Part of the same original manuscript as Pelliot tibétain 818

Section: 1
l.1r.1: ༠མྱྀ་གནས་པ་ནྀ། སྐད་གཅྀག་པ་ཞེས་ངས་བཤད་དོ། །ཀུན་གཞྀའི་རྣམ་པར་ཤེས་པ། དེ་བཞྀན་གཤེགས་པའྀ་སྙིང་པོ་ཞེས་བསྒྲགས་པ། ཡྀད་དང་ལྷན་གཅྀག་པ། སྐད་ཅྀག་པ་ནྀ་འཇུག་པའྀ་རྣམ་པར་ཤེས་པའྀ་བག་ཆགས་ཀྱྀས། སྐད་ཅིག་ཡྀན་ཏེ། །
l.1r.2: ཟག་པ་མྱེད་པའྀ་བག་ཆགས་ཀྱྀས་ནྀ། སྐད་གཅྀག་པ་མ་ཡྀན་ནོ། །གཞན་ཡང་གསེར་དང་རྡོ་རྗེ་དང། རྒྱལ་བའྀ་རིང་བསྲེལ་དང། ཐོབ་པ་དང་ཁྱད་པར་དག་ནྀ་མྱྀ་འཇྀག་པ་ཡིན་ཏེ། གལ་ཏེ་མངོན་བར་རྟོགས་པ། ཐོབ་པ་སྐད་ཅིག་པ་ཡིན་ན་ནྀ། འཕགས་པ་རྣམས་
l.1r.3: འཕགས་པ་མ་ཡིན་བར་འགྱུར་ཏེ། འཕགས་པ་རྣམས་ནྀ་འཕགས་པ་མ་ཡིན་པར་མྱི་འགྱུར་རོ། །གཙུག་ཏོར་གྱི་མདོ་ལས། །ནམ་ཚོར་བ་དང་མྱི་ལྡན་བའྀ་ཚེ། ཉོན་མོངས་པའྀ་མཚན་མ་ཡོང་བར་གྱུརད་ཏོ། །ཉོན་མོངས་པ་མ་སྐྱེས་པའྀ་
l.1r.4: ཚེ་ཚོར་བ་དང་ལྡན་བས་ཡང་དག་པ་ཉྀད་དུ་གྱུར་ཏེ་དམ་པའྀ་རང་བཞིན་གསལ་བས་ཁྱབ་པར་འགྱུར་རོ། །ཕར(པར)་ནེར་བན་གྱྀ་མདོ་ལས། ། ཤེས་རབ་ཡོད་པའི་ཚེ་ན་ནྀ་མྱ་ངན་འཁྲུག་པ་མྱེད་དོ། །མྱ་ངན་འཁྲུག་པ་ཡོད་པའྀ་ཙེ་(ཚེ)ན་ནི་ཤེས་རབ་མྱེད་དོ། །ལང་ཀ་ཕའི་མདོ་ལས།
l.1r.5: མྱ་ངན་ལས་འདས་པ་གག་ན།བ་དེ་ན་འཁོར་བ་མྱེད་དོ། །འཁོར་བ་གག་ན་བ་དེ་ན་མྱ་ངན་ལས་འདས་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་ལས། །ཅྀ་ནས་ཀྱང་སེམས་དང་སེམས་ལས་བྱུང་བའྀ་ཆོས། མྱྀ་རྒྱུ་བ་དེ་ལྟར་ཡོངསུ་སྤྱད་པར་བྱའོ། །ཡང།།བག་ཆགས་དང་མྱྀ་ལྡན་མ་བྲལ་ན། སེམས་གྱྀ་རང་བཞྀན་
l.1v.1: འོད་གསལ་བའོ། །ཡང།།དེ་བཞྀན་གཤེགས་པ་ཉྀད་ལ་གནས་པ་ལ། ཡོངས་སུ་རྒྱུ་བ་དེ་དག་མྱྀ་འཇུག །འབྱུང་ངོ། །མདོ་སྡེ་ཟབ་མོ་ལ་དད་པ་དང་མོས་པས །སྡིག་པ་འབྱང་བ་ཅི་ལྟ་བུ་ཞེ་ན། །དེ་བཞིན་གཤེགས་པའི་མཛོད་གྱྀ་མདོ་ལས། །འོད་སྲུང་འདྀ་ལྟ་
