མ་ཆད
l.25r.4: པར་བསམས་ན། སྟོང་ཞིང་སེམས་མྱེད་དེ །ཕྱི་མོ་སྟོང་པ། །གཙང་མ་རིག་གོ། །ཡང་གཅིག་ཏུ་ན་རེས་ཤིག། །ནོས་ཏེ
l.25v.1: ཕྱིར་མ་ནུར་ན། །རྟག་པར་མྱི་གཡོས་ཏེ། སངས་རྒྱས་གྱིས་བཤད་པ་ཡིན་ནོ།།  ཿ  །།
l.25v.2: ༇།ཿ།གཅིག་གི་འོགས་ཏེ། །རྒྱ་རྗེ་འགུའྀ་ཚེ། །ཆོས་གསུམ་གྱི་མཁན་པོ་བོད་དེ། དར་མས་(བྷོདྷི་དྷརྨཱ)
l.25v.3: བཤད་པའོ། །བོད་དེ་དར་མས་ནི་ཁིའུ་འད་བར་ཏའི་རྗེས་བསབསྟེ། །བསམ་གཏན་གྱི་མཁན་པོ་དར་མ
l.25v.4: ནི་ཡིད་ལ་ཐེག་པ་ཆེན་པོ་དྲང་བར་དགའ་སྟེ། །མཚོ་རྒལ་ནས་ལག་ཆིའུ་དང་སང་ཆུར་ཕྱིན་ཏེ། །དགེ་སློང་དེའུ་
l.26r.1: ༇།ཿ།ཡུག་དང༌། ཡེ་ཀ་གཉིས་ཀ་གཉིས་གྱིས་ལོ་ལྔའི་བར་དུ་གུས་པར་གཡོག་བྱས་ཀྱང། ཉི་མ་གཅིག་ཙམ་གྱི་ཚོད
l.26r.2: དུ་འཛིན་ཏེ། །དེ་ནས་གདོད་སྤྱད་པ་བཞྀའི་ཆོས་བསྟན་ཏོ། །ལིང་ཀའྀ་ཆོས་གྱི་ཡི་གེ་བམ་པོ་བཞི་ནི་སྤྱོད་པའྀ་མྱེས་(མྱིས་)
l.26r.3: དེ་བཞིན་སྤྱད་ནས་སྐྱེས་ཤི་ལས་རང་གྲོལ་ཐར་ཏོ། །གཞན་རྒྱ་ཆེན་ནི་དགེ་འདུན་མངོན་རྟགས་ཡོད་པའྀ་མདོ་བཤད
l.26r.4: པའི་ནང་ནས་འབྱུང་བ་བཞིན་ནོ། །ད་འདིར་ནི་ཐེག་པ་ཆེན་པོའི་ཆོས་ལམ་སྤྱོད་པ་བཞིའི་མདོ་བཤད་དོ། །ཆོས་གྱི་མཁན་པོ
l.26v.1: འདི་ནི་ནུབ་ཕྱོགས་གྱི་རྒྱ་གར་གྱི་ཡུལ་གྱི་ལྷོ་ཕྱོགས་གྱི་ཡུལ་ན་འདུགསྟེ། །རྒྱ་གར་ཀྱི་རྒྱལ་པོའི་བུ་གཉིས་གྱྀ་འོག
l.26v.2: མའོ། །འཛངས་རྒྱུ་ཆེ་ཞིང་གསང་ཞིང་ཡིད་མྱུར་ལ་ཐོས་སོ་ཆོག་ཁོང་དུ་ཆུད་དེ། །ཡིད་ཐེག་པ་ཆེན་པོ་ལ་སྣྲེད
l.26v.3: ནས། །གོས་སྐྱ་བོ་བཏངསྟེ། ཆོས་གོས་གྱོན་ནས། །འཕྲུལ་གྱི་རིགས་བསམསྟེ་སེམས་ཐུབ་ལ་སྟོང
l.26v.4: ཞིང་མྱི་གཡོ་ནས། །འཇིག་རྟེན་གྱི་དོན་ཅི་འང་ཁོང་དུ་ཆུད་ནས། །ཕྱི་ནང་གཉིས་ཀ་སྣངསྟེ། །ལེགས་པས་ནི
l.27r.1: ༇།ཿ།འཇིག་རྟེན་གྱི་ཕྱི་ལོགས་སུ་འདས། །སྙིང་རྗེས་ནི་མཐའ་འཁོབ་གྱི་བླུན་པོ་བསྟན་ཏེ། །དྲང་པོའི་ཆོས་རྒྱུད་ནས
l.27r.2: ལམ་རིང་པོ་མཚོ་འགྲོད་ཅིང་རྒལ་ཏེ་རྒྱ་ཡུལ་དུ་བསྟན་བསླབས་སོ། །སེམས་ཐུབ་ཅིང་མྱི་གཡོ་བའྀ་དྲ་མ་ནི་མྱི
l.27r.3: ཕྱོགས་ཤིང་ཡིད་མྱི་ཆེས་པ་ཡང་མྱེད་དོ། །གཟུགས་ལེན་ཅིང་མཐོང་བ་ལ་ཆགས་པའི་རྣམས་ནི་དཔྱའ་ཞིང
l.27r.4: དབང་བཟབ་སྐྱེའོ། །དེའི་ཚེ་དགེ་སྦྱོང་དེའུ་ཡུག་དང་ཡབ་ཀ་གཉིས་བུ་ན་གཞོན་མོད་གྱི། །ཡིད་གཞུངས་ཤིང་རྒྱ་ཆེསྟེ།
l.27v.1: དཔལ་ཡོན་གྱིས་ཆོས་གྱི་མཁན་པོ་དང་ཕྲད་ནས་ལོ་དུ་མར་གུས་པར་བྱསྟེ། །ཟླ་བ་དུ་མར་གསོལ་ནས་།མཁན་པོས་
l.27v.2: དེའི་སེམས་ཡང་དག་པར་རིག་ནས། །ཐུགས་རྗེ་གཅིག་སྟེ་ཆོས་ལམ་བསྟན་ཏོ།། ༜ །།འདི་ལྟ
l.27v.3: བུར་སེམས་བདེ་བ་འདི་ལྟ་བུ་སྤྱད་པ་བསྐྱོད་པ་འདི་ལྟ་བུར་ཆི་དང་ཡང་མྱི་འགལ་བ། འདི་ལྟ་བུར་ཐབས་དང
l.27v.4: འདི་རྣམས་ནི་ཐེག་པ་ཆེན་པོའྀ་སེམས་བདེ་བའྀ་ཆོས་ཡིན་ཏེ། །ནོར་ཅིང་འཁྲུལ་པ་མྱེད་པར་བྱའ་འོ། །
l.28r.1: ༇།ཿ།འདི་ལྟ་བུའི་སེམས་ཤེས་བྱ་བ་ནི་རྩིག་ངོས་ལ་བལྟ་བའོ། །འདི་ལྟ་བུ་སྤྱད་པ་བསྐྱོད་ཅེས་བྱ་བ་ནི་སྤྱད་པ་བཞིའོ། །
l.28r.2: འདི་ལྟ་བུར་ཇི་དང་ཡང་མྱི་འགལ་ཞེས་བྱ་བ་ནི། །དཔྱའ་བ་དང་ཁྲེལ་བ་མྱེད་པའི་བག་བྱའོ། །དྲི་བ་ནི་གཏན
l.28r.3: ཚིགས་གྱི་མདོ་ཙམ་ཞིག་བཤད་དེ། །ཞིབ་དུ་ནི་མན་ཅད་གྱི་ཡི་གེ་ནང་ན་ཡོད་དོ། །ཡང་ཆོས་ལམ་གྱི་ནང
l.28r.4: དུ་འཇུག་པ་ནི་སྒོ་མོ་མངསྟེ། །མདོ་སྡེ་ལས་བཤད་པ་ནྀ་རྣམ་པ་གཉིས་ལས་མྱེད་དེ། །གཅིག་ནི་གཞུང་ལ
l.28v.1: འཇུག་པའོ། །གཉིས་ནི་སྤྱོད་པ་ལ་འཇུག་པའོ། །གཞུང་ལ་འཇུག་པ་ནི་བསྟན་པའི་ཞར་གྱིས་ན། །གཞུང
l.28v.2: ཚོར་ཏེ། །སེམས་ཐ་མལ་པ་དང༌། འཕྲུལ་ཡང་དག་པའི་ངོ་བོ་ཉིད་གཅིག་དུ་འཐུན་བར་ཡིད་ཟབ་དུ་ཆེས
l.28v.3: ན། མྱི་བདེན་བའི་རྡུལ་གྱིས་ཁེབསྟེ་མངོན་གསང་(གསལ)བར་མ་ནུས་སོ། །དེ་ལ་མྱི་བདེན་བའྀ་སེམས་བཏངསྟེ
