Part of the same original manuscript as IOL Tib J 707

Section: 1
l.r.1.1: ལུས་ཀྱི་བསྟན་ངག་ཡོངས་མྱི་སྤང།།རུ་ཤིང་པ་འ་གཞུ་མཆོག་ཀྱང།།རྒྱུད་མྱེད་གཡུལ་ངོར་
l.r.1.2: ཅྀ་ཞིག་བྱའ།།གཡོན་ཅན་རྣམས་ཀྱྀ་གྲོན་ཅན་ཚིག།།འཛངས་པས་ལེགས་པར་མ་བརྟགས་ནའ།།ཁོ་གླུ་འི་
l.r.1.3: དོན་རྣམས་མ་དཔྱད་པ་འི།།རི་དགས་གཞན་གྱྀས་བརླག་པ་སྣངའ།།མཁས་པས་རྟག་ཏུ་དགྲ་ལ་ཡང་།།མཉེན་
l.r.1.4: དེས་ཅན་དུ་བྱ་དགོས་སྟེ།།འཁྲི་ཤྀང་གཉེན་པོ་ལྗོན་ཤིང་ལྟར།།འཁྲིས་ནས་རྩེ་མེར་ཕྱིན་ཏེ་གནས།།ཁོང་རྒྱུ་
l.r.1.5: བདོག་པ་ཙམ་གྱིས་འདྀར།།དགོས་དགུ་གྲུབ་པར་མྱི་འགྱུར་བས།།ཡིན་ཀྱྀས་ལེགས་པར་རྣམ་དཔྱད་དེ།།ངག་གིས་
l.r.2.1: ཀུན་དང་འཐུན་ཅར་བྱའ།།ངག་གྱིས་བཞམས་སྟེ་སྨྲ་བྱ་ཞིང་།།རེས་འགའ་བྱི་ལ་འྀ་སྤྱོད་པ་ཡང་སྤྱོད་།།ཐབས་
l.r.2.2: དང་ལྡན་བ་འི་སྤྱོད་པ་ལ།།མཁས་པ་སུ་ཡང་སྨོད་མྱི་བྱེད།།རྔོན་པ་པུས་སྨོ་གཉིས་བཙུགས་ནས།།ཡན་ལག་
l.r.2.3: རྣམས་ནི་རྒུམ་བག་ཏུ།།བྱས་སྟེ་ཁོ་གླུ་སྙན་ལེན་པས།།རི་དགས་སོད་པར་མྱྀ་འགྱུར་རམ།།རྒྱལ་པོ་འི་བཞེད་
l.r.2.4: དང་མྱི་འབྱོར་པའ།།མཁས་པས་རྟག་ཏུ་འབད་དེ་སྤང།།ས་བདག་འཁོར་བབས་ཐག་རིང་ཞེས།།ཁྱད་དུག་སོད་པར་
l.r.2.5: [ང་མ་ཡིན།།ལུགས་ལ་མཁས་པ་འི་བློན་པོ་ཡིས།།སྐྱེ་བོ་མ་ལུས་སྐྱོང་བྱེད་པ་འི།།རྒྱལ་པོ་གཅིག་པུ་ཁོ་ནས་ཀྱང།།
l.r.3.1: ས་རྣམས་མ་ལུས་ཆམ་དུ་ཕེབས།།གང་ན་རྒྱལ་པོ་འི་འབངས་རྣམས་ཀྱི།།ལེགས་ཉེས་སེམས་པར་བྱེད་པ་འི།།
l.r.3.2: ཡུལ་དེ་རྒྱལ་པོ་ཡོད་ཅེས་བྱའ།།དེ་ལྟར་དེ་དག་གཙོར་བརྟག་གོ།།གང་ན་རྒྱལ་པོ་འབངས་རྣམས་ཀྱི།།ལེགས་ཉེས་
l.r.3.3: སེམས་པར་མྱི་བྱེད་པ།།རྒྱལ་པོ་དེ་དག་གཙུག་ལག་ལ།།མཁས་པ་རྣམས་ཀྱིས་བསྟེན་མྱི་བྱའ།།ཡོན་ཏན་ལྡན་བ་
l.r.3.4: ཆུང་ཡང་ནི།།འཇིག་རྟེན་ཐམས་ཆེན་ཐོབ་པར་འགྱུར།།ཟླ་བ་ཤས་ཙམ་ལུས་པ་ཡང།།དྲག་པོ་འི་ནི་སྤྱི་ལ་ཐོབས།།
l.r.3.5: མཁས་པ་གང་ཞིག་ཅག་མྱེད་པ་འི།།གནས་ནས་བྱོལ་ཏེ་བྲོས་པ་དཔའ།།རི་དགས་རྒྱལ་པོ་མྱི་གཙང་བ་འི་