l.1v.2: སྟེ། མཚམས་མྱེད་པ་ལྔ་དང། མྱྀ་དགེ་བ་བཅུ་ལ་སྩོགས་པའྀ་ལས་གྱྀ་ལམ་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་འདྀ་དང༌། ལྡན་བར་གྱུར་ལ། དེ་ཡང་དེ་བཞྀན་གཤེགས་པའྀ་རྒྱུ་དང༌། རྐྱེན་དུ་ལྡན་པའྀ་ཆོས་བསྟན་པ་ལ། འཇུག་སྟེ། །བདག་གམ་སེམས་ཅན
l.1v.3: ནམ་སྲོག་གམ། གང་ཟག་གང་ཡང་མྱེད་དོ་ཞེས། དེ་ལྟར་མ་བྱས་པ། དེ་ལྟར་མ་བྱས་པ་མངོན་བར་འདུ་མྱྀ་བྱེད་པ། །སྒྱུ་མའྀ་ཆོས་ཉིད་ཀུན་ནས་ཉོན་མོངས་པ་མྱེད་པ། རང་བཞྀན་གྱྀས་འོད་གསལ་བའྀ་ཆོས་ལ་འཇུག་ཅིང༌། །
l.1v.4: ཆོས་ཐམས་ཅད་ཐོག་མ་ནས་དག་པར་མངོན་བར་དད་པ་དང། །མོས་པའྀ་སེམས་ཅན་དེ་ངན་སོང་དུ་འགྲོའོ་ཞེས་ང་མྱྀ་སྨྲའོ།  །མ་སྐྱེས་དགྲའི་མདོ་ལས། །བཀའ་སྩལ་པའ། །ཀུན་དགའ་བོ
l.1v.5: ཁྱོད་ཀྱྀ་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་མཚམས་མྱེད་པ་བྱེད་པས། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། འཇུག་ཅྀང་མོས་ན། །དེའྀ་ལས་དེ་ལས་གྱྀ་སྒྲྀབ་པ་ཡྀན་ནོ་ཞེས་ང་མྱྀ་སྨྲའོ་ཞེས་གསུངས་སོ།  །ཕྱོགས་སུ་རྒྱས་པའི་མདོ་ལས། །
l.2r.1: ༄། །ནས་ཀྱང། དམ་པའྀ་ཆོས་བསྐལ་པ་འམ་། བསྐལ་པའྀ་ལྷག་མར་གནས་པ་དག་ཀྱང་ཡོད་དོ། །ཡང། །གསོལ་པའ། །སེམས་དང་པོ་བསྐྱེད་པས་ཅྀ་ཡིད་ལ་བགྱི། །བཀའ་སྩལ་པའ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡྀད་ལ་བྱའོ། །
l.2r.2: གསོལ་པའ། །རྣམ་པ་ཐམས་ཅད་མཁྱེད་པ་ཉྀད་དངོས་པོ་ཅྀ་ལྟ་བུ་ཞིག་མཆིས། །བཀའ་སྩལ་པ་ངེས་པའྀ་བྱང་ཆུབ་སེམས་དཔའ་ངན་རྣམ་པ་ཐམས་ཅད་མཁྱེན་པ་ཉྀད་ནྀ་དམྱིགས་སུ་མྱེད་པ་འོ། །ཡང། །གསོལ་པ། སེམས་དང་པོ་བསྐྱེད་
l.2r.3: པ་ངེས་སམ་མ་ངེས། །བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནྀ་ངེས་པ་འོ། །གསོལ་པ། ངེས་པའྀ་བྱང་ཆུབ་སེམས་དཔའ་ངན་སོང་དུ་ལྟུང་ངམ་མྱྀ་ལྟུང༌། །བཀའ་སྩལ་པ་། ངེས་པའི་བྱང་ཆུབ་སེམས་
