Section: 1
l.1r.1: ༇ མཐའ་ཡས་པའི་སེམས་ཅན་ཐམས་ཅན་(ཅད)། །འཁོར་བའི་བཙོན་ར། །སྡུག་བསྔལ་གི་ཆུ་བོ། །མ་རིག་པའི་རྒྱ་མོ་དྲལ་ཞིང༌། །ཕུང་པོ་ལྷག་མ་མ་ལུས་
l.1r.2: པར་ཡོངས་སུ་མྱ་ངན་ལས་བཟླ་(འདའ)བའི་དོན་དུ་། །རྐ་ (རྐང་)ལག་བསྣོལ་། །ཚིགས་པ་བསྲང༌། །ལུས་མྱི་བསྐྱོད་། །ངན་(ངག་)མྱི་བརྗོད་། །སེམས་ཀྱི་སྒོ་དྲུག་འཁྲུལ་པ་ཡུལ་ལ་མྱི་
l.1r.3: འཇུག་པར་བཟློག་ནས་། ༈ ༈ །རང་གི་སེམས་ལ་བལྟས་ན་། །སེམས་ཀྱི་དངོས་པོ་ཅི་ཡང་མ་ཡིན་བས་། །ཅིར་ཡང་མྱི་བསམ་། །ཉོན་མོངས་པའི་རྣམ་པ་ཡིད་ལ་མྱི་བྱེད་པས།།
l.1r.4: ཅི་ལ་ཡང་མྱི་རྟོག་། །དེ་ལྟར་སེམས་ཀྱི་སྤྱོད་ཡུལ་ཡོངས་སུ་དག་པས་། །ཅི་ལ་ཡང་མྱི་གནས་། །ཡུན་རིང་དུ་འདུག་ནས་སེམས་གཡུང་ཏུ་འགྱུར་། །སྡུག་བསྔལ་ཉིད་
l.1v.1: ཀྱང་བྱང་ཆུབ་། །འཁོར་བ་ཉིད་ཀྱང་མྱ་ངན་ལས་འདས་སྟེ། །ཡེ་ཤེས་ཀྱི་རང་བཞིན་གདོད་ནས་བྱུང༌། །མཐར་མྱི་འགག་། །ད་ལྟར་མྱི་གནས་། །དུས་གསུམ་མཉམ་བར་
l.1v.2: སྟོང་ཞིང༌། །སྟོང་པ་ཉིད་ཀྱིས་སྟོང་ལ་། །སྟོང་པ་ཉིད་ལ་སྟོང་པ་ཉིད་མྱི་རྟོག་གོ། ༈ ༈ །བྱུང་ཚོར་ཞི་བའི་རྗེས་ལ་། །སེམས་དང་ཀུན་གཞི་བག་ཆགས་རྒྱུ་བ་རྩིང་ཞིབ་ཏུ་འབྱུང་བ།།
l.1v.3: ཆེད་དུ་དགག་ཅིང༌། །ནན་ཀྱིས་གནན་(མནན་)མྱི་དགོས་སྟེ། ༈ ༈ །ཤེས་རབ་མྱི་དམྱིགས་པ་དང༌། །ཏིང་ངེ་འཛིན་མྱི་གཡོ་བ་ཆ་མཉམ་བས་། །ཁད་ཀྱིས་འབྱང་ཞིང་ཤུགས་ཀྱིས་
l.1v.4: རང་འགྲོལ་ཏེ་། །འབྱུང་བ་ལ་མྱི་རྟོག་། །མྱི་འབྱུང་བ་ལ་མྱི་གནས་། །ཉིན་མཚན་ཐུམ་(ཐུན་)གསུམ་དུ་། །བརྩོན་འགྲུས་ཀྱི་ཡུ་བ་བཅད་ཏེ།
l.2r.1: བསམས་གིས་མྱི་ཁྱབ་བའི་ཡེ་ཤེས་ལ་བསམ་དུ་མྱེད་པར་བསྒོམ་མོ། །ལུང་ལས་བསམ་བྱ་བསམ་བར་མྱི་བྱ་སྟེ། །བསམ་བྱ་མ་ཡིན་བར་ཡང་མྱི་བསམ་མོ།།
l.2r.2: སོམས་ཤིག་འགལ་བར་མ་སེམས་ཤིག་། །ཡང་ལུང་ལས་ཇེ་ཕྲ་ཇེ་གསལ་ཇེ་མཉམ་དག་། །རྣམ་པར་མྱི་རྟོག་དབྱིངས་ན་བདག་མྱེད་གསལ། །འོད་སྲུང་ས་ཆེ་ལ་ཆོས་
l.2r.3: གཏད་པ་། །དར་མ་ཏ་ལ་འདི་ལྟར་སྒོམ་། །རྣམ་པར་མྱི་རྟོག་ས་ལེ་བ་། །ས་ལེ་བ་ལ་རྟོག་པ་མྱེད་། །དི་ནི་རང་རིག་ཡེ་ཤེས་སྟེ། 
l.2r.4: འདི་ཞེས་གདགས་སུ་མྱེད་པའོ། རྫོགས་སྟོ།