l.28v.4: ཡང་དག་པ་ལ་ཕྱོགས་ལ། གཙང་མར་འདུགསྟེ། རྩིག་ངོས་ལ་བལྟས་པ་བཞིན་ན། བདག་ཀྱང་མྱེད་གཞན་ཀྱང་མྱེད་དེ། །
l.29r.1: ༇།ཿ།ཐ་མལ་པ་དང་འཕྲུལ་ཡང་གཅིག་དུ་མཉམ་མོ། །དེ་ལ་སྲན་(བསྲན)ཐུབ་པར་འདུགསྟེ་མ་གཡོས་ཤིང་ངག་དང། 
l.29r.2: ཚིག་གི་ཕྱིར་མ་འབྲངས་ན། །དེ་ནི་ཡང་དག་པའི་གཞུང་དང་ཡིད་གཅིག་དུ་འཐུན་བསྟེ། །བྱེ་བྲག་དབྱེ་བ་མྱེད
l.29r.3: ལ་སྟོང་པ་མྱི་གཡོ་ཞིང་བྱ་བ་མྱེད་དེ། །མྱིང་གཞུང་ལ་འཇུག་པ་ཞེས་བྱའོ། །སྤྱོད་པ་འཇུག་ཅེས་བྱ
l.29r.4: བ་ནྀ་སྤྱོད་པ་བཞི་ཡིན་ཏེ། །སྤྱོད་པ་གཞན་ཀུན་ཀྱང་སྒོ་མོ་འདིའི་ནང་དུ་འཇུག་གོ་། །གང་ལ་སྩོགས་པ
l.29v.1: སྤྱོད་པ་བཞི་ཡིན་ཞེས་བྱས་ན། །གཅིག་ནི་ཤ་གློན་(་རློན )བའྀ་སྤྱོད་པའོ། །གཉིས་ནི་རྒྱུ་རྐྱེན་བཞིན་དུ་སྤྱོད་པའོ། །
l.29v.2: གསུམ་ནི་ཅི་འང་བཙལ་བ་མྱེད་པའྀ་སྤྱོད་པའོ། །བཞི་ནི་ཆོས་དང་འཕྲོད་པ་སྤྱོད་པའོ། །ཅི་ལྟ་བུར་ན་ཤ
l.29v.3: གློན་བའི་སྤྱོད་པ་ཞེས་བྱས་ན། ཆོས་ལ་སྤྱོད་པའྀ་མྱིས་ཉོན་མོངས་པའྀ་ཚེ། །བདག་གིས་བསམས་་པ། བདག
l.29v.4: སྔོན་བསྐལ་པ་གྲངས་མྱེད་པ་ཚུན་ཅད་ཐོག་མའྀ་ཕྱི་མོ་བོར་ཏེ། ཐ་མའི་ཕྱིར་འབྲངས་ན། ཡོད་པ་རྣམས་གྱི་ནང་དུ
l.30r.1: ༇།ཿ།འཁྱམས་ཏེ་དགྲ་ཟུན་མང་དུ་བསྐྱོད་ནས་ལོག་པ་དང་གནོད་པ་བྱས་པ་ཡང་གྲངས་མྱེད། ད་གནོད་པ་བྱས་པ་མྱེད།
l.30r.2: མོད་གྱི། །དེ་ནི་བདག་གི་སྔོན་ཅད་(ཆད)གྱི་ཚེ་ལ་ལས་ངན་པས་ལན་ཏེ། །སྡུག་བསྔལ་གྱི་འབྲས་བུ་སྨྱིན་པའི་དུས་ལ(བབ་སྟེ)
l.30r.3: ། །ལྷ་དང་མྱིས་བྱིན་བ་མ་ཡིན་གྱིས། །བདག་གི་སེམས་ལ་བཟོད་པ་མནགསྟེ། །མཁོན་(འཁོན་)གྱི་སེམས
l.30r.4: ཡོང་མྱེད་པར་བྱའོ། །ཆོས་གྱི་ཡི་གེ་ན་རེ་ཉོན་མོངས་པ་དང་ཕྲད་ཀྱང་མྱི་དགའ་བར་མྱི་འཛིན་ཏོ། །ཇིའི་(ཅིའི)ཕྱིར་ཞེས
l.30v.1: བྱས་ན། །གཞུང་ཁོང་དུ་ཆུད་ཅིང་རིག་པའྀ་ཕྱིར་རོ། །སེམས་དེ་གཡོས་པའྀ་ཚེ་གཞུང་དང་འཐུན་ཏེ་ཁོན་གྱི་སེམས་མྱི
l.30v.2: གཡོ་ཞིང་ཆོས་ལམ་ལ་འདོད་པས་ན། །ཤ་གློན་བ(རློན་པ)་སྤྱོད་པ་ཞེས་བྱའོ། །གཉིས་ཏེ་རྒྱུ་རྐྱེན་བཞིན་སྤྱོད་པ
l.30v.3: ཞེས་བྱ་བ་ནི་སེམས་ཅན་ལ་བདག་མྱེད་ན། ཀུན་ཀྱང་རྒྱུ་རྐྱེན་གྱིས་བསྒྱུར་ཏེ། །སྐྱིད་སྡུག་ཀྱང་ལས་གྱི
l.30v.4: རྒྱུ་ལས་སྐྱེས་སོ། །བསྟོད་པ་དང་དར་པའི་ལན་ཐོབ་ན། དེ་ནི་བདག་གི་སྔ་མའི་ཚེའི་རྒྱུས་ཏེ་ད་ཐོབ་བོ། །
l.31r.1: ༇།ཿ།ཡོན་ཟད་པ་དང་སླར་མྱེད་ན་མྱི་དགའ་བ་ཇི་ཡོད། །ཐོབ་པ་དང་སྟོར་པ་ཡང་ཡོན་ལན་གྱི་ཁར་ལུསྟེ། །སེམས
l.31r.2: ལ་སྐྱེ་ཞིང་འབྲི་བ་མྱེད་དགའ་བའི་རླུང་མ་གཡོས་ན་ཡིད་དང་ཆོས་ལམ་འཐུན་ནོ། །དེ་ལྟ་བས་ན་རྒྱུ་རྐྱེན་བཞིན
l.31r.3: སྤྱོད་པ་ཞེས་བཤད་དོ། །གསུམ་སྟེ་ཅི་ཡང་བཙལ་བ་མྱེད་པའྀ་སྤྱོད་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་མྱི་ཁོར
l.31r.4: མོར་བསླད་དེ། །དེ་སེམས་འདོད་པ་ལྔ་ལ་བརྐམ་ཆགས་པས་ན་། མྱིང་ཚོལ་བ་ཞེས་བྱའོ། །འཛངས་པ་ནི་ཡང
l.31v.1: དག་པའི་གཞུང་གོང་དུ་ཆུད་པས། སླར་སེམས་བདེ་བར་བྱས་སོ། །ཡིད་ལ་ཅི་ཡང་བྱ་བ་མྱེད་པས་ལུས་ཡོན་ལན་བཞིན་ནོ། །ཡོད
l.31v.2: དོ་ཆོག་ཀུན་སྟོང་པསྟེ། ཅི་ཡང་སྨོན་ཅིང་སྨྲེད་པ་མྱེད་དོ། །ལེགས་པའི་དོན་དང་མུན་གནག་རྟག་པར་འགྲོགས་སོ། །
l.31v.3: ཁམས་གསུམ་ན་ཡུན་རིང་དུ་འདུག་པ་ནི་དཔེར་མྱིའི་ཁྱིམ་ན་མཚུངས་སོ། །ལུས་ཡོད་དོ་ཆོག་ནི་ཀུན
l.31v.4: ཀྱང་ཉོན་མོངས་པསྟེ། །བདེ་བ་སུས་ཐོབ། འདི་ལྟ་བུ་ཐོབ་པ་མངོན་བར་ཁོང་དུ་ཆུད་ན། །ཡོད་པའི་རྣམས་ལ
l.32r.1: ༇།ཿ།སེམས་བཀགས་ཏེ། བཙལ་བ་མྱེད་དོ། ཆོས་གྱི་ཡི་གེ་ན་རེ་བཙལ་བ་ཡོད་པ་ནི་ཀུན་ཀྱང་ཉོན་མོངས་པའོ། །
l.32r.2: བཙལ་བ་མྱེད་ན་གདོད་སྐྱིད་དེ། བཙལ་བ་མྱེད་པ་ནི་ཡང་དག་པའྀ་ཆོས་ལམ་སྤྱོད་པ་ཡིན་བར་མངོན་ནོ། །བཞིསྟེ
l.32r.3: ཆོས་དང་འཐུན་བ་སྤྱད་པ་ཞེས་བྱ་བ་ནི། །ངོ་བོ་ཉི་གཙང་མའི་གཞུང་ནི་རྒྱུ་ལས་ཆོས་བྱསྟེ། །དེའི་གཞུང་གི