l.2r.4: དཔའ་ངན་སོང་དུ་ལྟུང་བའི་གནས་མྱེད་དོ། །རྡོ་རྗེ་གཅོད་པའྀ་མདོ་ལས་།། བྱང་ཆུབ་སེམས་དཔའ་ས་ཅི་ལ་ཡང་མྱི་གནས་པར་སེམས་བསྐྱེད་པར་བྱ་འོ།། །དེ་ལ་དང་པོ་སེམས་བསྐྱེད་པས། ཆོས་རིག་པ་དེའྀ་ཡོན་
l.2r.5: ཏན་དང། སེམས་ཅན་གྱི་དོན་བྱེད་པའྀ་མཐུ་ཇྀ་ལྟ་བུ་ཞེ་ན། །བྱང་ཆུབ་ཀྱི་སྡེ་སྣོད་གྱི་མདོ་ལས།། འདྀ་ལྟར་ཐམས་ཅད་མཁྱེན་པའྀ་སེམས་བསྐྱེད་པ་ལས་བདུད་དང། བདུད་གྱི་རྀས་དང་ལྷས་བསྐུལ་བར་མྱྀ་ནུས།
l.2v.1: ཕུང་པོ་མ་ལུས་པའྀ་མྱ་ངན་ལས་འདས་པའྀ་དབྱྀངས་སུ་མྱ་ངན་ལས་འདའ་ཞིང༌། དེ་དག་མྱ་ངན་ལས་འདས། ས་ནས་སར་འགྲོ་བ་ལ་མཁས་པར་འགྱུར་རོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་གྱྀས་མྱྀ་གོས་པར་འགྱུར་རོ། །དཀོན་མཆོག་གྀ་བརྩེགས་པའི་མདོ་ལས། །འོད་སྲུང་དང་
l.2v.2: པོ་སེམས་བསྐྱེད་པའྀ་བྱང་ཅུབ་སེམས་དཔའྀ་ཡོན་ཏན་རབ་དུ་ཤེས་པར་བྱའྀ་ཕྱྀར། །ཁྱོད་ལ་དཔེས་བསྟན་ཏོ། །འདྀ་ལྟ་སྟེ། ས་ཅུ་(ཆུ)མྱེ་རླུང་ཆེན་པོ་བཞྀ་ནི་སེམས་ཅན་ཐམས་ཅད་གྱྀ་འཚོ་བ་སྟེ། །འགྱུར་བ་མྱེད་ཅྀང་ལྡོག་པ་མྱེད་དོ། །དེ་བཞྀན་དུ་ཐོག་མ་
l.2v.3: སེམས་བསྐྱེད་པའྀ་བྱང་ཅུབ་སེམས་དཔའ་བྱང་ཅུབ་གྱི་སྙིང་པོའྀ་མཐའྀ་བར་དུ། །སེམས་ཅན་ཐམས་ཅད་ཀྱྀ་འཚོར་བ་ཡིན་ནོ། །འབྱུང་བ་མྱེད་ཅྀང་ཕྱྀར་བྱ་བ་མྱེད་དོ། །ཡང།།འདི་ལྟ་སྟེ་རྒྱལ་རིགས
l.2v.4: བསམ་བ་དག་པའྀ་བྱང་ཅུབ་སེམས་དཔའ་ནྀ་ཟླ་བ་ཡར་གྱི་ངོ་དང།འདྲ་སྟེ། དེ་དགེ་བའྀ་ཆོས་ཐམས་ཅད་སྐྱེ་ཞྀང་རྫོགས་པར་འགྱུར་རོ། །ཉི་མའྀ་དཀྱྀ་ལ་འཁོར་གྱྀ་འོད་གཟེར་དང།འདྲ་སྟེ། སེམས་ཅན
l.2v.5: ཐམས་ཅད་གྱྀ་ཡེ་ཤེས་སྣང་བར་བྱེད་དོ། །རྀ་དགས་གྱྀ་རྒྱལ་པོ་སེང་གེ་དང་འདྲ་སྟེ། གར་འགྲོ་ཡང་འཇྀགས་ཤྀང་བག་ཚ་བ་མྱེད་དོ། །ཡང།།འདྀ་ལྟ་སྟེ། རྒྱལ་རྀགས་གྱྀ་སྤྱི་བོ་ནས་དབང་བསྐུར་བའྀ་བཙུན་མོ་དམ་པའ་