l.r.4.1: གནས་ནས་བཟུར་བ་ག་ལ་ལྟར།།ལེགས་ཉེས་དོན་ཆེན་མྱི་སེམས་པར།།མུན་སྤུལ་བརྟུལ་པ་དཔའ་མ་ཡིན།།
l.r.4.2: དོན་ནི་དཔག་ཚད་བརྒྱའ་པ་འི།།གཡང་སར་མཆོང་བ་ཅི་ཆ་ཡོད།།ཡོན་ཏན་ལྡན་ཡང་ཐམས་ཅད་དུ།།གྲགས་ཆེན་
l.r.4.3: ཐོབ་པར་འགྱུར་མ་ཡིན།།ཟླ་བ་འི་འོད་ཟེར་བསལ་ཅིའྀ་རྣམས།།པད་མ་འི་རྫིང་དང་ཕྲད་མྱི་འགྱུརའ།།
l.r.4.4: མཇུག་དུ་དཀྱོར་འབྱིན་བྱེད་བ་འི་སྙིང་ཚིགས་མཁས་པ་སུས་མྱི་བསྔགས།།གང་གིས་འཁམས་འཁྲུགས་འགྱུར་
l.r.4.5: བ་འི།།ཁ་ཟས་ཞིམ་པོ་དེ་སུ་ཟ།།ཁམས་རྣམས་རྣམ་པར་མྱི་སྙན་ཡང།།ཕན་ཚྀག་སྨན་བཞིན་སྟེན་པར་བྱེད།།
l.r.5.1: རེ་ཤིང་ཅིག་ན་དེ་དག་ཀྱང།།ཡང་དག་བདུད་རྩི་ལྟ་བུར་འགྱུརའ།།རིགས་པ་འྀ་དོན་དང་མྱྀ་ལྡན་བ་འི།།གཞུང་ལུགས་གང་
l.r.5.2: ཞིག་རྩོམ་བྱེད་པ།།དེ་ཡིས་དགོངས་པ་གྲུབ་མྱི་འགྱུརའ།།སྔགས་དང་བྲལ་བ་འྀ་སྦྱིན་བསྲེག་བཞིན་།།སྐྱོན་དང་
l.r.5.3: ཡོན་ཏན་འདི་གཉྀས་ལ།།གཅིག་ཏུ་མཁས་པར་བྱས་ནས་ནི།།དགོས་པ་རྩོམ་བར་བྱེད་པ་གང།།དེ་ལ་ཉེས་པ་
l.r.5.4: རྒྱབ་ཀྱྀས་ཕྱོགས།།སྙིང་ལ་མཁོན་དུ་དམ་བཟུང་ནས།།བཤེས་པའི་ཆིག་ནི་སྟེན་བྱེད་པ།།་དེ་དག་མཛེས་པ་
l.r.5.5: མ་ཡིན་ཏེ།།སྲིན་བུས་བཟས་པ་འི་སྡོང་རུལ་བཞིན།།གང་ཞིག་ཚིག་དུ་གཞན་སྨྲ་ཞིང།།སྙྀང་ལ་འང་གཞན་
l.r.6.1.: ཞིག་འཞོག་བྱེད་པ།།རི་དགས་གཟུགས་འཆང་སྟག་ལྟ་བུར།།དེ་དག་ཡིད་བརྟན་གནས་མ་ཡིན།།གསོན་ཙེ་
l.r.6.2: གྲགས་པ་དག་པ་འི་རྒྱུ།།འཇིག་རྟེན་ཕ་རོལ་ཕན་འགྱུར་བ།།དེ་གཉིས་གཅིག་ཀྱང་མྱེད་པ་ནྀ།།འཇིག་རྟེན་
l.r.6.3: གཉྀས་ན་ཅི་ཤིག་མྱི།།གར་སྟེ་ཨ་སུ་ནི་ཟད་ཅེས་སྟེ།།རང་བརྩོན་བ་དོར་མྱི་བྱའ།།འབད་པ་མྱེད་པ་ཏིལ་དག་
l.r.6.4: ལས།།ཏིལ་མར་འཐོབ་པར་འགྱུར་མ་ཡིན།།ཀུན་ལ་མཉེན་དེས་མྱི་བྱ་སྟེ།།ཧ་ཆང་དེས་པ་ཡང་འང་
l.r.6.5: གནོད་པར་འགྱུརའ།།ཆུ་ཤིང་སྙྀང་པོ་མྱེད་པ་ལ་།།སུ་ཞིག་གཅོད་པར་རྩོམ་མྱི་བྱེད།།གང་ཞིག་གཏོང་ཕོད་