l.32r.4: ཡང་དག་པའི་གཟུགས་ནི་ཀུན་སྟོང་པསྟེ། གོས་པ་ཡང་མྱེད། ཆགས་པ་ཡང་མྱེད། ཕན་ཚུན་ཞེས་བྱ་བ་ཡང་མྱེད་དོ། །
l.32v.1: ཆོས་གྱི་ཡི་གེ་ན་རེ་ཆོས་ལ་སེམས་ཅན་མྱེད་དེ་སེམས་གྱི་དྲི་མ་དང་བྲལ་ལོ། །ཆོས་ལ་བདག་མྱེད་དེ་བདག་གི་དྲི
l.32v.2: མ་དང་བྲལ་ལོ། །འཛངས་པས་འདི་ལྟ་བུའི་གཞུང་ཡིད་ཆེས་ཤིང་ཤེས་པར་ནུས་ན། །དེ་ནི་ཆོས་དང་འཐུན་
l.32v.3: པའི་སྤྱད་པ་ཡིན་ནོ། །ཆོས་གྱི་ངོ་བོ་ཉིད་ལ་སེར་སྣ་མྱེད་དེ་ལུས་དང་སྲོག་དང་ནོར་གྱིས་སྦྱིན་བ་དང། །
l.32v.4: གཏོང་བ་བྱས་ཏེ། །སེམས་ལ་ཕངས་ཤིང་སེར་སྣ་མྱེད་དོ། །སྟོང་པ་གསུམ་ཤེས་ཤིང་ཁོང་དུ་ཆུད་ན་ཆགས
l.33r.1: ༇། །ཤིང་ཐོགས་པ་མྱེད་དོ། །ཇི་(ཅི)ནས་ཀྱང་དྲི་མ་བསྩལ་ལ་སེམས་ཅན་བསྟན་ཏེ་མྱི་ལེན་མྱི་ཆགས་པར་བྱས་ན་། །
l.33r.2: དེ་ནི་བདག་ལ་ཡང་ཕན་གཞན་ལ་ཡང་ཕན་ཏེ། །བྱང་ཆུབ་གྱི་ཆོས་ལམ་བརྒྱད་ནུས་སོ། །སྦྱིན་བས་ཕ་ལོགསུ་(ལོགས་སུ)
l.33r.3: ཕྱིན་པ་དེ་བཞིན་དུ། །ཕ་རོལ་དུ་ཕྱིན་པ་གཞན་རྣམ་པ་ལྔ་ཡང་དེ་དང་མཚུངས་སོ། །མྱི་བདེན་བའ་འི་(བའི)
l.33r.4: སེམས་བཙལ་ལ། །ཕ་རོལ་དུ་ཕྱིན་པ་དྲུག་སྤྱད་ཀྱང། ཅི་འང་སྤྱད་པ་མྱེད་པ་དེ་ནི་ཆོས་དང་ཐུན་པའི་སྤྱད་པ་ཞེས
l.33v.1: བྱའོ། །སྤྱད་པ་འདི་བཞི་ནི་བསམ་གཏན་གྱྀ་མཁན་པོ་བོད་དེ་དར་མ་ཉིད་ཀྱིས་བཤད་པའོ།། །།
l.33v.2: གཉིས་གྱི་འོག་རྒྱ་རྗེ་ཛེའུའྀ་ཚེ། སྩང་ཆུའི་དགེ་སྦྱོང་ཡེབ་ཀས་བོད་དེ་དར་མའྀ་རྗེས་བསབས་པའོ། །དགེ
l.33v.3: སྦྱོང་ཡེབ་ཀ་ལོ་བཅུ་བཞི་ལོན་ན། བསམ་གཏན་གྱི་མཁན་པོ་བོད་དེ་དར་མ་དང་ཕྲད་ནས། རི་སྩུང་ཤན
l.33v.4: དང་ལག་ཆིའུ་ན་ལོ་དྲུག་གི་བར་དུ་གུས་པར་གཡོག་བྱསྟེ། །ཐེག་པ་ཆེན་པོ་ལ་འགྲུབ་པ་ཞིབ་དུ་གདུགས་ནས།།
l.34r.1: ༇།ཿ།གཞུང་ཟབ་མོར་ཕྱིན་ཏེེ། །ཆོས་ལམ་སྤྱད་པའི་མདོ་བཤད་ནས། །གཅེས་པའྀ་ཆོས་སེམས་ལ་མངོན་བར་ཤེསསྟེ།ཡང
l.34r.2: དག་པ་ལ་ཕྱོགས་སོ། །ལང་ཀའྀ་ཆོས་གྱི་ཡི་གེ་ན་རེ། སངས་རྒྱས་གྱི་སྟོང་ཞིང་མྱྀ་གཡོ་བའྀ་བརྟག་པ་ནྀ་སྐྱེ་ཤི་དང། ཡོང
l.34r.3: བྲལ་བ་ཡིན་ཏེ། དེའི་མྱིང་ད་ལྟར་གྱི་དུས་དང། །ཕྱི་མའྀ་དུས་མྱྀ་ལེན་པའི་གཙང་མའོ། །ཕྱོགས་བཅུའི་སངས་རྒྱས་རྣམས
l.34r.4: དང༌། མྱྀ་གཅིག་འགའ་ཞིག་བསམ་གཏན་གྱྀ་ཡོན་མ་ཡིན་བར། སངས་རྒྱས་གྲུབ་ཆེས་ཟེར་ན། བདེན་བ་ཡོང་མྱེད་དོ། ས་བཅུའི་
l.34v.1: མདོ་ལས་སེམས་ཅན་གྱི་ལུས་གྱི་ནང་ན་རྡོ་རྗེའྀ་སངས་རྒྱས་གྱི་ངོ་བོ་ཉིད་ཡོད་དེ། །དཔེར་ཉི་མའི་འཁོར་ལོ་དང་མཚུངསྟེ། །
l.34v.2: ཕྱི་མོ་ནས་གཙང་ཞིང་གང་རྒྱས་ལ་ཆེ་ཞིང་ཡངས་པ་ནི་མུ་མྱེད་ན་ལྔ་ཕུང་གྀ་སྤྲིན་སྟུག་པོས་བཀབ་ཅིང་དཀྲིས་པས
l.34v.3: སེམས་ཅན་གྱིས་མ་མཐོང་ངོ༌། །དེ་ལ་ཤེས་རབ་གྱི་རླུང་དང་ཕྲད་དེ། ལྔ་ཕུང་གི་སྤྲིན་སྟུག་པོ་བུས་(བུད)ལ་དྭང་ཞིང
l.34v.4: ཟད་ན་སངས་རྒྱས་གྱི་ངོ་བོ་ཉིད་ཁྱབ་པར་སྣངསྟེ། །ས་ལེར་གཙང་གདང་ངོ་(དྭངས་སོ)། །སྡོང་པོས་བརྒྱན་པའྀ་མདོ་ལས། རྒྱ་ཆེ་ཞིང
l.35r.1: ༇།ཿ།ཡངས་པ་ནྀ་ཆོས་གྱི་ཁམས་དང་མཚུངས། །མཐའ་ཡས་པ་ནྀ་སྟོང་པ་བཞིན། །གཅིག་དུ་ན་བུམ་བུའི་ནང་གི་མར་མྱེའི
l.35r.2: འོད་དང་མཚུངསྟེ། ཕྱི་ལོགས་སུ་སྣང་བར་མྱི་ནུས་སོ། །ཡང་གཅིག་དུ་ན་འཇིག་རྟེན་གྱི་སྤྲིན་དང་མཚུངས། །
l.35r.3: ཕྱོགས་བརྒྱད་ནས། ཆིག་ཆར་ལངས་ནས་གནམ་མཐའ་འོག་རྨུས་(རྨུགས་)ཏེ། ཉི་མའི་འོད་ཀྱང་སྣང་བར་མྱྀ་རུང་ངོ། །
l.35r.4: དེའྀ་ཚེ་ཉི་མའྀ་འོད་ནི་མ་ཉམས་ན། སྤྲིན་གྱིས་བཀབ་ཅིང། བསྒྲིབས་པས་ན། སེམས་ཅན་གྱིས་མ་མཐོང་ངོ། །
l.35v.1: དེ་ལ་སྤྲིན་གྱེས་ཤིང༌། དང་(ངས་)ན་ཉི་མའི་འོད་ཁྱབ་པར་སྣངསྟེ། གཙང་གདང་(དྭངས)སྒྲིབ་པ་མྱེད་དོ། །སེམས་ཅན་གཙང་གདངོ༌།
l.35v.2: ཤེས་རབ་གྱྀ་ཉི་མ་ཡང་དེ་དང་མཚུངསྟེ། འདོད་པའི་ཡན་ལག་མྱི་བདེན་བ་བསམ་པ་དང༌། །མཐོང་བའོ་ཆོག་གི་མྱ