l.3r.1: ༄། །ཆོས་ཐམས་ཅད་ལ་མྱྀ་དམྱྀགས་པ་ནྀ་ཡེ་ཤེས་སོ། །དེ་ལ་སྒྲ་ཅི་བཞྀན་དུ་མ་སོང་བར་། ངེས་པའི་དོན་ཀྱྀ་མདོ་སྡེ་འྀ་ཕྱིར་འདྲང་བར་བྱ་བ་གང་ཞེ་ནའ།། ལང་ཀའྀ་མདོ་ལས། །ཚྀག་དུ་རྣམ་པར་རྟོག་པའྀ་སྒྲ་འྀ་མར་མྱེས་། །ཚྀག་གྀ་རྣམ་པར་རྟོག་པའ་
l.3r.2: དང་བྲལ་བའ། སོ་སོ་རང་གྀས་རྀག་པའྀ་དོན་ཀྱྀ་ཡུལ་ལ་རྗེས་སུ་འཇུག་གོ། །བྱང་ཅུབ་ཀྱྀ་སྡེ་སྣོད་ཀྱྀ་མདོ་ལས། །འཕགས་པའྀ་ཡང་དག་པར་ལྟ་བར་འབྱུང་བ་ནི་། །རྒྱུ་དང་རྐྱེན་གཉྀས་ཏེ། གཉྀས་གང་ཞེ་ན། གཞན་གྱྀ་སྒྲ་དང་བདག་ཉྀད་ཚུལ་བཞྀན་དུ་ཡྀད་ལ་བྱེད་
l.3r.3: པའོ། །དེ་འདྀ་སྙམ་དུ་སེམས་ཏེ། གཞན་གྱྀ་སྒྲ་གང༌། བདག་ཉྀད་ཚུལ་བཞྀན་དུ་ཡྀད་ལ་བྱེད་པ་དེ་གང་ཞེ་ནའ། དེ་དེ་ལྟར་ཚུལ་བཞྀན་དུ་ཡྀད་ལ་བྱེད་པ་ནའ། འདྀ་སྙམ་དུ་སེམས་པར་འགྱུར་ཏེ། རྣལ་འབྱོར་སྤྱོད་པ་གང་དག་། བྱང་ཆུབ་སེམས་
l.3r.4: དཔའྀ་སྡེ་སྣོད་ཀྱྀ་རྣམ་གྲངས་འདྀ་མ་ཐོས། འཕགས་པའྀ་ཆོས་འདུལ་བ་མ་ཐོས་པར་། ཏྀང་ངེ་འཛྀན་ཙམ་གྱྀས་དགའ་བ་རྙེད་ནས་། ང་རྒྱལ་གྱྀ་དབང་གྀས་ཆེ་བའྀ་ང་རྒྱལ་དུ་ལྷུང་བ་དེ་དག་ནི། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆྀ་བ་དང༌། མྱ་ངན་
l.3r.5: དང༌། སྨྲེ་སྔགས་འདོན་པ་ཐམས་ཅད་ལས། ཡོངས་སུ་མྱྀ་ཐར་ཏེ་། དེ་བཞྀན་གཤེགས་པས་དེ་ལས་དགོངས་ནས། འདྀ་སྐད་དུ་གསུངས་སོ། །ཕ་རོལ་ལས་རྗེས་སུ་འཐུན་(མཐུན)བ་ཐོས་པ་ནྀ་། རྒ་བ་དང་འཆྀ་བ་ལས་རྣམ་པར་འགྲོལ་བ་འོ། །གང་གྀ་ཚེ་ཆོས་
l.3v.1: ཐམས་ཅད་རང་བཞྀན་གྱྀས་ཉེ་བར་ཞྀ་བ་མཐོང་བ་རང་བཞྀན་གྱྀས་སྙོམས་པར་མཐོང་བ་དེའྀ་ཚེ་། ཚུལ་བཞྀན་མཐོང་ངོ། །ཕྱོགས་སུ་རྒྱས་པའྀ་མདོ་ལས། །ཆོས་ཀྱྀ་ཡྀ་གེ་འདྀ་སངས་རྒྱས་རྣམས་ཀྱྀ་ནི་ཡུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱྀ་ནྀ་ལམ། སློབ་པའྀ་ནི་