Section: 2
l.2v.1: ༇ ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་། ཚག་བྱ་(ཚེག་བྱེ་)བ་བཞི་དང༌། བཞི་འབུམ་ཡོད་། བཞི་འབུམ་ཡོད། ཤུ་(ཤྭ་)ལོག་སྟོང་ཕྲག་བརྒྱའ་། ལེའུ་བདུན་བཅུ་རྩ་གཉིས་།། བམ་པོ་སུམ་བརྒྱའ་ཡོད་།། །།ཉི་གྲི་ལྔ་སྟོང་ལ་ཚགས་བྱེ་བ་གཅིག་དང་འབུམ་གཅིག་ཡོད་། ཤད་འབུམ་གཅིག་ཡོད་། ཤུ་(ཤྭ་)ལོག་སྟོང་ཕྲག་ཉུ་ཤུ་ལྔ་། ལེའུ་བདུན་བཅུ་རྩ་གཉིས་། བམ་པོ་བདུན་ཅུ་
l.2v.2: རྩ་ལྔ་། ཁྲི་ །ཁྲི་བརྒྱད་སྟོང་ལ་ཚག་བདུན་འབུམ་དགུ་ཡོད་། ཤད་བདུན་ཁྲི་ཉིས་སྟོང༌། ཤུ་(ཤྭ་)ལོག་སྟོང་ཕྲག་བཅོ་བརྒྱད་། ལེའུ་བརྒྱད་བཅུ་རྩ་བདུན་། བམ་པོ་དྲུག་བུ་ཡོད་དོ་། །ཁྲི་པ་ལ་ཚག་བཞི་འབུམ་བཞི་ཁྲི་། ཤད་བཞི་ཁྲི། ཤུ་(ཤྭ་)ལོག་ཆ་སྟོང་ཕྲག་བཅུ་། ལེའུ་སུམ་བཅུ་རྩ་དྲུག བམ་པོ་སུམ་བཅུ་རྩ་དྲུག་།།
l.2v.3: བརྒྱད་སྟོང་པ་ལ་། ཚག་སུམ་འབུམ་ལྔ་ཁྲི། ཤད་སུམ་ཁྲི་ཉིས་སྟོང༌། ཤུ་ལོག་སྟོང་ཕྲག་བརྒྱད་། ལེའུ་སུམ་བཅུ་རྩ་བཞི་། །བམ་པོ་ཉི་ཤུ་རྩ་བཞི་མཆིས་སོ་།། །།


Section: 3
l.2v.3:  །།བོད་ཡུལ་དུ་བྱུང་བའི་དགེ་བཤེས་ཉེན་གི་(གཉེན་གྱི་)རྒྱུད་ཀྱི་རྣམས་གྲངས་ལ་།   །
l.2v.4: རྒྱ་གར་གི་མཁན་པོ་བོ་དེ་སྭ་རྭ་ལས་བསྩོགས་པའི་སློབ་མ་ནི། དབའ་བཙུན་བ་ཡེ་ཤེ་དབང་པོ་། དབའ་དཔལ་དབྱངས་། ངན་ལམ་རྒྱལ་མཆོག་དབྱངས་། འགོ་འབོམ་རྡོ་རྗེ་རྒྱལ་པོ་། ཇེང་གསལ་རབ་རིན་པོ་ཆེ་། མྱང་མཆོག་རབ་གཞོ་ནུ་། མྱང་གཤའ་མྱི་གོ་ཆ་། གླེའུ་གཞོ་ནུ་སྙིང་པོ་། ལྷ་ལུང་
l.2v.5: དཔལ་གི་རྡོ་རྗེ། ཆོག་རོ་དཔལ་གི་སེང་གེ་། ཅོག་རོ་བྱམས་པའི་སེང་གེ། ཅོག་རོ་བྱམས་པའི་སེང་གེ། ཅོག་རོ་མཆོས་ཀྱི་བཤེས་ཉེས་(གཉེན)། དེ་ལས་བསོགས་པ་ནི་བསམ་ཡས་དང་འཕྲུལ་སྣང་ཡན་ཅད་ཀྱི་དགེ་བའི་བཤེས་ཉེན་(གཉེན)་ལགས་སྷོ་། །མདོ་གམས་(ཁམས)གྱི་ཆོས་གྲའི་སློབས་དཔོན་།
l.2v.6: ཝང་ཤེས་རབ་ཟླ་བ་། འདན་མ་བཀུན་དགའ་དཔལ་། ནེམ་དགའ་ལྡན་བྱང་ཆུབ་ལས་བསོག་(སོགས)པ་ནི་མདོ་གམས(ཁམས)་ནས་བརྒྱུད་པ་ལགས་སོ་།། །།ཀམ་བཅུའི་ཆོས་གྲའི་སློབས་པོན་ (སློབ་དཔོན) ། དབས་བྱང་ཆུབ་རིན་ཅེན་། ཨན་དགེ་ལམ་། ལང་འགྲོ་དམ་མཚོ་། །རྩེ་ཟི་རྣལ་འབྱོར་
l.2v.7: སྐྱོར་། འཕྲུ་མ་ལེགས་ལས་བསོགས་པ་ནི་། བྱང་ངོས་ཕྱོགས་སུ་བརྒྱུད་པ་ལགས་སོ་། །གོ་བུའི་ཆོས་གྲའི་སློབ་དཔོན་མྱང་རིན་ཆེན་བྱང་ཆུབ་། །ཞ་སྔ་འཇམ་པའི་སྙིང་པོ་། འགོ་འབོམ་ས་མུན་ཏྲ་། །འགྲེང་རོ་དགེའི་བློ་གྲོས་། ཕུང་དགེ་རྒྱས་ལས་བསྩོགས་པ་ནི། གོང་ཆུ་ནས་བརྒྱུད་པ་ལགས་སོཧ་།།



(DKR)