l.35v.3: ངན་འཁྲུག་པའི་སྤྲིན་སྟུག་པོས་འཕྲུལ་གྱི་ལམ་བཀབ་བསྒྲུབ་ཏེ་མངོན་སྣང་བར་མྱི་ནུས་སོ། །དེ་ལ་མྱི
l.35v.4: བདེན་བའྀ་སེམས་མྱྀ་སྐྱེ་ཞིང་ཅི་ཡང་མྱི་གཡོ་བར་འདུག་ན་ཤེས་རབ་ཆེན་པོའི་ཉི་མ་རང་སྣངསྟེ། །དམ་པའི་ཡང་དག་པ
l.36r.1: ༇། །མྱི་གཡོ་བ་དང་འཐུན་ནོ། །ཐ་མལ་པའྀ་ཡི་གེ་ན་རེ། ཆབ་རོམ་ཆུ་ལས་སྐྱེས་ན། །ཆབ་རོམ་གྱིས་ཆུ་བཀགས་ཏེ། །
l.36r.2: ཆབ་རོམ་ཞུ་ན་ཆུ་ཐར་ཏོ། །མྱི་བདེན་བའི་སེམས་བསྐྲད་ན་ཡང་དག་པའྀ་གཙང་མ་ཡིན་ནོ། །སློབ་པའྀ་མྱིས་ཡྀ་གེའྀ
l.36r.3: འབྲུ་དང༌། སྨྲ་བའྀ་ཚིག་བཞིན་དུ་ཆོས་ལམ་བཚལ་པ་ནྀ་དཔེར་རླུང་གི་ནང་གི་སྒྲོན་མེ་དང་མཚུངས་སོ། །མུན
l.36r.4: པ་ཤིགས་པར་མྱི་ནུས་ལ་མྱེ་ལྕེ་འབར་བཞིན་དུ་མྱེད་དོ། །གཙང་མར་འདུགས་ཏེ་ཅི་འང་མྱེད་ན་བདག་གི་སེམས
l.36v.1: བདག་གིས་རྟོགསྟེ་ཁྱིམ་དབེན་བའྀ་ནང་གྀ་མར་མྱེ་དང་མཚུངསྟེ་མུན་པ་ཤིག་པར་ནུས། མངོན་སྣང་ལ་བྱེ་བྲག་ཕྱེད་དོ། །
l.36v.2: དེ་ལ་སེམས་ཅན་གྱིས་སེམས་གྱྀ་ཕྱི་མོ་གཙང་གདང་བར་རིག་ནས།རྟག་པར་བསམ་གཏན་ལ་སྣྲེད་དེ། སྒོ་དྲུག
l.36v.3: བཆད་(ཅར)བཀག་ལ་རྡུལ་དྲུག་ཐམས་ཅད་ཡོན་པོའི་རླུང་ནང་དུ་མ་ཆུད་ན། ཤེས་རབ་གྱི་མར་མྱེ་གཙང་གདངསྟེ། 
l.36v.4: བྱེ་བྲག་ཕྱེད་པར་མངོན་སྣང་བས། །སངས་རྒྱས་རང་གྲུབསྟེ། སྤྱོད་པའྀ་སྨོན་ལམ་གང་རྒྱས་ནས། །ཕྱིན་ཅད་ཡོད
l.37r.1: ༇།ཿ།པ་མྱི་མཐོང་ངོ། །དེ་ལྟ་བུའྀ་ཆོས་གྱི་ལུས་ཐོབ་པ་ནི་སེམས་ཅན་འགའ་འགའྀ་(གངྒའི)བྱེ་མ་སྙེད་གྱི་ནང་ན་གཅིག་ལས་མྱེད་དོ། །
l.37r.2: བསྐལ་པ་འབུམ་ཕྲག་འབུམ་གྱི་བར་དུ་འདི་ལྟ་བུ་དང་འཐུན་བའི་མྱི་ནི་འག་(འགའ)ཙམ་ཡོད་དོ། །དེ་ལ་དཔའ་བརྟུལ་ཅིང
l.37r.3: བརྩོན་འགྲུས་པ་དང། སྨོན་ལམ་ཆེན་པོ་བསྐྱོད་མྱི་ནུས་ན། བསྐལ་པ་གྲངས་མྱེད་པ་ལོན་ཏེ། །འག་འགའྀ་བྱེ
l.37r.4: མ་སྙེད་གྱི་སངས་རྒྱས་དང་འཕྲད་དུ་མྱི་ཟིན་ཀྱང།ཅི་ཡང་བྱ་ནུས་པ་མྱེད་དོ། །དེ་ལྟ་བས་ན་སེམས་ཅན་གྱི་སེམས
l.37v.1: གྱི་རྣམ་པར་ཤེས་པས། རང་གིས་རང་བསྐལ་པར་མངོན་ཏེ། སངསརྒྱས་གྱིས་སེམས་ཆན་(ཅན)མ་བསྒྲལ་ཏོ། །སངས་རྒྱས་གྱིས
l.37v.2: སེམས་ཅན་བསྒྲལ་དུ་ཟིན་ན། །སྔ་མ་འདས་པའྀ་དུས་ལ །གྲངས་མྱེད་པའི་འགའ་འགའྀ་བྱེ་མ་སྙེད་གྱི་སངས
l.37v.3: རྒྱས་དང། ཕྲད་ན་ཅྀ་ཕྱི་ནས། །བདག་ཅག་ལ་སོགས་པ་སངས་རྒྱས་སུ་མ་གྲུབ། དེ་ནི་སེམས་ཐག་པ་ནས་སྲན
l.37v.4: ཐུབ་པར་བྱ་མ་ནུས་ཏེ། །ནང་ལོགས་གྱིས་མ་རྟོགས། ཁས་བཤད་ནི་ནུས་གྱི། །སེམས་གྱིས་སྤྱད་མ་ནུས་པས་སྣ།
l.38r.1:
l.༇།ཿ།ཆོ: ས་གྱི་ཡི་གེ་ན་རེ། ཁས་སྟོང་པར་བཤད་ལ། སྤྱོད་པ་ཡོད་པའི་ནང་ན་འདུག་ན། །མཐར་ལས་གྱི་ཕྱིར་འབྲང་ཞིང་སྐྱེ་བ་
l.38r.2: ལས་མྱི་ཐར་ཏོ། །དེ་ལྟ་བས་ན་སངས་རྒྱས་གྱི་ངོ་བོ་ཉིད་ནི་དཔེར་གནམ་གྱི་སྟེང་གི་ཉི་མ་དང་ཤིང་གི་ནང་གྀ་མྱེ་དང་མཚུངསོ།།
l.38r.3: མྱིའི་ལུས་གྱི་ནང་ན་སངས་རྒྱས་གྱི་ངོ་བོ་ཉིད་གྱི་མར་མྱེ་ཡོད་པ་ཡང། མྱིང་ཡེ་ཤེས་གྱྀ་མྱེ་ལོང་ཞེས་བྱའོ། །
l.38r.4: དེ་ལྟ་བས་ན་ཡེ་ཤེས་ཆེན་པོའྀ་མྱེ་ལོང་ནི། གཉི་ཟླ་བས་ཀྱང་སྣངསྟེ། ཕྱི་ནང་ཁྱབ་པར་གཙང་ལ་མཐའ་མྱེད་མུ་མྱེད་དོ། །
l.38v.1: དཔེར་གསེར་ཡང་དག་པ་དང་མཚུངསྟེ། གསེར་དངོས་བྱངསྟེ་མྱེད་ཀྱང་གསེར་གྱི་རང་བཞིན་མ་ཉམས་སོ། །སེམས་ཅན
l.38v.2: ཀྱང་སྐྱེ་ཤྀའི་གཟུགས་ཟད་དེ་མྱེད་མོད་གྱི། ཆོས་གྱི་ལུས་མ་ཉམས་སོ། །གཅིག་དུ་ན་འཇིམ་པ་དྲིལ་པ་ཞིགས
l.38v.3: མོད་གྱི་རྡུལ་ཕྲ་མོ་མ་ཉམས་སོ། །ཡང་གཅིག་དུ་ན་ཆུའི་རླབས་དང། དབའ་ཞི་མོད་གྱི་ཆུའི་རང་བཞིན་(མ་ཉམས་)
l.38v.4: པ་དང་མཚུངས་སོ། །བསམ་གཏན་དུ་ཞུགས་པ་དོན་ཡོད་ན། བདག་གིས་མངོན་བར་རིག་གོ། །
l.39r.1: ༇།ཿ།ཁས་ཆོས་གྱི་ཡི་གེའི་གཞུང་པླགས་(ཀླགས)ལ་སེམས་བཤིགསྟེ། སངས་རྒྱས་གྲུབ་པར་ཚོལ་བ་ནི་ཁྲི་ལ་འང་གཅིག་མྱེད་དོ། །