l.3v.2: དམྱྀག་(མིག)གོ། །འཇམ་དཔལ་གནས་པའྀ་མདོ་ལས། །ཤ་རྀའྀ་བུ་དེ་ལྟ་བས་ན།ཆོས་ཀྱྀ་རྣམ་གྲངས་འདྀ་ཐེ་ཙོམ་དང༌། བཅས་པས་ཐོས་པ་ནི་དམ་པ་ཡིན་གྱྀ། འཇིག་རྟེན་གྱྀ་བསམ་གཏན་བརྒྱད་དང༌། ཚད་མྱེད་པ་བཞྀ་བསྒོམས་པའྀ་ས་ནྀ།དེ་ལྟ་མ་ཡིན་ནོ། །དེ་ཅྀའྀ་ཕྱིར་
l.3v.3: ཞེ་ན། ཆོས་འདྀ་ལྟ་བུ་མ་ཐོས་པ་ནྀ། འཁོར་བའྀ་སྐྱེ་རྒ་ན་འཆྀ་ལས་མྱྀ་འགྲོལ་ལོ་ཞེས་བཤད་དོ། ༔ །དེ་ལ་དཀྲི་བའྀ་དོན་ཀྱྀ་མདོ་སྡེ་འི་ཕྱིར་མྱྀ་འབྲང་བར་བྱ་བ་གང་ཞེ་ནའ།། ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱྀན་པའི་མདོ་ལས། །བཀའ་
l.3v.4: སྩལ་པའ། མ་འོངས་པའྀ་དུས་ནའ། རྀགས་ཀྱྀ་བུ་འམ། རྀགས་ཀྱྀ་བུ་མོ་གང་ལ་ལ་བྱང་ཆུབ་སེམས་དཔའྀ་ཐེག་བ་པ་རྣམས་ལ་ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱྀན་པའྀ་གཟུགས་བརྙན་སྟོན་པ་འབྱུང་སྟེ། །དེར་རྀགས་ཀྱྀ་བུ་འམ་རིགས་ཀྱྀ་བུ་
l.3v.5: མོ་གང་བླ་ན་མྱེད་པའྀ་བྱང་ཅུབ་དུ་ཞུགས་པ་དེ་དག་གྀས་ཀྱང༌། གཟུགས་བརྙན་དེ་བོས་ནས། ལམ་སྟོར་པར་འགྱུར་ཏེ། །དེ་དག་ལ་ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱྀན་པ་འདྀ་དོན་དང།ལྡན། ཡྀ་གེ་དང་ལྡན་བར་བསྟན་པར་བྱའོ། །གསོལ་པ་ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱྀན་པའྀ
l.4r.1: ༇ ལས་དང་པོ་པའྀ་བྱང་ཆུབ་སེམས་དཔའ་ཇྀ་ལྟར་ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱྀ། །བཀའ་སྩལ་པའ། །འདྀ་ལ་ལས་དང་པོ་པའྀ་བྱང་ཆུབ་སེམས་དཔའ་ས་ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་འདོད་ན། དེ་དགེ་བའྀ་བཤེས་གཉེན་ཤེས་རབ་
l.4r.2: ཀྱྀ་ཕ་རོལ་དུ་ཕྱྀན་པ་སྟོན་པ་དེ་དག་ལ་བསྙེན་བཀུར་བར་བྱའོ། །བྱང་ཆུབ་ཀྱྀ་སྡེ་སྣོད་ཀྱྀ་མདོ་ལས། །བྱང་ཆུབ་སེམས་དཔས་དགེ་བའྀ་བཤེས་གཉེན་ལ་ཆུང་ངུ་ན། ཆུ་ཕོར་(བོར)བུ་གང་ཙམ་ཡང་དབུལ་ལོ། །གསེར་འོད་དམ་པའྀ་མདོ་ལས། །ཀུན་རྫོབ་ཀྱྀ་ཚུལ་དུ་བསྟན་