l.r.7.1: བློ་ལྡན་དཔའ།།ཚིག་བདེན་བཙང་ལ་བྱས་པ་བཟོད།།དེ་རྟག་ཏུ་དཔལ་འགྲོགས་རྣམས་།།གྲི་བ་མ་བཞིན་དུ་རྗེསུ་
l.r.7.2: འབྲང་།།ནགས་ཀྱྀ་གླང་ཆེན་ཆགས་པ་ཡིས།།བཅིངས་ནས་དབང་དུ་བྱེད་པ་ཡང།།ཐབས་མཁས་ཚུལ་ལ་
l.r.7.3: གནན་པ་འི།།ཡོན་ཏན་རྣམས་ཀྱྀ་མཐུ་སྟོབས་ཡིན།།རྗེ་དཔོན་རང་དོན་ལྷུར་ལེན་ལ་།།གཡོག་འཁོར་རྟེན
l.r.7.4: པར་མྱི་བྱེད་དེ།།ཤ་ལ་བརྐམ་བ་འི་སིང་འགེ་ལ།།འྭ་སྐེས་རེ་ཐག་ཆར་པ་བཞིན།།གང་ཞིག་ལེགས་བྱས་
l.r.7.5: མྱྀ་ཆོར་བའ།།དེ་ལ་གཡོག་འཁོར་སྟེན་མྱི་བྱེད།།ཚ་རྒོ་ཅན་ལ་ལེགས་རྨོས་ཀྱང་།།ལོ་ཐོག་ཕུན་སུམ་


Section: 2
l.v1.1: འོ།།བླ་ན་མྱེད་པ་ཡང་དག་པར་རྫོགས་པ་འི་བྱང་ཆུབ་དེ་སྲོག་མྱེད་པ་དང་།སེམས་ཅན་མྱེད་པ་དང་གང་ཟག་མྱེད་
l.v1.2: པར་མཉམ་བ་སྟེ།།དགེ་བའི་ཆོས་ཐམས་ཅད་ཀྱིས།མངོན་ཅར་རྫོགས་པར་འཚང་རྒྱ་འོ།།དགེ་བ་འི་ཆོས་རྣམས།
l.v1.3: དགེ་བ་འི་ཆོས་རྣམས་ཤེས་བྱ་བ་དེ་དག་ནི་།རབ་འབྱོར་དེ་བཞིན་གཤེགས་པས།་ཆོས་མྱེད་པར་གསྲངས་ཏེ།།
l.v1.4: དེ་འི་ཕྱྀར་དགེ་བ་འི་ཆོས་རྣམས་ཤེས་བྱ་འོ།།ཡང་རབ་འབྱོར་།བྱང་ཆུབ་སེམས་དཔའ་གང་གིས་སྟོང་སུམ་
l.v1.5: གྱྀ་སྟོང་ཆེན་པོ་འི་འཇྀག་རྟེན་གྱྀ་ཁམས་ཀྱི་རི་རབ་རྀ་འི་རྒྱལ་པོ་རྣམས་ཇི་སྙེད་པ་དེ་ཙམ་དུ་རིན་པོ་
l.v2.1: ཆེ་སྣ་བདུན་གྱྀས་ཕུང་པོ་མདོན་བར་བསྡུས་ཏེ།།སྦྱིན་བ་བྱྀན་བས།གང་གྀས་ཤེས་རབ་ཀྱི་ཕ་རོལ་དུ་
l.v2.2: ཕྱྀན་པ་འདི་ལས་ཐ་ན་ཚིག་བཞི་པ་འྀ་ཚིགས་སུ་བབད་པ་ཙམ་བཟུང་ནས།གཞན་དག་ལ་ཡང་བསྟན་ན།།
l.v2.3: རབ་འབྱོར་།བསོད་ནམས་ཀྱྀ་ཕུང་པོ་འདི་ལ་སྔ་མ་འི་བསོད་ནམས་ཀྱྀ་ཕུང་པོས།བརྒྱའ་འི་ཆར་ཡང་མྱྀ་ཕོད་
l.v2.4: པ་ནས།།དཔེའ་འི་ཅར་དུ་ཡང་མྱྀ་བཟོད་དོ།།རབ་འབྱོར་འདི་ཅི་སྙམ་དུ་སེམས།།དེ་བཞིན་གཤེགས་པ།འདི་
l.v2.5: ལྟར་ངས་སེམས་ཅན་བཀྲོལ་ལོ་སྙམ་དུ་དགོངས་པར་འཛིན་ན།།རབ་འབྱོར་དེ་ལྟར་མྱྀ་འལྟ་འོ།།དེ་ཅི་འི་ཕྱྀར་ཞེ་ན།།
l.v2.6: རབ་འབྱོར།དེ་བཞིན་གཤེགས་པས།བཀྲོལ་བ་འི་སེམས་ཅན་དེ་དག་གང་ཡང་མྱེད་དོ་།།རབ་འབྱོར་།གལ་ཏེ།།