l.39r.2: གནའྀ་ཡི་གེ་ན་རེ་རི་མོར་བྲིས་པའི་ཁུར་བས་ནི་བཀྲེས་པ་གང་བར་མྱི་ནུས། །ཟས་གྱི་གཏམ་བྱས་པས་ནི་
l.39r.3: འདྲངས་(འགྲང) པ་ལ་མྱི་ཕན་ནོ། །ཀྱི་གུ་སྔ་མ་བྱུང་མོད་གྱི། དེ་བས་ཀྱང་དམ་དུ་གྱུར་ཏོ། །སྡོང་པོས་བརྒྱན་པའྀ་མདོ
l.39r.4: ལས་དཔེར་ན་མྱི་དབུལ་པོས་ཉིན་མཚན་དུ་གཞན་གྱི་ནོར་རིན་པོ་ཆེ་བགྲངས་པ་དང་མཚུངསྟེ། །བདག་ཞོ་ཅིག
l.39v.1: གི་ཤས་ཀྱང་དབང་བ་མྱེད་དོ། །ཆོས་ལམ་མ་སྤྱད་མ་སྦྱངས་ན། མང་དུ་ཐོས་པ་དེ་ནི་དེ་དང་མཚུངསོ། །གློག་འདོད་ན་ཡང
l.39v.2: སྐད་ཅིག་བལྟསྟེ་སྐྱེན་པར་སྭོས་ཤིག །ད་ེལ་བཏང་ཞིང་མ་བཞག་ན་སླར་ཡི་གེའི་འབྲུ་ལ་སློབ་པ་དང་མཚུངསྟེ། །
l.39v.3: ཆུ་བསྐོལ་པའི་ནང་དུ་ཆབ་རོམ་ཚོལ་བ་དང། ཆུ་ཆུན་གྱི་ནང་དུ་ཁ་བ་ཚོལ་བ་དང་མཚུངས་སོ། །དེ་ལྟ་བས་ན་སངས
l.39v.4: རྒྱས་རྣམས་གྱིས་བར་བར་ནི་བཤད། །བར་བར་ནི་མ་བཤད་དོ། །ཆོས་རྣམས་གྱི་ཡང་དག་པའི་མཚན་གྱི་ནང་ན་ནི་བཤད
l.40r.1: ༇།ཿ།པ་ཡང་མྱེད། མ་བཤད་པ་ཡང་མྱེད་དོ། །འདི་གཅིག་གི་གཞུང་ཤེས་ན་གཅིག་བསྐྱོད་པས་ཁྲི་སྟོང་ཡང་དེ་བཞིན
l.40r.2: ནོ། །ཆོས་གྱི་པད་མོའི་མདོ་ལས། བདེན་བ་ཡང་མྱེད། རྫུན་བ་ཡང་མྱེད། འཐུན་བ་ཡང་མྱེད། ཐ་དད་པ་ཡང་མྱེད༌། །མཁན
l.40r.3: པོ་ཆེན་པོ་ན་རེ་ཡང་དག་པའི་ཆོས་འདི་བཤད་ན། ཀུན་ཀྱང་ཡང་དག་པའྀ་བདེན་བ་བཞིན་ནོ། །བདེན་བ་ནི་གཞུང
l.40r.4: བཞིན་ཏེ། ་ཐ་དད་པ་ཡོང་མྱེད་དོ། །ཐོག་མ་ནས་བསླད་པས། །ནོར་བུ་ལ་གྱོ་མོ་གྲུགས་མ་ཞེས་ཟེར་རོ། །རང་གིས་ཚོར
l.40v.1: བར་ནུས་ན། །དེ་ནི་ཡང་དག་པའི་ནོར་བུ་ཡིན་ནོ། །མ་རིག་པ་དང་ཤེས་རབ་ཀྱང་མཚུངསྟེ། ཐ་དད་པ་མྱེད་ན་ཆོས་སོ་ཆོག་ཀྱང
l.40v.2: མཐུན་བར་མངོན་ནོ། །འདི་ལྟར་གཉིས་སུ་མཐོང་བའི་རྣམས་ལ་སྙིང་རྗེ་ནས། །ཚིག་བཤད་དེ་ཡི་གེ་འདི་བྱས་སོ། །
l.40v.3: ལུས་ལ་བརྟགས་ལ་སངས་རྒྱས་དང་ཐ་དད་པ་མྱེད་ན། །སོ་སོའི་གནས་སུ་བླ་ན་མྱེད་པ་བཙལ་བ་ཅྀ་དགོས༌། །
l.40v.4: ཡང་གཅིག་དུ་ན་ང་ཐོག་མ་སེམས་གཡོས་པའྀ་ཚེ། །ལག་ངར་ཡ་ཅིག་བཅད་དེ། །ཐོག་མ་ནམ་སྲོས་ནས། །
l.41r.1: ༇།ཿ།འཛིང་པོའི་བར་དུ་ཁའ་བའི་ནང་ན་འགྲིང་(བསྒྲེང)ན། ཁ་བ་པུས་མོ་འདས་པ་མ་ཚོར་ཏེ། །དེ་ལྟར་བླ་ན་མྱེད་པའྀ་ཆོས་ལམ
l.41r.2: བཙལ་ཏོ། །སྡོང་པོས་བརྒྱན་པའྀ་མདོ་ལས། །ཤར་ཕྱོགས་ནས་དྲང་པོ་ཚོར་བར་ཞུགས་ན། ནུབ་ཕྱོགས་སུ་ཏིང་ངེ
l.41r.3: འཛིན་གཡོས། །ནུབ་ཕྱོགས་སུ་དྲང་པོ་ཚོར་བར་ཞུགས་ན། ཤར་ཕྱོགས་སུ་ཏིང་ངེ་འཛིན་གཡོས་ཏེ། མྱིག་གི
l.41r.4: དབང་པོ་ནང་དུ་དྲང་པོ་ཚོར་བར་ཞུགས་ན། །ཁ་དོག་གི་ཆོས་གྱི་ནང་དུ་ཏིང་ངེ་འཛིན་གཡོས་ཏེ། །ཁ་དོག་གྀ་ཆོས
l.41v.1: མངོན་བར་བསྟན་པ། །བསམ་གྱིས་མྱི་ཁྱབསྟེ་ལྷ་དང་མྱི་ཐམས་ཅད་གྱིས་ཤེས་པར་མྱི་ནུས་སོ། །ཁ་དོག་གི་ཆོས་གྱི་ནང
l.41v.2: དུ་དྲང་པོ་ཚོར་བ་ཞུགས་ན། །མྱིག་ནས་ཐུབ་པ་གཡོསྟེ། །སེམས་མྱི་འཁྲུག་གོ། །མྱྀག་ལ་བརྟགས་ན་སྐྱེ་བ་ཡང
l.41v.3: མྱེད། རང་བཞིན་ཀྱང་མྱེད་དེ། སྟོང་པ་མྱི་གཡོ་བ་མྱི་གཡོ་བ་ཅི་འང་མྱི་གཡོ་བ་བཤད་དོ། །རྣ་བ་དང་སྣ་དང་ལྕེ་དང
l.41v.4: ལུས་དང་ཡིད་ལ་ཐུག་པ་ཡན་ཅད་ཀྱང་དེ་དང་མཚུངསོ། །བུས་བ་དང༌། དརད་པ་དང༌ཕོ་མོ་དང༌དགེ་སློང་ཕ་དང༌དགེ་སློང་མ
l.42r.1: ༇།ཿ།དང༌ཉན་ཐོས་པ་དང༌རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། དབང་པོ་དྲུག་དང༌ ཕལ་གཞན་ཀུན་ཀྱང་དེ་དང
l.42r.2: མཚུངསྟེ། །གཅིག་ལ་གཅིག་ཐོགས་ཤིང། །ཆགས་པ་མྱེད་དོ། ཆོས་སོ་ཆོག་དང་ལུས་གཅིག་དང་ལུས་གྲངས་མྱེད
l.42r.3: པར་བྱ་བ་གཅིག་བསྐྱོད་ན། ཀུན་ཀྱང་དེ་བཞིན་ཏེ། ཆོས་གྱི་ལུས་དང་དབང་ཡོད་པའི་གཞུང་ངོ༌།། ཿ །།
l.42r.4: གསུམ་གྱྀ་འོག་སྟེ། །རྒྱ་རྗེ་ཟུའྀ་ཚེ༌། ཤུ་ཙྀའུའྀ་སི་ཀོང་གི་རི་ལ་བསམ་གཏན་གྱི་མཁན་པོ། ཚན་ནས་ཡབ་ཀའི་