l.4r.3: ཅྀང་བཤད་མོད་ཀྱྀ་། །ཡང་དག་པའྀ་གཞུང་ལ་བློས་བརྟགས་ནའ། དེ་ལྟ་མ་ཡིན་ནོ། །ཚྀག་སྒྱུ་མས་ཡང་དག་པའྀ་གཞུང་མངོན་བར་བྱ་བའྀ་ཕྱྀར་རོ། །དེ་ལྟར་དགེ་བའི་བཤེས་གཉེན་ལ་བརྟེན་དགོས་ན། །ཇྀ་ལྟ་བུ་ལ་བརྟེན་ཅེ་ན།
l.4r.4: ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱིན་པའྀ་མདོ་ལས། །བཀའ་སྩལ་པའ། །བྱང་ཅུབ་སེམས་དཔའྀ་དགེ་བའྀ་བཤེས་གཉེན་ནི་། གང་དེ་ལ་གཟུགས་མྱི་རྟག་ཅེས་བྱ་བར་དེ་མྱྀ་དམྱྀགས་པའི་ཚུལ་གྱྀས་ཆོས་སྟོན་ཅིང། དགེ་བའྀ་རྩ་བ་ཐམས་ཅད་ཀྱང་རྣམ་པ་
l.4r.5: ཐམས་ཅད་མཁྱེན་པའ་ཉྀད་མ་གཏོགས་པར་ཉན་ཐོས་ཀྱྀ་ས་འམ། རང་སངས་རྒྱས་ཀྱྀ་སར་ཡོངས་སུ་སྔོར་མྱིི་འཇུག་པའོ་། །སངས་རྒྱས་ཀྱྀ་མཛོད་ཀྱི་མདོ་ལས། །ཅྀ་ཡང་ཐོབ་པ་མྱེད་པར་སྟོན་པ་ནི། །དགེ་བའྀ་བཤེས་གཉེན་ནོ། །མཐོང་ངོ་ཆོག་དང།
l.4v.1: སྨྲ་བའྀ་ཚིག་གྀ་ལམ་བཅད་དེ། དཔེར་ན། ནམ་མཁའྀ་ནང་གི་ལག་པ་དང།མཚུངས་ཏེ། ཅྀ་ཡང་རེག་ཅྀང་ཐོགས་པ་མྱེད་དོ། །དགེ་སྦྱོང་རྣམས་ཀྱི་ཆོས་ནྀ་ཀུན་ཀྱང་དེ་བཞིན་བའྀ་རིགས་སོ། །ཆོས་སོ་ཆོག་ལ་རྣམ་པར་མྱི་རྟོག་ནའ། དེ་འྀ་མྱིང་ནི་སངས་རྒྱས་མཐོང་
l.4v.2: བའོ།།༔ །།དེ་ལ་མྱི་དགེ་བའྀ་བཤེས་གཉེན་ཇྀ་ལྟ་བུ་ཞེ་ནའ། །སངས་རྒྱས་ཀྱྀ་མཛོད་ཀྱྀ་མདོ་ལས། །དགྲས་སྲོག་ཕྲོགས་མོད་ཀྱྀ་། ལུས་གཅྀག་སྟོར་དུ་ཟད་དོ། །དེ་ལྟ་བུའྀ་མྱི་(མིས)གཏི་མུག་གྀས་ཆོས་བཤད་པ་མྱི་གཙང་བ་ནྀ་། བསྐལ་པ་སྟོང་ཁྲི་འབུམ་གྱྀ་བར་དུ།
l.4v.3: སེམས་ཅན་དམྱལ་བ་རྣམས་ཀྱྀ་རྐུན་པོའི་མྱ་ངན་ཆེད་(ཆེན)པོ་བྱས་སོ། །མྱི་ལ་ལ་ཞྀག་གྀས་སྟོང་གསུམ་གྱི་སྟོང་ཆེན་པོའྀ་འཇྀག་རྟེན་གྱྀ་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱྀ་སྲོག་ཕྲོགས་པ་བས་། ཆོས་འཆད་པ་མྱི་གཙང་བའྀ་སྡིག་དེ་
