Section: 1
l.1r.1: ༄། །ལ།། གལ་ཏེ་དམྱྀགས་པའྀ་ཚུལ་གྱྀས་བསྔོས་ན་ཉེས་པའྀ་སྐྱོན་དུ་ཡང་འགྱུར་ཏེ། སྡུས་པའྀ་ཚྀགསུ་བཅད་པའྀ་མདོ་ལས། །ཇྀ་ལྟར་དུག་དང་འདྲེས་པའྀ་ཁ་(ཟས)
l.1r.2: དེ་འདྲར་རྒྱལ་བས་གསུངས། །ཤེས་འབྱུང་བས་ན།། དམྱྀགས་པའྀ་ཚུལ་གྱྀས་བསྔོ་བ་ནྀ་དོན་མྱྀ་ཆེ་བར་མངོན་ནོ། །ཡང་ཁ་ཅྀག་ན་རེ། །དང་པོ་སེམ་བ(བསྐྱེད)
l.1r.3: ཅར་བསྒོམ་དུ་མྱྀ་རུང་ངོ་ཞེ་ན་། དེ་ལ་བཤད་པའ། །ཤེས་རབ་གྱྀ་ཕ་རོལ་དུ་ཕྱྀན་པའྀ་མདོ་ལས། །དང་པོ་སེམས་བསྐྱེད་ནས། །རྣམ་པ་ཐམས་ཅད
l.1r.4: ཆེན་པོའྀ་མདོ་ལས་ཀྱང། །དོན་གཅྀག་ཅར་གོ །གོ་མ་ཐག་དུ་གཅྀག་ཅར་ཐམས་ཅད་འབྱང་ངོ༌། །དངོས་པོ་ཅན་ནྀ་གཅྀག་ཅར་ཟད་པ་མ་ཡྀན་གྱྀ་། རྀམས་གྱིས
l.1r.5: རྒྱུ་རྐྱེན་རྟེན་འབྲེལ་བཤད་པའ།དང༌། རྀམ་པར་འཇུག་པ་བསྟན་པཱ། རྨོངས་པ་རྣམས་ལ་ཐབས་གྱྀས་གསུངས། །ལྷུན་གྱྀས་གྲུབ་པའྀ་ཆོས་འདྀ་ལ། རྀམསུ་སྦྱང་བ་ཅྀ་ཞྀག་ཡོད།། མཐའ
l.1r.6: ཡང་ཁས་བླང་མྱེད། དེ་ཚེ་སེམས་ནྀ་ནམ་མཁའ་སྟེ། །སངས་རྒྱས་དང་ནྀ་སྤྱོད་ཡུལ་གཅྀག །ཅེས་འབྱུང༌། །ཡང་དག་པའྀ་ཡེ་ཤེས་བསམ་གྱྀས་མྱྀ་ཁྱབ་པའྀ་མདོ་ལས།།ཀྱང༌།། སེ(སེམས)
l.1r.7: འདུལ་བ་དེ་ལྟ་བུར་ཐོས་སོ་ཞེས་འབྱུང༌། །ལང་ཀར་གཤེས་པའྀ་མདོ་ལས་ཀྱང། །བློ་གྲོས་ཆེན་པོ་འདྀ་ལྟ་སྟེ། །མྱེ་ལོང་གྀ་ནང་དུ་གཟུགས་ཀྱྀ་གཟུགས་སུ་སྐྱེ
l.1v.1: དེ་བཞྀན་དུ་། །བློ་གྲོས་ཆེན་པོ་དེ་བཞྀན་གཤེགས་པ་ཡང༌། སེམས་ཅན་ཐམས་ཅད་ཀྱྀ་། རང་གྀ་སེམས་སྣང་བའྀ་རྒྱུད་རྣམ་པར་མྱྀ་རྟོགས་ཅྀང། །སྣང་བ་མྱེད་
l.1v.2: པས། །དང་པོ་ནས་རྣམ་པར་མྱྀ་རྟོག་པ་བསྒོམ་ཏུ་རུང་བར་མངོན་ལ་། །གལ་ཏེ་ཕྱྀ་ཞྀག་ན་མྱྀ་རྟོག་པའི་དོན་ཐོབ་པར་འགྱུར་རོ་བར་སེམས་ན་། ལེ་ལོར་གྱུརད་པ
l.1v.3: ཞྀག་འདྀ་སྐད་རྀ་རབ་རྀ་བཤྀག་པའྀ།། རྗེས་ལ་བྱང་ཅུབ་མཆོག་ཐོབ་འགྱུར་ཞེས་སྨྲ་བ་ལས།། ཅྀ་སྟེ་སྐྱོ་བའྀ་བློ་སྐྱེད་ཚད་ཀྱང་སེམས་བྱེད་ནའ།། དེ་ཙེ
l.1v.4: གསུངས་པས་། །དང་པོ་ནས་རྣམ་པར་མྱྀ་རྟོག་པ་བསྒོམ་དུ་མྱྀ་རུང་ངོ་ཞེས་འཆད་པ་ནྀ། །བན་གླང་ལ་བརྡེག་པའྀ་དབྱུག་པས་བོང་བུ་ལ་མྱྀ་བཟོད་པཱ
l.1v.5: ཁ་ཅྀག་ན་རེ་།། སྟོང་པ་ཉྀད་ཀྱྀ་ཏྀང་ངེ་འཛིན་ལ་གནས་པས། སེམས་ཅན་གྱྀ་དོན་བྱེད་པར་མྱྀ་ནུས་སོ་ཞེ་ན།། དེ་ལ་བཤད་པཱ་།། ཤེས་རབ་གྱྀ་ཕ་རོལ་ཏུ་ཕྱྀན་པའྀ་མདོ་ལས།།ར
l.1v.6: (ཏིང་ངེ)་འཛྀན་གསུམ་པོ་ལ་གནས་ཤྀང༌།། སེམས་ཅན་གང་རྣམ་པར་རྟོག་པའྀ་འདུ་ཤེས་ལ་སྤྱོད་པའ་དེ་དག་ནྀ་། སྟོང་པ་ཉྀད་ལ་རབ་ཏུ་བཀོད་དོ། །སེམས་ཅན་གང་མཚན་མ་ལ
l.1v.7: སེམས་ཅན་གང་སྨོན་པ་ལ་སྤྱོད་པའ། དེ་དག་ནྀ་སྨོན་པ་མྱེད་པ་ལ་སྦྱོར་རོ། །རབ་འབྱོར་བྱང་ཅུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་གྱྀ་ཕ་(རོལ)



(DKR)