l.42v.1: རྗེས་བསམས་(བསབས)པ༌། །དགེ་འདུན་མཁས་པའི་བརྗོད་པའི་ཡི་གེ་ནང་ན། ཡེབ་ཀའི་འོག་དུ་ཚན་ཞེས་བྱ་བ་རི་ལ
l.42v.2: གནས་ཤིང༌། བདེན་ཞིང་མྱི་གཡོ་བར་འདུགསྟེ། །ཡི་གེའི་འབྲུ་ལས་གཟུགས་སུ་གཟུང་བ་ཡང་མྱེད། །
l.42v.3: གསངསྟེ། །ཆོས་ཀྱང་གཅིག་ནས་གཅིག་དུ་མྱི་བརྗོད། །དགེ་སློང་དེའུ་སྤྱིན་འབའ་ཤིག། །ཚན་གྱི་གཡོག
l.42v.4: བྱེད་དེ། ལོ་བཅུ་གཉིས་ལོན་ན་སྣ་གཅིག་ནས་གཅིག་དུ་བབླུགས་པ་དང། །མར་མྱེ་གཅིག་ནས་དུ་བསྲེགས
l.43r.1: ༇།ཿ།པ་བཞིན་འབྱོར་གྲུབ་ནས་ཚན་ན་རེ་དེའུ་སྤྱིན་གྱིས་སངས་རྒྱས་གྱི་ངོ་བོ་ཉིད་གི་གནས་མངོན་བར་མཐོང་ངོ
l.43r.2: ཞེས་ཟེར་ཏེ། །དེའུ་སྤྱིན་ལ་སྨྲས་པ། །ཆོས་གྱི་པད་མོའྀ་ཡི་གེ་ན་རེ། ཐེག་པ་ཆེན་པོ་འབའ་ཤིག་བདེན་གྱི། །གཞན
l.43r.3: གཉིས་པོ་ནི་ཡང་དག་པ་མ་ཡིན་ནོ། །དེ་ལྟ་བས་ན་འཕྲུལ་གྱི་ཆོས་ལམ་ནི་ཤིིན་དུ་ཟབསྟེ། ཚིག་གིས་བརྗོད
l.43r.4: པས་མྱི་རྫོགས། ཆོས་གྱི་སྐུ་ལུས་ནི་སྟོང་པ་མྱི་གཡོ་བསྟེ་མཐོང་བ་དང་ཐོས་པས་ཀྱང་མྱི་དམྱིགས་སོ། །དེ་ལྟ་བས་ན་ཡྀ་གེ་
l.43v.1: འི་འབྲུ་དང༌། སྨྲ་བའྀ་ཚིག་གིས་བསྟན་པ་ནྀ་ཅི་ལ་འང་མྱི་ཕན་ནོ། །ལང་ཀའྀ་ཡོན་པ་དང་དྲང་པོ་བྱེ་བྲག་དབྱེ་བའྀ་ཐེག་པ
l.43v.2: ཆེན་པོའི། སེམས་བདེ་བའི་གཞུང་གི་མདོ་ན་རེ་། འཕྲུལ་གྱྀ་ཆོས་ལམ་ནྀ་ཁ་རོགསྟེ་ཚིག་གིས་ཞར་ལས་མྱི་བཤདོ། །
l.43v.3: མཁན་པོ་ཆེན་པོ་ན་རེ། མྱི་གཞན་ཀུན་གྱིས་ཀྱང་བསམ་གཏན་རིན་པོ་ཆེར་བྱའོ། །མཐར་ཡང་ངོ་མཚར་ཆེ་
l.43v.4: བཟུང་ངོ། །ང་ད་འགྲེང་བཞིན་སྐྱེ་ཤི་ལས་གྱུར་ཏོ། །སྨྲས་ཟིན་ནས་ལག་པས་ཤིང་གི་ཡལ་ག་ལས་འཇུས
l.44r.1: ༇།ཿ།བཞིན་དུ་དབུགས་ཟད་ནས། །ཐ་མར་ཧྭང་ཀོང་གྀ་རིའི་གཙུག་ལག་ཁང་གི་ནང་ན། འཕྲུལ་གྱི་འོད་གཟུགས
l.44r.2: ཡོད་དེ། རྟེན་གྱི་ཁང་པ་ད་དུང་ཡོད་དོ། །ཀུན་ན་རེ་ཡང་གཅིག་ནས་གཅིག་དུ་བསྟོད་དེ། གཅིག་པ་ཡང་དག་པ་ནྀ
l.44r.3: རྒྱ་ཆེ་ཞིང་ཟབ་བོ། །གཟུགས་ཡོད་དོ་ཆོག་ནི་མང་ཞིང་འདྲེས་སོ། །ཡང་དག་པ་དང་ཐ་མལ་པ་ཡང་ཐ་དད
l.44r.4: མོད་གྱི། །མདོ་བཞིན་ནོ། །ཐ་མལ་པ་དང་འཕྲུལ་བྱེ་མོད་གྱི་ལམ་འཐུན་ནོ། །མཐའ་མའི་རྗེས་བཅད་ན། །
l.44v.1: མུ་མྱེད་ཐུག་པའྀ་མཐའ་མྱེད། ཐོག་མ་ཡང་མྱེད། ཐ་(མཐའ་)མ་ཡང་མྱེད། ཤེས་པ་དང་བསླད་པས་གཅིག་དུ་མཉམ། གོས་པ
l.44v.2: དང༌། གཙང་མ་ཡང་དེ་ལས་གཉིས་ཀ་མཚུངསྟེ། སྟོང་པ་དང་མཚུངས་ཅི་འང་མྱི་གཡོ་ལ། གནམ་སའི་བར་གྱི
l.44v.3: ཡོད་དོ་ཆོག་གཅིག་དུ་འཐུན་ནོ། །གསེར་ཡང་དག་པ་ནི་གདུབ་བུ་ལ་སྩོགས་པའི་ནང་དུ་མ་གྱུར་པ་དང
l.44v.4: མཚུངས་སོ། །ཆུ་བརྩེགས་པ་ནི་ཆབ་རོམ་འཁྱེགས་པའི་ནང་དུ་མ་ཉམས་སོ། །བཤད་པ་ན་རེ་གཞུང་སྣང
l.45r.1: ༇།ཿ།བ་འདི་ལ་མུན་པ་དང་འདྲེས་པ་མྱེད་དོ། །མུ་དང་མཐའ་བཤད་པ་འཆད་དོ། །ཡང་དག་པའི་ངོ་བོ་ཉིད་རྫས་ལ
l.45r.2: བྱས་པ་མྱེད་པས་ན། །ཐོག་མ་དང་ཐ་མ་འི་ནུབ་པ་མྱེད་དོ། །དེ་ལྟ་བས་ན་སྣང་བ་དང་མུན་པ་ཞེས་བྱ་བ་སྒོ་མོ
l.45r.3: གཉིས་སུ་མྱེད་དེ། །ལེགས་ཉེས་ཀྱང་གཟུགས་གཅིག་གི་ཆོས་སུ་ཟད་དོ། །དེ་ལྟ་བས་ན་གཡོ་བ་ལས་ནི
l.45r.4: མྱི་སྟོང་བ་མྱེད་དོ། །ཐ་དད་པ་ལས་ནི་མྱི་འཐུན་བ་མྱེད་དོ། །དཔེར་ཆུ་དང་དབའ་རླབས་དང་མཚུངས་སོ། །
l.45v.1: གསེར་ལ་བྱས་པའི་སྣོད་ལས་ནི་གསེར་མ་ཡིན་བ་མྱེད་དོ། །དབའ་རླབས་ལ་ཆུ་མ་ཡིན་བ་མྱེད་དོ། །རྐྱེན་ལས་གཡོས
l.45v.2: པ་ལ་བརྟགས་ན་ནྀ་ཐོགས་པ་མྱེད་དོ། །ཡོད་དོ་ཆོག་གི་རང་བཞིན་བསམ་བ་ནི་ཡིད་ཆེས་པར་དཀའ་འོ། །དཔེར
l.45v.3: ན་རིན་པོ་ཆེའི་ཕོ་བྲང་ལ་ནོར་བུ་རིན་པོ་ཆེ་སྦྱངས་པ་དང་མཚུངས། །ཤེལ་གྱི་སྟེགས་བུ་ལ་མྱེ་ལོང་འཕྱང
l.45v.4: བ་དང་འདྲ་སྟེ། ཕན་ཚུན་ཐ་དད་ན། །གཟུགས་ནང་དུ་ཞུགསྟེ། ལེབ་རྒན་དང་རྨ་ཕྱེ་ན། །གཅིག་གིས་གཅིག
l.46r.1: ༇།ཿ།བསྒྲིབསྟེ། རྫས་ལ་བདག་གི་དང་གཞན་གྱི་ཞེས་ཐོགས་པ་མྱེད་དོ། །དོན་ལ་ཡོན་པོ་དང་དྲང་པོ་འགག་པ་མྱེད།