l.4v.4: བས་ཆེ་འོ། །ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱྀན་པའྀ་མདོ་ལས། །ཐམས་ཅད་དམྱིགས་པའྀ་ཚུལ་དུ་སྟོན་པ་ནྀ་སྡྀག་པའྀ་གྲོགས་པོའོ། །ཡང།།གསོལ་པ། ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སྡིག་པའྀ་གྲོགས་པོས་ཡོངས་སུ་ཟིན་ཅིང།
l.4v.5: ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱིན་པ་འདྀ་ཐོས་ནའ། འཇྀགས་ཤིང་སྐྲག་ལ། སྡྀག་པའྀ་གྲོགས་པོ་འི་སུག་པར་ལྷུང་བ་ལགས། །བཀའ་སྩལ་པའ། །སྡྀག་པའྀ་གྲོགས་པོ་(པོས)།། ནི། ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱིན་པ་ལ་མོས་པ་མྱེད་པར་བྱེད་ཅྀང༌། ཟློག་པར་བྱེད་པའོ།།
l.5r.1: ༇ ཆགས་པས་ཟྀལ་ཀྱྀས་ནོན་པ་ཆོས་མ་ཡིན་པ་ལྟ་བ། སེམས་ངེས་པར་མྱྀ་རྟོག་པ་འདྲིད་པ་བརྫུན་དུ་སྨྲ་བས། ངའྀ་བསྟན་པ་འདི་ནུབ་པར་བྱེད་དོ། །ཡང། །དེ་ནས་ང་གནས་བརྟན་འོད་སྲུང་ཆེན་པོས། བཅོམ་ལྡན་འདས་ལ་འདྀ་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
l.5r.2: འདས་དགེ་སློང་ཇྀ་ལྟ་བུས་ཞལ་ཏ་བགྱྀས། །བཀའ་སྩལ་པའ། །འོད་སྲུང་དགེ་སློང་གཉྀས་ཀྱྀས་ཞལ་ཏ་བྱ་བར་ངས་གནང་སྟེ། གཉྀས་གང་ཞེ་ན། །ཡོངས་སུ་དག་པའྀ་དགེ་སློང། །འཇྀག་རྟེན་ཕ་རོལ་གྱྀ་ཁ་ན་མ་ཐོ་བས། འཇྀགས་པ་ལྟ་བའ། ལས་ཀྱྀ་རྣམ་པར་སྨྱྀན་པའྀ་
l.5r.3: རྗེས་སུ་འབྲང་བས། ངོ་ཚ་ཞིང་འགྱོད་པ་དང་ལྡན་པ་དང། དགྲ་བཅོམ་བར་གྱུར་པ་སྟེ། འོད་སྲུང་དགེ་སློང་མ་ཉམས་པ་འདྀ་གཉྀས་ཀྱིས་ཞལ་ཏ་བྱ་བར་ངས་བཤད་དོ། །དཀོན་མཆོག་བརྩེགས་པའ་ཆེན་པོའི་མདོ་ལས།། ལས་བྱེད་པའྀ་
l.5r.4: བྱང་ཅུབ་སེམས་དཔའ་འཛམ་བུ་གླྀང་གང་བས་འདྲྀ་ཀློག་བྱེད་པའྀ་བྱང་ཅུབ་སེམས་དཔའ་གཅྀག་གི་གཡོག་བྱ་འོ། །འདྲྀ་ཀློག་བྱེད་པའྀ་བྱང་ཆུབ་སེམས་དཔའ་མཛམ་བུ་གླྀང་གང་བས་སྒོམས་པ་འྀ་བྱང་ཆུབ་སེམས་དཔའ་གཅྀག་གྀ་གཡོག་བྱ་འོ། །དེ་ཅྀ་འི་