l.v3.1: དེ་བཞིན་གཤེགས་པས།སེམས་ཅན་གང་ཡང་བཀྲོལ་བར་གྱུར་ན།།དེ་ཉིད་དེ་འྀ་བདག་དུ་འཛྀན་པར་གྱུར་ཏོ།།
l.v3.2: སེམས་ཅན་དུ་འཛིན་པ་དང་།སྲོག་དུ་འཛྀན་པ་དང་།གང་ཟག་དུ་འཛིན་པར་གྱུར་ཏོ།།རབ་འབྱོར་བདག་དུ་འཛིན་
l.v3.3: ཅེས་བྱ་བ་དེ་འཛྀན་པ་མྱེད་པར་།དེ་བཞིན་གཤེགས་པ་གསུང་མོད་ཀྱྀ་བྱིས་བ་སོ་སོ་འི་སྐྱེ་བོ་རྣམས་ཀྱྀས་གཟུང་
l.v3.4: ངོ།།རབ་འབྱོར་བྱིས་བ་སོ་སོ་འྀ་སྐྱེ་བོ་རྣམས་ཤེས་བྱ་བ་དེ་དག།སྐྱེ་བོ་མྱེད་པར་དེ་བཞིན་གཤེགས་པས་
l.v3.5: གསུངས་ཏེ།།་དེ་འི་ཕྱིར་བྱྀས་བ་སོ་སོ་འྀ་སྐྱེ་བོ་རྣམས་ཤེས་བྱ་འོ།།རབ་འབྱོར་འདྀ་ཅི་སྙམ་དུ་སེམས།།
l.v3.6: མཚན་ཕུན་སུམ་ཚོགས་པས།དེབཞྀན་གཤེགས་པར་ལྟ་འ་མ།།རབ་འབྱོར་གྱྀས་གསོལ་པའ།།
l.v4.1: བཅོམ་ལྡན་འདས་དེ་མ་ལགས་སོ།།མཚན་ཕུན་སུམ་ཚོགས་པས།།དེ་བཞིན་གཤེགས་པར་མྱྀ་བལྟ་འོ།།
l.v4.2: བཅོམ་ལྡན་འདས་ཀྱྀས་བཀའ་སྩལ་པ།།རབ་འབྱོར་གལ་ཏེ་མཚན་ཕུན་སུམ་ཚོགས་པས།དེ་བཞྀན་གཤེགས་
l.v4.3: པར་བལྟ་བར་གྱུར་ནའ།།འཁོར་ལོ་སྒྱུར་བ་འི་རྒྱལ་པོ་ཡང་དེ་བཞྀན་གཤེགས་པར་གྱུར་ཏེ།།་དེ་བས་ན་།
l.v4.4: མཚན་ཕུན་སུམ་ཚོགས་པས།་དེ་བཞིན་གཤེགས་པར་མྱྀ་བལྟ་འོ།།དེ་ནས།བཅོམ་ལྡན་འདས་ལ་།ཚེ་
l.v4.5: དང་ལྡན་བ་རབ་འབྱོར་གྱྀས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས།བདག་གྀས་ཇི་ལྟར་བཅོམ་
l.v4.6: ལྡན་འདས་ཀྱྀས་གསུངས་པ་འི་དོན་འཚལ་པ་ལྟར་ན་།མཚན་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་
l.v5.1: པར་མྱྀ་བལྟ་འོ།།དེ་ནས།་བཅོམ་ལྡན་འདས་ཀྱྀས་དེ་འི་ཚེ་ཚྀགསུ་བཅད་པ་འདི་གསུངས་སོ།།གང་རྣམས་ང་ལ་
l.v5.2: གཟུགས་སུ་མཐོང།གང་དག་ང་ལ་སྒྲ་ཤེས་པའ།ལོག་པར་སྤོངས་པར་ཞུགས་པ་སྟེ།།སྐྱེ་བོ་དེ་ཡྀས་ང་མྱི་
l.v5.3: མཐོང།།ཆོས་ཉྀད་དུ་ནི་སངས་རྒྱས་བལྟའ།།འདྲེན་པ་རྣམས་ནི་ཆོས་ཀྱྀ་སྐུ།།ཆོས་ཉྀད་རིག་པར་མྱྀ་རུང་སྟེ།།