l.46r.2: སྟོན་ཆེན་པོའྀ་ཁམས་གྱི་ཆོས་ནི་ནམ་མཁའ་དང་མཚུངས། །སྐད་ཅིག་དུ་དུ་སུམ་(དུས་གསུམ་)གྱི་དོན་ཀུན་མཐོངསྟེ། །ཚིག
l.46r.3: འདི་ལ་ཡིད་ཆེས་པ་ཉུང་གིས། དོགས་ནས་དབང་པོའི་དྲ་བ་བརྙས་ཏེ། ཐེ་ཙོམ་བསྩལ་ཏོ། །གར་ཀྱང་ཁྱབ་པའི
l.46r.4: མྱིག་གིས་ནི་མཐོང་བར་ནུས་སོ། །ཐེ་ཙོམ་གྱི་སེམས་གྱིས་ནྀ་མྱི་རིག་གོ། །བཤད་པ་ན་རེ་འདིས་ནི་གཅེས་གསང
l.46v.1: བ་དང་རྐྱེན་ལས་གཡོས་པ་མངོན་བར་བྱའོ། །དབང་པོའི་དྲི་བའི་ཆོས་གྱི་ཁམས་ནི་གཅིག་ལས་ཐམས་ཅད་དུ་གྱུར་ཏེ། །
l.46v.2: གཟུགས་ཐ་དད་པ་གཅིག་མ་ཡིན། མྱྀ་འཐུན་ནོ། །དེ་ལྟ་བས་ན་གཟུགས་ལ་བདེན་བ་མྱེད་ན། གཡོས་བ་ནི
l.46v.3: ཡང་དག་པ་ལས་བརྟེན་ཏོ། །ཡང་དག་པའི་གཞུང་རིག་ན། །གཟུགས་ལ་ཡང་ཐོགས་པ་མྱེད་དོ། །ཆེ་ཆུང་ཐ
l.46v.4: དད་མོད་གྱི། དཔེར་མྱེ་ལོང་དང་གཟུགས་བརྙན་དང་མཚུངས་སོ། །གཟུགས་དང་མཚན་མ་ཡང་གཅིག་ལ།
l.47r.1: ༇།ཿ།གཅིག་གཞུགས་ན་ཕན་ཚུན་ཞེས་རྣམ་པར་དབྱེའོ། །ཁ་དོག་ཐ་དད་པའི་གཟུགས་ཀྱང་ལས་ཐམས་ཅད
l.47r.2: དུ་གྱུར་ཏོ། །ཐམས་ཅད་ལས་གཅིག་པུར་གྱུར་ཏོ། །རྐྱེན་ལས་གཡོས་པ་ནི་ཐོགས་པ་མྱེད་དོ། །གཞུང
l.47r.3: དེ་ལྟ་བས་ན། །དོག་ཆེན་པོ་རྒྱ་ཡངས་པ། རྡུལ་པྲ་(ཕྲ)མོ་འི་ནང་དུ་གནས་ཀྱང་མྱི་དོག །དུས་གསུམ་གྱི་ཡུན་རིང་པོ་སྐད
l.47r.4: ཅིག་གི་དུས་གི་ནང་དུ་བསྡུས་ཀྱང་ཤོང་བར་ནུས། །རང་གིས་ཡངས་པར་བལྟས་ན། །གསེར་དང་རྩིག་པའི་ཕྱི
l.47v.1: ལོགས་ཀྱང་མངོན་ཏེ། །ཆོད་པ་མྱེད་དོ། །ལུས་བྲག་ངོས་གྱི་ནང་དུ་སོང་ཡང་ཐོགས་པ་ཡོད་མྱི་མྱོང་ངོ། །དེ་ལྟ་བས་ན
l.47v.2: འཕྲུལ་གྱི་མྱིས་གཞུང་ཐོབསྟེ་གྲུབ་པ་སྤྱད་དོ། །གཞུང་མྱི་རུང་དུ་ཟིན་ན། འཕྲུལ་ལ་ཡང་དེ་ལྟ་བུའི
l.47v.3: མཐུ་མྱེད་དོ། །ཤེས་ན་ནི་གཞུང་ལ་འང་ཐར་ཏོ། །ཐོགས་པ་ཡང་ཡིད་འགགས་པའི་ལན་ནོ། །
l.47v.4: སེམས་གྱི་མྱིག་གི་ཡེ་ཤེས་གྱིས། །ཡང་དག་པའི་བདེན་བ་རིག་པར་ནུས་སོ། །སྤྲེའུ་ལྕགས་སྒྲོག་དུ
l.48r.1: ༇།ཿ།བཅུག་ན། སེམས་རྒོད་པ་ཐུབ་བོ། །སྦྲུལ་སྨྱིག་དོང་དུ་བཅུག་ན། འཁོར་བ་རངས་སོ། །མཚོ་ཆེན་པོ་རྒལ་ན་ཆོས
l.48r.2: གྱི་གྲུ་སྤྱད་དོ། །མ་རིག་པ་སྣང་བར་བྱ་ན། ཤེས་རབ་གྱི་སྒྲོན་མ་སྤྱད་དོ། །བཤད་པ་ན་རེ་སྤྲེའུ་ལྕག་སྒྲོག་རུ་བཅུག
l.48r.3: པ་ནི་། དཔེར་སེམས་ལ་ཚུལ་ཁྲིམས་གྱི་ནན་བྱས་པའོ། །སྦྲུལ་སྨྱིག་དོང་དུ་བཅུག་པ་ནི་དཔེར་བསམ་གཏན་གྱིས
l.48r.4: འཁྲུག་པ་བཀག་པའོ། །ཤེས་རབ་གྱིས་བསྒྲལ་པའི་བརྗོད་པ་ན་རེ། སྦྲུལ་འགྲོ་བ་རང་བཞིན་ལས་འཁོར་ན་སྨྱིག
l.48v.1: དོང་དུ་བཅུག་ན་དྲང་ངོ༌། །ཏིང་ངེ་འཛིན་གྱིས་སེམས་གྱི་ནན་བྱ་བ་ཡང་དེ་དང་མཚུངས་སོ། །གསེར་འོད་སྣང་གི
l.48v.2: ཆོས་གྱི་ཡི་གེ་ལུས་གསུམ་གྱི་ལེའུ་ན་རེ། སངས་རྒྱས་ལ་མྱིང་གསུམ་ཡོད་མོད་གྱི་ངོ་བོ་ཉིད་གསུམ
l.48v.3: དུ་མྱེད་དོ། ཿ ཿ ཿ །། །བཞི་འོག་སྟེ་རྒྱ་རྗེལྀ་འྀ་ཚེ། གི་ཆིའུ་ཤོང་གྀ་རི་ལ།
l.48v.4: བསམ་གཏན་གྱི་མཁན་པོ་ཧ་ཧོ་སྤྱོན་གྱིས། བསམ་གཏན་གྱི་མཁན་པོ་ཚན་གྱི་རྗེས་བསབས་སོ། །
l.49r.1: ༇།ཿ།བསམ་གཏན་གྱི་མཁན་པོ་ཧ་ཧོ་སྤྱོན་གྱིས་བསམ་གཏན་གྱི་སྒོ་མོ་བསླབསྟེ་ཕྱི་ནས་གནམ་མཐའ་
l.49r.2: འོག་དུ་ཁྱབ་པར་བཀྲམསྟེ། །བྱང་ཆུབ་སེམས་དཔའྀ་སྤྱོད་པའྀ་ཆོས་དཔེའ་གཅིག་དང༌ལམ་དུ་འཇུག་པའྀ་སེམས་བདེ
l.49r.3: བར་བྱ་བའི་ཐབས་གྱི་ཆོས་གྱི་སྒོ་མོ་གཅེས་པ་ཡོད་དེ། །རྐྱེན་ཡོད་ཅིང་དབང་པོ་སྨྱིན་པ་ལ་བཤད་དོ། །ངའི་གཅེས
l.49r.4: པའྀ་ཆོས་འདི། ལང་ཀའྀ་ཆོས་གྱི་ཡི་གེ་བཞིན་ཏེ། །སངས་རྒྱས་སོ་ཆོག(ཅོག)་གི་ཆོས་གྱི་མཆོག་གོ། །གཅིག་དུ་ན་
l.49v.1: འཇམ་དཔལ་གྱིས་ཤེས་རབ་གྱྀ་ཆོས་གྱྀ་ཡི་གེ་གཅིག་སྤྱོད་པའྀ་ཏིང་ངེ་འཛིན་བཤད་པ་བཞིན་ཏེ། །སངས་རྒྱས་བསམ་བའི