l.5r.5: ཕྱྀར་ཞེ་ནའ། ཤིན་དུ་དཀའ་བའྀ་ལས་བྱེད་པའྀ་ཕྱིར་རོ།། །།ཚུལ་གཅྀག་པའྀ་བདོམ་བྀ་(འདོམ་པའི)གནས། །དགེ་བའྀ་བར་ཆད་བྱེད་ཅྀང་རྨ་འབྱྀན་པ་ཇི་ལྟ་བུ་ཞེ་ནའ། །དད་པའི་སྟོབས་བསྐྱེད་པའི་མདོ་ལས།། འཇམ་དཔལ་གང་ལ་ལ་ཞིག་གིས་འཇྀག་རྟེན་གྱྀ་ཁམས་རྣམས་
l.5v.1: ཅད་ཀྱི་རྡུལ་ཕྲ་རབ་སྙེད་ཀྱྀ་སེམས་ཅན་རྣམས་ཀྱྀ་དགེ་བའྀ་རྩ་་བ་བར་ཆད་བྱེད་པ་བས། གང་གཞན་ཞྀག་གྀས་དགེ་བསྙེན་སྟོན་པ་གཞན་ལ་མྱྀ་སྟོན་པ། དགེ་བ་བཅུ་འྀ་ལམ་དང༌། ལྡན་པ་གཅྀག་གི་དགེ་བའྀ་རྩ་བའྀ་བར་ཆད་བྱས་ན། །དེ་ནི་དེ་བས་སྡྀག་ཆེས་གྲངས་མྱེད་དོ། །
l.5v.2: ལ་ལ་ཞྀག་གྀས་འཇྀག་རྟེན་གྱྀ་ཁམས་ཐམས་ཅད་ཀྱྀ་རྡུལ་ཕྲ་རབ་ཀྱྀ་རྡུལ་སྙེད་ཀྱི་དགེ་བསྙེན་རྣམས་ཀྱི་དགེ་བའྀ་རྩ་བའྀ་བར་ཆད་བྱས་པ་བས། གང་གཞན་ཞྀག་གྀས་དགེ་སློང་གཅྀག་གྀ་དགེ་བའྀ་རྩ་བའྀ་བར་ཆད་བྱས་ནའ། དེ་ནི་དེ་བས་སྡྀག་པ་ཆེས་གྲངས་མྱེད་པར་སྐྱེད་དོ། །དེ་ལྟར་
l.5v.3: རྀམས་བཞྀན་དུ་། །དད་པས་རྗེས་སུ་འབྲང་བ་ནས་བྱང་ཅུབ་སེམས་དཔའ་ཉན་ཐོས་ཀྱྀ་རྫུ་འཕྲུལ་ལྟ་བུས་འགྲོ་བ་སྟེ། གང་ལ་ལས་འཇྀག་རྟེན་གྱྀ་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱྀ་རྡུལ་སྙེད་ཀྱི། ཉན་ཏོས་(ཐོས)ཀྱྀ་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་
l.5v.4: ཅུབ་སེམས་དཔའ་རྣམས་ཀྱྀ་དགེ་བའི་རྩ་བའྀ་བར་ཆད་བྱས་པ་བས་གང་གཞན་ཞིག་གྀས། དེ་བཞྀན་གཤེགས་པ་འྀ་རྗུ་འཕྲུལ་ལྟ་བུས་འགྲོ་བའྀ་བྱང་ཅུབ་སེམས་དཔའ་གཅིག་གྀས་དགེ་བའྀ་རྩ་བའྀ་བར་ཆད་བྱས་སམ། ཁྲོས་སམ། བརྙས་པའྀ་
l.5v.5: སེམས་བསྐྱེད་ནའ། དེ་ནི་དེ་བས་སྡྀག་པ་ཆེས་གྲངས་མྱེད་པར་སྐྱེད་དོ། །གང་ལ་ལ་ཞིག་གིས་ཕྱོགས་བཅུ་འྀ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱྀ་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་གྱི་དམྱིག་ཕྱུང་སྟེ། བདོག་པ་ཐམས་ཅད་ཕྲོགས་པ་



(DKR)