l.v5.4: དེ་དག་རྣམ་པར་ཤེས་མྱི་ནུས།།རབ་འབྱོར་འདི་ཅི་སྙམ་དུ་སེམསས།།མཚན་ཕུན་སུམ་ཚོགས་པས།དེ་བཞིན་
l.v5.5: གཤེགས་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་པ་འི་བྱང་ཆུབ་མངོན་བར་རྫོགས་པར་སངས་རྒྱས་པ་སྙམ་དུ་
l.v5.6: འཛྀན་ན་།རབ་འབྱོར་དེ་ལྟར་མྱྀ་བལྟ་འོ།།རབ་འབྱོར་།མཚན་ཕུན་སུམ་ཚོགས་པ་ནི།དེ་བཞིན་གཤེགས་
l.v6.1: པ་།བླ་ན་མྱེད་པ་ཡང་དག་པར་རྫོགས་པ་འི་བྱང་ཆུབ་མངོན་བར་རྫོགས་པར་སངས་རྒྱས་པ་མྱེད་དོ།།རབ་འབྱོར་།
l.v6.2: བྱང་ཆུབ་སེམས་པ་འི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱྀས་ཆོས་གག་ཀྱང་རྣམས་པར་བཤེག་པ་འམ།
l.v6.3: ཆད་པ་བཏགས་པ་སྙམ་དུ་ཁྱོང་ངེ་ལྟར་འཛིན་ན།།རབ་འབྱོརད་དེ་ལྟར་མྱི་བལྟའོ།།བྱང་ཆུབ་སེམས་དཔའྀ་ཐེབ་པ་ལ་ཡང་
l.v6.4: དག་པར་ཞུགས་པ་རྣམས་ཀྱྀས་།རྣམ་པར་བཤེག་པ་འམ།ཆད་པ་བཏགས་པ་མྱེད་དོ།།ཡང་རབ་འབྱོརད་
l.v6.5: རྀགས་ཀྱི་བུ་པོ་འམ་རྀགས་ཀྱྀ་བུ་མོ།གང་འགའྀ་ཀླུང་གྀ་བྱེ་མ་སྙེང་ཀྱྀ་འཇིག་རྟེན་གྱི་ཁམས།རིན་པོ་ཆེ་སྣ་བདུན་
l.v6.6: རབ་དུ་གང་བར་བྱས་ཏེ།།སྦྱྀན་བ་བྱིན་བབས།བྱང་ཆུབ་སེམས་དཔའ་གང་གྀས་།ཆོས་རྣམས་།བདག་མྱེང་སྐྱེ་བ་མྱེང་པ་ལ།
l.v7.1: བཟོང་པར་དུ་ཐོབ་ན་དེ་དག་དེའྀ་གཞི་ལས་བསོད་ནམས་ཀྱྀ་ཕུང་པོ་ཆེས་མང་དུ་སྐྱེད་དོ།།ཡང་རབ་འབྱོར་བྱང་ཆུབ་
l.v7.2: སེམས་དཔའ་བསོད་ནམས་ཀྱྀ་ཕུང་པོ་ཀུན་མྱྀ་བཟུང་ངོ།།ཚེ་དང་ལྡན་བ་རབ་འབྱོརད།གྱིས་གསོལ་པའ།།བཅོམ་
l.v7.3: ལྡན་འདས་།བྱང་ཆུབ་སེམས་དཔའས།བསོད་ནམས་ཀྱྀ་ཕུང་པོ་ཀུན་བཟུང་བར་བགྱྀ་འམ།བཅོམ་ལྡན་འདས་ཀྱྀས་
l.v7.4: བཀའ་སྩལ་པ་།།རབ་འབྱོརད།ཀུན་བཟུང་མོད་ཀྱྀ་ལོག་པར་མྱྀ་བཟུང་སྟེ།དེའྀ་ཕྱིར་ཀུན་གཟུང་ཞེས་བྱ་འོ།།རབ་འབྱོརད།
l.v7.5: གང་ལ་ལ་ཞིག་དེ་བཞྀན་གཤེགས་པ་།བཞུང་ངམ་བྱོན་དམ་བཞེངས་སམ།བཞུགས་སམ།མན་ལ་པ་མཛང་ངོ་ཞེས།
l.v7.6: དེ་ངས་བཤད་པའྀ་དོན་མྱི་ཤེས་སོ།།དེ་ཅྀའི་རབ་འབྱོརད་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི



(DKR)