l.49v.2: སེམས་ནི་སངས་རྒྱས་ཡིན། །བསམ་བརྗོད་ན་། ཕལ་ཐ་མལ་པའོ། །འཇམ་དཔལ་གྱིས་ཤེས་རབ་གྱི་ཆོས
l.49v.3: གྱི་ཡི་གེ་བཤད་པ་ན་རེ། འཇམ་དཔལ་གྱིས་གསོལ་པ། །བཅོམ་ལྡན་འདས་ཅི་ལྟ་བུའྀ་མྱིང་གཅིག་སྤྱོད་པའི
l.49v.4: ཏིང་ངེ་འཛིན་ཆེས་(ཅེས)བགྱིའ། །སངས་རྒྱས་གྱིས་གསུངས་པ། །ཆོས་གྱི་རྐྱེན་དང་ཆོས་གྱི་ཁམས་ནི་མྱིང་གཅིག་
l.50r.1: ༇།ཿ།སྤྱོད་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཆགས་པའི་རྐྱེན་མཚན་མ་གཅིག་དང༌། ཆོས་གྱི་ཁམས་གྱི་མཚན་མ་གཅིག་ནི
l.50r.2: མྱིང་གཅིག་སྤྱོད་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཕོ་དགེ་བ་དང་མོ་དགེ་བ་ལ་ལ་ཞིག་ཅིག་སྤྱོད་པའི་ཏིང་ངེ་འཛིན་དུ་འཇུག་པར
l.50r.3: འདོད་ན། །སྔར་ཤེས་རབ་གྱིས་ཕ་ལོགས་སུ་ཕྱིན་པ་དྲིས་ཏེ། །བཤད་པ་བཞིན་དུ་བསླབས་ན། །གདོད་གཅིག
l.50r.4: སྤྱོད་པའི་ཏིང་ངེ་འཛིན་དུ་འཇུག་ནུས་ཏེ། །ཆོས་གྱི་ཁམས་གྱི་རྐྱེན་བཞིན་དུ། མྱི་ནུར་མྱི་འཇིག་ཅིང༌། །བསམ་གྱིས་མྱི
l.50v.1: ཁྱབ་ལ་ཐོགས་པ་མྱེད་མཚན་མ་མྱེད་དོ། ཕོ་དགེ་བ་མོ་དགེ་བ་གཅིག་སྤྱོད་པའི་ཏིང་ངེ་འཛིན་དུ་འཇུག་འདོད་ན། །སྟོང
l.50v.2: དབེན་བར་གནས་ཏེ། འཁྲུག་པའི་ཡིད་རྣམས་བསྡུསྟེ། མཚན་མ་གཟུགས་མྱི་བླང་བར་སངས་རྒྱས་གཅིག་གི་མཚན
l.50v.3: འབའ་ཤིག་བསམས་ཏེ། སངས་རྒྱས་དེའྀ་ཕྱོགས་གྱི་གནས་ལོགས་སུ་ལུས་དྲང་པོར་བསྲངསྟེ། ཕྱོགས་ལ
l.50v.4: སངས་རྒྱས་གཅིག་གི་མཚན། སེམས་བཞིན་དུ་གཅིག་གིས་གཅིག་མཐུད་ནུས་ན། སེམས་དེའི་ནང་ནས་འདས་པ
l.51r.1: ༇།ཿ།དང༌མ་འོངས་པའི་སངས་རྒྱས་ཀུན་མཐོང་བར་ནུས་སོ། །ཅྀའི་ཕྱིར་ཞེ་ན་སངས་རྒྱས་གཅིག་བསམས་པའྀ་ལེགས་པའྀ
l.51r.2: དོན་གྲངས་མྱེད་མུ་མྱེད་དེ། །གྲངས་མྱེད་པའི་སངས་རྒྱས་རྣམས་གྱི་ལེགས་པའྀ་དོན་དང་ཡང་གཉིས་སུ་མྱེད་དེ།
l.51r.3: བསམ་གྱིས་མྱི་ཁྱབ་པའི་སངས་རྒྱས་གྱི་ཆོས་དང་ཡང་མཉམ་སྟེ། བྱེ་བྲག་དབྱེར་མྱེད་དོ། །ཀུན་ཡང་དག་པའི
l.51r.4: ཐེག་པ་གཅིགསྟེ། མཆོག་གི་དྲང་པོ་ཚོར་བ་གྲུབསྟེ། གྲངས་མྱེད་པའྀ་ལེགས་པའི་དོན་དང། དཔག་དུ་མྱེད་པ་གར་ཀྱང
l.51v.1: ཁྱབ་པ་ཀུན་ལྡན་ནོ། དེ་ལྟ་བུར་གཅིག་སྤྱོད་པའི་ཏིང་ངེ་འཛིན་དུ་ཞུགས་པས་ནི་འགའ་འགའྀ་བྱེ་མ་སྙེད་གྱི་སངས
l.51v.2: རྒྱས་ཁམས་རྣམས། ཟད་པར་ཐ་དད་པའི་མཚན་མ་མྱེད་པར་རིགསྟེ། །ལུས་དང་སེམས་དང། རྐང་པ་བཏེགས
l.51v.3: རྐང་པ་ཕབ་པ་ཡང། །རྟག་པར་ཆོས་གྱི་གཙང་མ་ས་ན་འདུག་གོ། བཏེགས་པ་བསྐྱོད་ཅིང་བྱའོ་ཆོག་ཀུན་ཀྱང
l.51v.4: བྱང་ཆུབ་ཡིན་ནོ། །འཛངས་ཁྱབ་གྱི་བརྟག་པའི་ཆོས་གྱི་ཡི་གེ་ན་རེ་ལས་གྱིས་བསྒྲྀབས་པའི་མཚོ་ཐམས་ཅད། །
l.52r.1: ༇།ཿ།ཀུན་ཀྱང་མྱྀ་བདེན་སེམས་ལས་སྐྱེས། །དེ་ལ་འགྱོད་སངས་བྱ་འདོད་ན། དྲང་པོར་འདུག་ལ་བདེན་གཟུགས་བསམས། །
l.52r.2: དེ་མྱིང་འགྱོད་སངས་དང་པོསྟེ། །གདུག་པ་གསུམ་གྱི་སེམས་དང༌ཡན་ལག་གི་སེམས་དང། ཚོར་བ་དང་རྟོག་པའྀ
l.52r.3: སེམས་དང། །སངས་རྒྱས་བརྩམ་བའི་སེམས་བསྩལ་ཏོ། །སེམས་གྱིས་སེམས་མཐུད་དེ། ཏི་ངེར
l.52r.4: དང་(དྭངས་)ཞིང་སྟོང་ན་གཞན་ཅི་འང་མྱེད་དོ། །རིམ་པ་ཆེན་པོའྀ་ཆོས་གྱྀ་ཡི་གེ་ན་རེ་ཅི་འང་བསམ་བ་མྱེད་པའ། །
l.52v.1: དེའྀ་མྱིང་སངས་རྒྱས་སེམས་ཤེས་བྱའོ། །དེ་ལྟ་བུའྀ་མྱིང་ཅི་འང་བསམ་བ་མྱེད་པའ། །སངས་རྒྱས
l.52v.2: བསམ་བའ་ཡིནད་ཏེ།  །མྱིང་ཇི་ཡང་བསམ་བའ་མྱེད། སེམས་དང་བྲལད་ན།
l.52v.3: གུད་ན་སངས་རྒྱས་མྱེད། སངས་རྒྱས་དང་བྲལད་ན། །གུད་ན་སེམས་མྱེད་དེ།
l.52v.4: སངས་རྒྱས་བསམ་བའ་ཉིད། །སེམས་བསམ་བ་ཡིན་ནོ།  །སེམས་ཚོལ
l.53r.1: ༇།ཿ།བ་ཉིད་སངས་རྒྱས་ཚོལ་བ་ཡིན་ནོ། །ཇི་ལྟ་ཞེས་བྱས་ན། །སེམས་གྱི་རྣམ
l.53r.2: པར་ཤེས་པ་ལ། གཟུགས་མྱེད།  །སངས་རྒྱས་ལ་བྱད་གཟུགས་མྱེད་དོ།།  ཿ །།
l.53r.3: །རྫོགས་སྷོ།  །རྫགས་སྷོ



(DKR)